མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས24ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས།

2023-03-20 21:47:21   |   204

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ3པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”སྐབས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། མཚོ་བྱང་ཁུལ་གྱིས་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་བ་བཀོད་སྒྲིག་བྱས་པ་དང་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།    

a.jpg

ཚོགས་ཐོག་ཏུ2023ལོའི་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”ནི་ཏང་ཡོངས་དང་རྒྱལ་ཡོངས་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་དེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་བར་སྐྱོད་པའི་དུས་སྐབས་གལ་ཆེན་ཞིག་ཏུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་ལ་འདེམས་ཤོག་ཆ་ཚང་ཐོབ་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་ལ། འདི་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་བསམ་འདུན་དང་ལོ་རྒྱུས་ཀྱི་གདམ་ག མི་དམངས་ཀྱི་རེ་སྒུག དུས་རབས་ཀྱི་མངག་བཅོལ་གལ་ཆེན་བཅས་ཡིན་པས། བློ་མཐུན་ཞི་ཅིན་ཕིང་ནི་ལོ་རྒྱུས་ཀྱི་ཞིབ་བཤེར་དང་ལག་ལེན་གྱི་ཉམས་སད། འཐབ་རྩོད་ཀྱི་སྦྱོང་བརྡར་བཅས་ཐེབས་པའི་ཏང་གི་སྲོག་ཤིང་དང་མི་དམངས་ཀྱི་གཙོ་འཛིན། དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ་བཅས་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་རེ་བའི་གནས་ས་དང་སྟོབས་ཤུགས་ཀྱི་གནས་ས། རྒྱལ་ཁའི་གནས་ས་བཅས་ཡིན་པ་གང་ལེགས་སྒོས་མངོན་ཡོད། ཚོགས་འདུའི་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕུན་སུམ་ཇེ་ཚོགས་དང་འཐུས་ཇེ་ཚང་དུ་བཏང་བ་ཞིག་ཡིན་པས་ང་ཚོས་བྱ་བ་སོ་སོ་སྔར་ལས་ཡག་པོར་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པར་བསྟན།

b.jpg

ཚོགས་ཐོག་ཏུ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་རྒྱལ་ཡོངས་ཀྱི“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་ཡིག་ཆ་དང་པོའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་སོགས་དང་ཟུང་འབྲེལ་བྱས་ནས། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་བྱེད་སྟངས་རྒྱུན་འཁྱོངས་ཀྱིས་བརྙན་འཕྲིན་དང་ཚགས་པར། དུས་དེབ་སོགས་སྲོལ་རྒྱུན་སྨྱན་སྦྱོར་དང་། སྐད་འཕྲིན་སྤྱི་སྟེགས་དང་སྲིད་གཞུང་གི་གཙོ་རྒྱུག་དྲ་ཚིགས་སོགས་སྨྱན་སྦྱོར་གསར་བ་བེད་སྤྱོད་གང་ལེགས་བྱས་ཏེ་དྲིལ་སྒྲོག་རྒྱ་ཁྱབ་དང་གཏིང་ཟབ་བྱས་ནས་དྲིལ་སྒྲོག་བྱ་བ་སེམས་ལ་ཟུག་པ་དང་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང“ཚོགས་ཆེན་གཉིས”སྐབས་ཀྱི་འཐབ་ཇུས་བཀོད་སྒྲིག་དེ་མཚོ་བྱང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་དགོས། ད་ལོའི་བྱ་བའི་གནས་བབ་གསར་བ་དང་བླང་བྱ་གསར་བ་ཁོང་དུ་ཆུད་པར་བྱེད་པ། སྲིད་གཞུང་བྱ་བའི་སྙན་ཞུ་དང་འཆར་གཞིའི་སྙན་ཞུ། སྔོན་རྩིས་སྙན་ཞུ་དང་། དེ་བཞིན་ཞིང་ཆེན་ཏང་ཨུས“ཚོགས་ཆེན་གཉིས”ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བའི་ཞིབ་ཕྲའི་བླང་བྱ་བཅས་ལ་སློབ་སྦྱོང་དང་ཞིབ་ཀློག་ནན་ཏན་བྱས་ཏེ། ཕྱོགས་ཡོངས་ནས་ཚད་གཞི་དང་རེའུ་མིག་ལ་བསྟུན་པ་དང་། སྲིད་ཇུས་ཁྲོད་ནས་འཕེལ་རྒྱས་ཀྱི་དུས་བབ་གསལ་རྟོགས་དང་འཕེལ་རྒྱས་ཀྱི་གོ་སྐབས་སྟངས་འཛིན་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱོད་པ། ཐོན་ལས་བཀོད་སྒྲིག་ལ་ཞིབ་འཇུག་དང་ཇུས་འགོད་བྱེད་པ། ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆ། འགྲན་རྩོད་ཀྱི་ལེགས་ཆར་དངོས་སུ་སྒྱུར་བ་བཅས་བྱས་ནས་དེ་བས་གཏིང་ཟབ་པ་དང་སྟོབས་ཆེ་བའི་སྒོ་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ་ནན་གྱིས་བསྟན།

