མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-21 08:59:20   |   167

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ས་གནས་དེ་གའི་དུས་ཚོད་ཚེས20ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་མོ་སི་ཁོར་ཕེབས་པ་དང་། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་བ་རེད།

  • ཚེས20ཉིན། མོ་སི་ཁོར་ཕེབས་ནས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲི་གནང་བའི་སྐབས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས《ཨུ་རུ་སུའི་ཚགས་པར》དང་ཨུ་རུ་སུའི་གསར་འགྱུར་ཁང་གི་དྲ་ཚིགས་ཐོག་མགོ་བརྗོད་དུ《འབད་བརྩོན་ཆེན་པོས་མདུན་སྐྱོད་བྱས་ཏེ་ཀྲུང་ཨུའི་མཛའ་གྲོགས་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་དགོས》ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད།

  • 《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》དང《རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཨུས་དོ་དམ་བྱེད་པའི་རྒྱལ་ཁབ་ཅུ་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》ཚེས20ཉིན་ཁྱབ་བསྒྲགས་བྱས་པ་རེད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ(海关总署)ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་འགག་སྒོའི་ཁྲལ་འབབ་མཛོད་འཇུག་བྱེད་ཚད་སྒོར་དུང་ཕྱུར་ཁྲི2.28སླེབས་པ་དང་། འཕར་སྣོན13.6%བྱུང་ཡོད།

  • གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་དང2པར་རང་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་ལས་རིགས་ཀྱི་མངགས་ཐོ་གསར་པ་དང་ལེན་བྱེད་ཚད་ཀྱིས་གོ་ལ་ཧྲིལ་པོའི་ཁྲོམ་རའི་ཐོབ་སྐལ་གྱི62%བཟུང་ཡོད།

  • ཚེས20ཉིན། ཀྲུང་དབྱང་རུལ་སུངས་ངོ་རྒོལ་མཐུན་སྦྱོར་ཚོགས་ཆུང་གི་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་དང་རྒྱལ་མཚམས་སྒྲོལ་བའི་རུལ་སུངས་བཅོས་སྐྱོང་ལས་དོན་གཞུང་དོན་ཁང་གིས་ཚོགས་འདུ་འཚོགས་ནས“གནམ་རྙི2023”བྱ་སྤྱོད་སྤེལ་མགོ་ཚུགས་པ་རེད།

  • ཚེས20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པས་སྐམ་ས་ཆེ་མོ་ཕྱོགས་ཀྱིས་སྐུ་ཞབས་མ་དབྱིང་ཅིའུ་སྐམ་ས་ཆེ་མོར་མེས་པོར་མཆོད་འབུལ་དང་འཚམས་འདྲིར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་དང་།  ཐེ་ཝན་གྱི་ན་གཞོན་སློབ་མའི་སྣེ་ཁྲིད་དེ་སྤེལ་རེས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

  • ཚེས20ཉིན། རང་རྒྱལ་གྱིས་བཟོས་པའི་ཏུན6500དང་སྨི50ཡི་ལྕགས་ལམ་གྱི་རྣོ་ལྕགས་དེ་ཐེན་ཅིན་གྲུ་ཁ་ནས་མེ་འཁོར་བཞག་ནས་ཡོ་རོབ་ཏུ་སྐྱེལ་འདྲེན་བྱེད་མགོ་ཚུགས། འདི་ནི་རང་རྒྱལ་གྱིས་བཟོས་པའི་སྨི50ཡི་ལྕགས་ལམ་གྱི་རྣོ་ལྕགས་ཐོག་མར་ཡོ་རོབ་ཀྱི་ཁྲོམ་རར་ཕྱིར་གཏོང་བྱས་པ་རེད།

  • ཨ་རིས་ཧུང་ཏུའུ་ལ་སི(洪都拉斯)སྲིད་གཞུང་གིས་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཐེ་ཇུས་བྱེད་ཀྱི་ཡོད་པས། ཚེས20ཉིན་ཕྱི་འབྲེལ་པུས་ཨ་རིས་དུས་ལས་ཡོལ་བའི“མོན་ལུའོ་རིང་ལུགས”(门罗主义)ཀྱི་བསམ་བློ་དོར་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་བདག་དབང་ལས་དོན་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་ཞེས་ལན་བརྒྱབ་ཡོད།

