དེ་རིང་ནི2026ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

2026-04-29 16:50:06   |   177

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།   ཞིན་ཧྭ་དྲ་བ།     བཤེར་འབེབས།     རིན་ཆེན་ཚེ་རིང་།


ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ4པའི་ཚེས29ཉིན་འབྱོར་བའི་གློག་འཕྲིན། ཟླ4པའི་ཚེས29ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་བ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོས་རི་ཆུ་སྔོ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་བཞིན་ཡོད་ལ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ནང་ཞུགས་མཁན་དང་ལེགས་སྐྱེས་འབུལ་མཁན། སྣེ་ཁྲིད་པ་བཅས་ཡིན།

ཞི་ཅིན་ཕིང་གིས་ད་ལོ་ནི་ཧྲང་ཧེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ25འཁོར་བའི་ལོ་ཞིག་ཡིན་ལ། ཀྲུང་གོའི“ལོ་ལྔའི་འཆར་གཞི་བཅོ་ལྔ་པ”མགོ་བརྩམས་པའི་ལོ་ཞིག་ཀྱང་ཡིན། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ“ཧྲང་ཧེ་ཡི་སྙིང་སྟོབས”དར་སྤེལ་བཏང་ནས“ཧྲང་ཧེ་མཉམ་ལས་ཀྱི་འགན་འཁྲི་འཁུར་བ”མངོན་པར་བྱེད་པ་དང་། སྲིད་ཇུས་སྦྲེལ་མཐུད་དང་། ཉམས་མྱོང་སྤེལ་རེས། ལས་གཞི་མཉམ་ལས་བཅས་ལ་ཤུགས་སྣོན་རྒྱག་པ། གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་གཙང་ཞིང་མཛེས་སྡུག་ལྡན་པ་དང་། རྒྱུན་མཐུད་བཅས་ཀྱི་འཛམ་གླིང་མཉམ་དུ་སྐྲུན་འདོད་ཡོད་ཅེས་ནན་གྱིས་བསྟན་པ་རེད།

ཐེངས་འདིའི་གླེང་སྟེགས་དེ་ཚེས29ཉིན་ཀྲེ་ཅང་ཉིང་པོར་མགོ་བརྩམས་པ་དང་བརྗོད་དོན་གཙོ་བོ་ནི“གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་མགོ་ལག་ལེན་བསྟར་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ”དེ་ཡིན་པ་དང་། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་མཚེས་མཛའ་གྲོགས་མཉམ་ལས་ཨུ་ལྷན་དང་། སྐྱེ་ཁམས་ཁོར་ཡུག་པུ། ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།


མཉམ་སྤྱོད།