དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2026ལོའི་འཛམ་གླིང་བུམ་པའི་འགྲན་སྡུར་སྒྲིག་སྲོལ་གཏན་འཁེལ་བྱས།

2023-03-21 09:07:14   |   219

     རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


   སྤྱི་ཚེས14ཉིན།  རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རུ་ཝང་ཏར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་སྤྱི་ལོ2026ལོའི་སྐྱེས་པའི་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་སྒྲིག་སྲོལ་གཏན་འཁེལ་བྱས་པ་དང་། དུས་མཚུངས་སུ་མཐའ་བསྡུར་དེ་སྤྱི་ལོ2026ལོའི་ཟླ7པའི་ཚེས19ཉིན་སྤེལ་རྒྱུ་ཁྱབ་བསྒྲགས་བྱས་འདུག

1.png

    སྤྱི་ལོ2026ལོར་ཨ་རི་དང་ཁ་ན་ཏ། མོ་ཞི་ཁོ་ཡི་སྐྱེས་པའི་རྐང་རྩེད་སྤོ་ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་རུ་ཁག48ཞུགས་རྒྱུ་ཡིན་པ་དང་། སྐབས་འདིའི་འཛམ་གླིང་བུམ་པའི་འགྲན་བསྡུར་ནང་རུ་ཁག48དེ་ཚོགས་ཆུང12ལ་དབྱེ་བ་དང་། ཚོགས་ཆུང་རེར་རུ་ཁག4ཡོད་ཅིང་། ཚོགས་ཆུང་རེ་རེའི་ཨང་དང་པོ་དང་། ཨང་གཉིས་པ། གྲུབ་འབྲས་ཡག་ཤོས་ཀྱི་ཨང་གསུམ་པ་བརྒྱད་བཅས་རེས་སྐོར་རྗེས་མའི་རུ་ཁག32ཀྱི་འགྲན་བསྡུར་ནང་ཞུགས་ཆོག 

   མིག་སྔར་གཏན་འཁེལ་བྱས་པའི་འགྲན་བསྡུར་སྒྲིག་སྲོལ་ལྟར་ན། སྤྱི་ལོ2026ལོའི་འཛམ་གླིང་བུམ་པའི་འགྲན་བསྡུར་གྱི་སྤྱིའི་ཐེངས་གྲངས104ཟིན་རྒྱུ་དང་། མཐའ་བསྡུར་གྱི་དུས་ཚོད་ནི་སྤྱི་ཟླ7པའི་ཚེས19ཉིན་ཡིན།  སྤྱི་ལོ2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་འགྲན་བསྡུར་དང་བསྡུར་ན་འགྲན་བསྡུར་ཐེངས་གྲངས40མང་དུ་ཕྱིན་ཡོད། 

   གཞན་ཡང་། ཐེངས་འདིའི་ཚོགས་འདུའི་ཐོག་ད་དུང་ལུས་རྩལ་པའི་འགན་སྲུང་དང་། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྲོ་སྐྱིད་ཁང་འཛམ་གླིང་བུམ་པའི་འགྲན་བསྡུར། སྤོ་ལོ་བ་ཚོགས་སྒྱུར་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས་པ་དང་འབྲེལ་གཏན་འབེབས་རབ་དང་རིམ་པ་བྱས་ཡོད། ཐེངས་འདིའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ནི་འཚོག་ཉེར་ཡོད་པའི་སྐབས73པའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་ཚོགས་ཆེན་ལ་གྲ་སྒྲིག་བྱས་པ་ཞིག་རེད། 


མཉམ་སྤྱོད།