སྤྱི་ཚོགས། 

a.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་རླུང་ཆེན(台风)དང་དྲོད་ཚད་ཆག་པ། བྱེ་རླུང་གི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། ཚེས20ཉིན་གྱི་མཚན་མོ་ནས་ཚེས23ཉིན་བར་བྱང་ཕྱོགས་ས་ཁུལ་དུ་དྲོད་ཚད4~6℃དམའ་རུ་འགྲོ་བ་མ་ཟད། ཁྱབ་ཁོངས་ཅུང་ཆེ་བའི་བྱེ་རྡུལ་གནམ་གཤིས་ཡོད་པ་རེད།

  • ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རེས་སྐོར་འདིའི་ཆམ་རིམས་ཀྱི་རྒྱུགས་ཚད་ཆེ་བའི་དུས་ཡུན་དེ་ཞིང་ཆེན་ཁག་གཅིག་ཏུ་མར་ཆག་མགོ་ཚུགས་ཡོད།

  • འབྲི་ཆུའི་ཟུར་གསུམ་གླིང་གི་ལྕགས་ལམ་གྱིས2023ལོའི་དཔྱིད་ཀའི་གནས་སྐོར་སྐྱེལ་འདྲེན་བྱེད་མགོ་ཚུགས་པའི་ཚུན་དུ། ཉིན10ནང་འགྲུལ་པ་མི་ཐེངས་ཁྲི2073.3སྐྱེལ་འདྲེན་བྱས་པ་དང་། དེ2019ལོའི་དུས་མཚུངས་ལས120%འཕར་ཡོད།

  • སོ་འཛུགས་ལས་རིགས་དེ་རིན་གོང་འགྲན་རྩོད་དྲ་ནང་དུ་བཞག་པའི་འབྲས་བུ་ཚེས20ཉིན་ཐོན་པ་དང་། ཐོན་རྫས་དེའི་ནང་ཚུད་པའི་ཆ་སྙོམས་རིན་གོང་སྒོར327ཡིན་པ་རེད།

  • ཉིན་ཤས་གོང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཙི་ཀོང་ཚོགས་པ་ཚད་ཡོད་ཀུང་སིའི་དེ་སྔའི་ཏུང་ཧྲི་ཀྲང་ཀྲའོ་ཝུའེ་གོ་ཡིས་ལས་ཐོག་ཉེས་གསོག་གི་དོགས་ཡོད་གནད་དོན་ལ་གྱོད་དོན་ཐོ་འགོད་བྱས་ནས་བརྟག་དཔྱད་བྱས་པ་རེད།

  • ཀྲུང་གོ་ཚན་རིག་སློབ་ཆེན་གྱི་ཚན་རིག་མཁས་ཅན་གྱིས་བཏོན་པའི་རྣམ་པ་གསར་བའི་ལག་རྩལ་ལམ་ཐིག་གསར་པ་དེས་སྲ་གཟུགས་ཀྱི་ལིས་གློག་རྫས་ཀྱི་མི་མངོན་པའི་ནུས་པ་འདོན་ཐུབ་པ་ཡིན། འབྲེལ་ཡོད་གྲུབ་འབྲས་ཉེ་ཆར་རྒྱལ་སྤྱིའི་རིག་གཞུང་དུས་དེབ་གྲགས་ཅན《རང་བྱུང་དང་འཕྲིན་གཏོང》ཞེས་པའི་ཐོག་སྤེལ་ཡོད།

b.jpg

  • ཡུན་ནན་ཧོ་ཕོ་སུའོ(河泊所遗址)ཡི་གནའ་ཤུལ་ནས་ཐོན་པའི་ཡིག་ཆ་ཁྲི1ལྷག་གི་ཐོག་མའི་ཞིབ་འཇུག་གི་གྲུབ་འབྲས་ལས་མངོན་པ་ལྟར་ན།  ཧན་ནུབ་མའི་ཀྲུང་དབྱང་སྲིད་གཞུང་གིས་ཡུན་ནན་ལ་སྲིད་སྐྱོང་དབང་ཆ་ལག་བསྟར་བྱས་པ་མཚོན་ཡོད།

99.jpg

  • སན་ཡ་མཚོ་དོན་ཅུ(三亚海事局)ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཟླ3ཚེས24ཉིན་གྱི་ཆུ་ཚོད8པ་ནས་ཟླ4ཚེས30ཉིན་གྱི་ཆུ་ཚོད18བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ལ་དམག་དོན་སྦྱོང་བརྡར་བྱས་ནས་མཚོ་འགྲུལ་བྱེད་མི་ཆོག་པ་བྱས་ཡོད།

