དེ་རིང་ནི2026ལོའི་ཟླ04པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཝུའུ་ཡིས་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བ།

2026-04-21 15:04:10   |   60

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་། 


e58976a37e2b671b5a7d334574c1fffa.jpg

ཟླ4པའི་ཚེས20ཉིན་གྱི་སྔ་དྲོར། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིན་ཝུའུ་ཡིས་ཧྲན་ཏུང་ཐོག་ཁང་ཆེན་མོར་ཧྲན་ཏུང་ལ་རྟོག་ཞིབ་ཏུ་སླེབས་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་མཇལ་འཕྲད་གནང་།  

ལིན་ཝུའུ་ཡིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་སླེབས་པར་དགའ་བསུ་ཞུས་ནས་ཧྲན་ཏུང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་། ལིན་ཝུའུ་ཡིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཧྲན་ཏུང་ལ་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ང་ཚོས་ཐོག་མཐའ་བར་གསུམ་དུ་ཁ་གཏད་མཚོ་སྐྱོར་བྱ་བ་དེ་རང་གི་འོས་བབས་བྱ་བ་དང་སྒྲུབ་དགོས་པའི་འགན་འཁྲི་ཞིག་ཏུ་བརྩིས་ནས་རྒྱུན་མཐུད་སྒོས་མཚོ་བྱང་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་དམངས་ཚིས་ཇེ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བས་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། མཚོ་བྱང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་སྔར་ལས་ནུས་ལྡན་གྱི་བྱ་བར་བརྟེན་ནས་རོགས་སྐྲུན་ལས་གཞི་སྣ་ཚོགས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། ཧྲན་ཏུང་དང་མཚོ་བྱང་གཉིས་ཀྱི་ཐོན་ཁུངས་ཕན་ཚུན་གསབ་རེས་དང་ལེགས་ཆ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་ཁ་གཏད་རོགས་སྐྱོར་བྱ་བ་སྔར་ལས་ལེགས་པར་བསྒྲུབ་རྒྱུ་ཡིན་ལ། ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་འཇོན་མིས་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ནས་མཚོ་སྐྱོར་བྱ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་བ་ལེན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།     

 མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཧྥེང་གིས་ཧྲན་ཏུང་གིས་ཐོག་མཐའ་བར་གསུམ་དུ་མཚོ་བྱང་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ཧྲན་ཏུང་གི་སྟོབས་ཆེན་པོའི་རོགས་སྐྱོར་གྱིས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ཅིང་། ཧྲན་ཏུང་གིས་ཐོན་ལས་ལས་གཞི་དང་ཚོང་དོན་ཟོག་འགྲེམས། སློབ་གསོ་སྨན་བཅོས། ལས་བྱེད་འཇོན་མི་སོགས་ཐད་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས་མཚོ་བྱང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཟེར། ཧྲན་ཏུང་ཞིང་ཆེན་གྱི་མགོ་ཁྲིད་ཀྲང་ཧའེ་པོ་དང་ཏན་དབྱི་ཞུགས།


མཉམ་སྤྱོད།