c.jpg

ཚོགས་ཐོག་ཏུ་མིག་སྔའི་གཙོ་གནད་བྱ་བར་སྐུལ་འདེད་གཏོང་རྒྱུར་གཅིག་གྱུར་གྱིས་དམ་འཛིན་ལེགས་པོ་བྱས་ནས། དཔྱིད་རྨོད་དཔྱིད་འདེབས་དང་ལས་གཞི་འཛུགས་སྐྲུན། དམངས་འཚོའི་དོན་དངོས། གྲོང་གསེབ་དར་སྤེལ། དཔལ་འབྱོར་སྤེལ་ཤེས་པ་བཅས་དང་དེ་བཞིན་མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི། ནོར་གནག་དང་བོད་ལུག་ཁྲི་ཡི་གསོ་སྤེལ་རྟེན་གཞི། “གཅིག་ཅན་དྲུག”གི་སྐྱེ་ཁམས་ཕྱུགས་ལས་ཀྱི་ལེ་ལག་ཚང་བའི་བཟོ་སྐྲུན་སོགས་ལོ་འཁོར་མོའི་དམིགས་འབེན་ལས་འགན་སོ་སོ་དོན་འཁྱོལ་བྱ་རྒྱུར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ཏེ། རྫོང་སོ་སོས་དུས་དང་བསྟུན་ནས་ཁུལ་ཡོངས་ཀྱི་དཔྱིད་རྨོད་མཛད་སྒོ་དང་ལས་གཞི་གལ་ཆེན་ལས་མགོ་བསྐྱར་ཚུགས་ཀྱི་མཛད་སྒོ་འཚོགས་ནས“དམིགས་འབེན་གཏན་འཁེལ་དང་ལས་གཞི་དམ་འཛིན། འཕེལ་རིམ་མགྱོགས་གཏོང་། ཐོན་སྐྱེད་འགན་ལེན”བཅས་ཀྱི་རྣམ་པ་བཟང་བོ་ཞིག་གཏོད་དགོས། ཞིང་ཆེན་ཐད་གཏོགས་ཐིང་དང་ཅུས། མཐོ་རིམ་སློབ་གྲྭ་བཅས་དབར་བཞག་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་རང་འགུལ་ངང་རྗེས་འདེད་དོན་འཁྱོལ་ཧུར་ཐག་བྱས་ནས་ཐོན་ལས་གཞན་སྒྱུར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་། སྐྱེ་ཁམས་ཡུལ་སྐོར། གྲོང་གསེབ་དར་སྤེལ་སོགས་ཁྱབ་ཁོངས་མང་པོར་དམིགས་ནས་མཉམ་ལས་བརྗེ་རེས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། གཉིས་གཉིས་གཅིག་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་བཟོ་སྐྲུན་དང་མཚོ་བྱང་མགྲོན་ཁང་རིམ་སྤོར་སྒྱུར་བཀོད་སོགས་ལས་གཞིའི་འཕེལ་རིམ་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ཞིང་ཆེན་ཡོངས་ཀྱི་སྨན་ལུམས་དུས་ཆེན་དང་དམངས་ཡོངས་ཀྱི་བདེ་ཐང་ཚོགས་ཆེན་སོགས་ཀྱི་བྱེད་སྒོའི་ལས་འགན་དོན་འཁྱོལ་ལ་འབྲེལ་མཐུད་དང་གྲ་སྒྲིག་ཧུར་ཐག་བྱེད་དགོས། དེང་རབས་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་བོད་ཟས་དང་འཐེན་ཐུག  གཙང་འཁྲུད་བཅས་ཀྱི་ཐོན་ལས་སྔོག་འདོན་དང་སྐྱེད་སྲིང་གཏིང་ཟབ་བྱེད་པ་དང་། ངལ་ནུས་ཕྱིར་གཏོང་དང་མང་ཚོགས་རང་སར་ལས་ཞུགས་བྱེད་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་སྣོན་དགོས། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འགན་ལེན་ལ་ཤུགས་བསྣན་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་ཀྱིས་རུལ་མི་ཕོད་པ་དང་རུལ་མི་ནུས་པ། རུལ་མི་འདོད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་རྒྱུན་མཐུད་ངང་བཅོས་སྒྲིག་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། “1+10”ཡི་ཐོག་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཞི་རིམ་དང་འབྲེལ་བ་བྱེད་པའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་བོ་མུ་མཐུད་གཏོད་དགོས་པའི་བླང་བྱ་བཏོན།