  • ཧུའུ་པེ་ཆན་ཅང(湖北潜江)སྤྱི་བདེ་ཡིས་ཡུན་ནན་ནས་ཆན་ཅང་བར་གྱི་དུག་རྫས་བགྲོད་ལམ་ཞིག་བཅད་དེ་དུག་འཐེན་མཁན106འཛིན་བཟུང་བྱས་པ་རེད།

c.jpg

  • ཧོ་ནན་ཀྲུང་མུའུ་གྲོང་ཚོའི(河南中牟村)ལས་བྱེད་པ་ལིའུ་ཧུང་ཐའོ་ཡིས་ལས་ཞོར་དུས་ཚོད་སྤྱད་དེ་བརྙན་ཐུང4000ལྷག་ཙམ་ཁྱབ་བསྒྲགས་བྱས་ཤིང་། གཉེན་འཚོལ་ཟིན་བྲིས6བྲིས་ཏེ། ཁྱིམ་ཚང་བརྒྱ་གྲངས་ལྷག་ལ་རོགས་རམ་བྱས་ནས་མཉམ་འཛོམས་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

སྲིད་ཇུས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས《བརྡ་ཁྱབ་བལྟོས་མེད་ཅན་གྱི་སྐད་བརྡ་ཁྲིམས་འཛིན་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་པ་དང་། “ཆེས་མཐོ་ཤོས”དང“ཆེས་ལེགས་ཤོས”སོགས་ཐ་སྙད་སྤྱོད་ཚུལ་ཞིབ་ཕྲ་བཟོས་ནས“གཅིག་དཔེ་བརྒྱ་འགེབས་”རྣམ་པའི་ཁྲིམས་འཛིན་མི་ཡོང་བ་བྱས་ཡོད།

  • ཧུའུ་ནན(湖南)གྱིས་གསལ་ཐོ་བཏོན་ནས་སློབ་མའི་རོགས་སྐྱོར་ལས་དོན་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། “རེས་མོས་ངང་ལོངས་སྤྱོད་བྱེད་པ(轮流坐庄)”སོགས་ཀྱི་བྱེད་ཐབས་སྤྱད་དེ་རོགས་སྐྱོར་བྱ་ཡུལ་གཏན་འཁེལ་བྱ་རྒྱུ་གཏན་འགོག་བྱེད་པ་དང་། སློབ་མའི་རོགས་སྐྱོར་མ་དངུལ་བཀག་ཉར་དང་གཡོ་ལེན་བྱ་རྒྱུ་གཏན་འགོག་བྱས་ཡོད།

  • ཧང་ཀྲོའུ་ཡིས་བརྡ་ཁྱབ་བཏང་ནས་རླངས་འཁོར་ཀྱི་ཨང་རྟགས་ཐེངས72ཡན་རེ་ཞུ་བྱས་ཀྱང་མ་ཐོབ་པ་དང་། ཆ་རྐྱེན་དང་མཐུན་པའི་ཤེས་ལྡན་མི་སྣ། ཕྲུ་གུ་མང་བའི་ཁྱིམ་ཚང་སོགས་མི་སྒེར་དང་དེ་བཞིན་གཙོ་གནད་ཁེ་ལས་ཀྱིས་ཐད་ཀར་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་དམིགས་ཚད་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས།  བོད་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད། མཚོ་སྔོན་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བ་འབབ་པ་དང་། ཨན་ཧུའེ་ལྷོ་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད། ཀྲེ་ཅང་གི་ས་ཆ་མང་ཆེ་བ། ཁྲུང་ཆིང་གི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་། ཧུའུ་ནན་བྱང་རྒྱུད་དང་ཅང་ཞིའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་ཡོད།

d.jpg

  • ཞུ་གཏུག  དེ་རིང་ནས་བཟུང་བཟོ་འཕྲིན་པུའུ་ཡི“12381སྤྱི་པའི་ཞབས་ཞུའི་ཁ་པར་ལས་སྟེགས”ཀྱིས་སྐུད་མེད་གློག་གི་འགལ་རྐྱེན་ཞུ་གཏུག་བདག་སྤྲོད་ཞབས་ཞུ་ཤར་གཏོང་བྱས་ཡོད།

  • ཐེན་ཅིན། དྭངས་གསལ་དུས་ཚིགས་ཀྱི་དུར་མཆོད་བྱེད་རིང་། གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་ཚོགས་པས་དྭངས་གསལ་དུས་ཚིགས་ཀྱི་གཏན་འཁེལ་ཆེད་སྤྱོད་ལམ་ཐིག15བཏོད་ཡོད། “ཐེན་ཅིན་སྤྱི་སྤྱོད་རླངས་འཁོར”Appདྲ་ཐོག་ནས་སྤ་སེ་སྔོན་མངགས་བྱེད་ཆོག་པ་ཡིན།


མཉམ་སྤྱོད།