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱུ་དེ་ཚན་རྩལ་བྱ་བའི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་བྱ་བའི་འཆར་འགོད་ལ་ཤུགས་སྣོན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་བཅོས་སྒྱུར་གྱི་བླང་བྱ་ལྟར། ཚན་རྩལ་སྡེ་ཚན་གྱི་སྒྲིག་གཞི་བཅོས་སྒྱུར་གྱི་དུས་མགོའི་བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་རྣམ་བཤད་གལ་ཆེན་གནང་བའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་དགོས་པ་དང་། དགོངས་དོན་གྱི་ངོ་བོ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པ་དང་ཞིབ་འཇུག་བྱང་ཆུད་པ་བྱེད་དགོས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱར་དམིགས་ནས། རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པའི་ལས་འགན་སོ་སོར་ལྟ་སྐུལ་སློབ་སྟོན་དང་དོན་འཁྱོལ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། མཚོ་བྱང་གི་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས། ཞིང་ཆེན་ཕྱི་ནང་གི་ཚན་ཞིབ་ཁང་དང་སོའོ་ཡི“ཐོན་སློབ་ཞིབ་འདེད”བཅས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས་མཚོ་སྔོན་གྱི་རྟ་མཆོག་གྱོ་རྒྱ་དང་ནོར་གནག བོད་ལུག ཤྭ་བ། ལོག་དཀར། ནས་སོགས་སོན་བཟང་མཁོ་སྤྲོད་རྟེན་གཞི་དང་སྡོང་ཕྲུག ཕྱུགས་རྩྭའི་སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས། མཐུན་སྦྱོར་འབྲེལ་སྦྱོར་ལ་ཧུར་ཐག་བྱས་ནས་ཉིང་རྡུལ་མཚོན་ཆ་ཞིབ་བཟོ་རྟེན་གཞི་དང་པོའི་གནའ་ཤུལ་དུ“རྒྱལ་ཁབ་ཀྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྟེན་གཞི”གཏོད་པའི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཧྲན་ཏུང་གི་རོགས་སྐྲུན་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ“ཧྲན་ཏུང་གི་ཤེས་མཛོད”འཛུགས་སྐྲུན་ལ་མུ་མཐུད་དམ་འཛིན་བྱས་ནས་ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་དང་ཤེས་ལྡན་པ་གསོ་སྐྱོང་། རྨང་གཞིའི་སློབ་གསོ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སོགས་ཀྱི་ཐད་ཤེས་སྟོབས་ཀྱི་རྒྱབ་སྐྱོར་དང་ཚན་རྩལ་གྱི་ནུས་པ་དེ་བས་མང་བ་མཁོ་འདོན་བྱེད་དགོས་པ་ནན་གྱིས་བསྟན།

d.jpg

ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་བཙུགས་ནས་ལོ་ངོ90འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང2023ལོའི་དཔྱིད་དུས་ཀྱི་སློབ་མགོ་རྩོམ་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས། ཏང་གི་སློབ་གྲྭའི་རུས་མིང་ལ་ཏང་ཟེར་བ་དེ་སློབ་གྲྭ་སྒྲུབ་གཉེར་གྱི་རྩ་བ་ཡིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཡང་དག་པའི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་ཆབ་སྲིད་ཀྱིས་སློབ་གྲྭ་འཛུགས་པ་དང་། སྤུས་ཚད་ཀྱིས་སློབ་གྲྭ་བསྐྲུན་པ། གཟབ་ནན་གྱིས་སློབ་གྲྭ་སྐྱོང་བ་བཅས་བྱ་རྒྱུ་རྒྱུན་འཁྱོངས་སྒོས་ཏང་གི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་བསྒྱུར་བཀོད་རིམ་སྤར་བྱེད་པར་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ་ཏང་གི་སློབ་གྲྭའི་བྱ་བ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་ཏང་གི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱ་རྒྱུའི་བརྩོན་ལེན་ཧུར་ཐག་བྱས་ནས་མིག་སྔར་གསོ་སྦྱོང་སློབ་མའི་ཉལ་ཁང་མི་འདང་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། རིག་དངོས་སྲུང་སྐྱོབ་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  གཉིས་གཉིས་གཅིག་རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པ་སོགས་རྨང་གཞིའི་སྒྲིག་བཀོད་ཁག་ཅིག་གང་མགྱོགས་ཉམས་གསོ་དང་སྒྱུར་བཀོད་བྱས་ནས་སློབ་མའི་ཉལ་ཁང་དུ་སྤྱོད་ཐུབ་པ་བྱེད་དགོས། གསར་བརྗེའི་ཐོན་ཁུངས་ལེགས་ཆར་བརྟེན་ནས་སྤུས་དག་སློབ་ཚན་གསར་གཏོད་དང་འོས་སྦྱོར་ཤུགས་ཆེན་བྱེད་དགོས་པ་དང་། མགོ་ཁྲིད་ལས་བྱེད་པ་འཆད་ཁྲིད་སྟེགས་བུའི་ཐོག་སྐྱོད་པའི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་ལ། ཞིང་ཆེན་ཐད་གཏོགས་ཐིང་དང་ཅུས། ཁང་གི་གསོ་སྦྱོང་དང་ཚོགས་འདུ་སྣ་ཚོགས་སོགས་མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དུ་གཉེར་རྒྱུའི་བརྩོན་ལེན་ཧུར་ཐག་བྱས་ནས་སྔར་ལས་ལྷག་པའི་སྒོ་ནས་སྙན་གྲགས་རྒྱས་སུ་འཇུག་པ་དང་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས། ཏང་གི་སློབ་གྲྭའི་རྒྱལ་སྲུང་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་གཉིས་གཉིས་གཅིག་རྟེན་གཞིའི་ཡན་ལག་བཟོ་གྲྭ་གསུམ་པའི་གསར་བརྗེའི་ཞིབ་འཇུག་རྟེན་གཞིའི་ནུས་པ་བེད་སྤྱོད་ཡག་པོ་བྱས་ནས་རྒྱལ་སྲུང་སློབ་གསོ་སྟོབས་ཆེར་སྤེལ་དགོས་པ་ནན་གྱིས་བསྟན།

ཚོགས་ཐོག་ཏུ་ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་བྱ་བའི་སྙན་ཞུ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་བྱ་བའི་སྙན་ཞུར་གསན་པར་མ་ཟད། 《2023ལོའི་མཚོ་བྱང་ཁུལ་གྱི་ཚོང་འགུགས་མ་འདྲེན་གྱི་དམིགས་འབེན་ལས་འགན་ཁག་བགོས་ཇུས་གཞི》དང《མཚོ་བྱང་ཁུལ་གྱི་ཐོན་ལས་གསུམ་པ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས》སོགས་ཀྱི་ཡིག་ཆ་དང2023ལོའི་མཚོ་བྱང་ཁུལ་གྱི་དོན་ལས་ལས་ཁུངས་ཀྱི་ལས་སྒྲུབ་མི་སྣའི་ལས་བསྡུའི་འཆར་གཞི། ནད་གཞིའི་རྐྱེན་གྱིས་ལས་འཁྱུར་ངལ་གསོ་བྱེད་པའི་ལས་བཟོ་བའི་ངལ་རྩོལ་ནུས་པའི་ཆོད་སྡོམ། ཁུལ་ཡོངས་ཀྱི་ལུད་རྫས་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་འགུལ་སྐྱོད་ཀྱི་ཁུལ་རིམ་པའི་ལེ་ལག་ཚང་བའི་མ་དངུལ། མཚོ་བྱང་ཁུལ་ལས་བྱེད་ཤེས་ལྡན་མི་སྣའི་ཞབས་ཞུའི་ལྟེ་གནས་ཀྱི་རིམ་པ་དང་པོ་དང་གཉིས་པ་གླ་གཏོང་སོགས་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་དང་ཞིབ་འཇུག་བྱས།


མཉམ་སྤྱོད།