དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་བྱ་བའི་ཆེད་དོན་ཚོགས་འདུ་འཚོགས།

2023-03-22 16:47:08   |   144

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


   ཟླ3པའི་ཚེས21ཉིན།  མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་བྱ་བའི་ཆེད་དོན་ཚོགས་འདུ་འཚོགས་ལ། ཞིང་ཆེན་གྱི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། མཚོ་བྱང་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་བྱ་བའི་འབྲེལ་ཡོད་བྱ་ཐབས་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་སླེབས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།

1.jpg

   ཤ་བོ་སྐྱབས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་དང་མཚོ་སྔོན་གྱི“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། རྨང་གཞི་བརྟན་གཏོང་དང་འགུལ་ནུས་འཕེལ་བ།  འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས་འཕེལ་རྒྱས་ཀྱི་ཇུས་ཆེན་དང་དམངས་འཚོའི་དོན་ཆེན་ལ་འབྲེལ་བ་ཡོད། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ་བསམ་བློའི་ངོས་འཛིན་སྔར་ལས་མཐོ་རུ་གཏོང་བ་དང་། འགན་ཁུར་འཁུར་ཤུགས་ཆེ་རུ་གཏོང་བ། མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུ་གཉིས་ཟུང་འབྲེལ་དམ་ཟབ་བཅས་བྱས་ཏེ། མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་བྱ་བའི་ཁྲོད་དཔེ་སྟོན་དང་ཚད་གཞི་ཞིག་ཆགས་པར་བྱས་ནས་ཞིང་ཆེན་ཡོངས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་ཆེད་མཚོ་བྱང་གི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་རྒྱུའི་བརྩོན་ལེན་བྱ་དགོས་པར་བསྟན།

2.jpg

   ཤ་བོ་སྐྱབས་ཀྱིས་གོ་སྐབས་དམ་འཛིན་དང་རང་འགུལ་ངང་ལས་གནས་སུ་བསྐྱོད་དེ་ཚན་རིག་དང་མཐུན་པའི་ཆེད་དོན་འཆར་འགོད་བཟོ་བའི་ཐད་ཤུགས་རྒྱག་དགོས་པ་དང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཏོད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་ནང་གི་མཚོ་བྱང་ཁུལ་དང་འབྲེལ་བའི་ཆེད་དོན་འཆར་འགོད་སོ་སོ་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་སྤྱིའི་འཆར་འགོད་མ་ལག་ནང་འཇུག་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ6གི་སྤུས་ཚད་མཐོར་གཏོང་རིམ་སྤོར་འཆར་འགོད་ལུགས་མཐུན་ངང་བཟོས་ཏེ། མཚོ་སྐོར་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་སྦྲེལ་མཐུད་ཡག་པོ་དང་ལག་བསྟར་ཡག་པོ་བྱ་དགོས། གྲོང་ཁྱེར་དང་གྲོང་རྡལ་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་བཏང་ནས་མདའ་བཞི་རྫོང(ནུབ་མཚོ་གྲོང་རྡལ)གི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གྱི་མིང་ཐོ་རེ་ཞུ་ཧུར་ཐག་བྱས་ཏེ། སྲུང་སྐྱོབ་ཀྱི་རིན་ཐང་ལྡན་པའི་སྲོལ་རྒྱུན་སྡེ་བ་སྔོག་འདོན་བྱས་ནས་རྒྱལ་ཡོངས་ཀྱི་སྲོལ་རྒྱུན་སྡེ་བ་ཁག་བདུན་པའམ་ཡང་ན་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་སྡེ་བ་ཁག་བཞི་བའི་མིང་གཞུང་ནང་རེ་ཞུ་བྱེད་དགོས། ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཁྲིམས་འཛིན་ནན་མོ་བྱས་ཏེ། ཟང་ཟིང་རྣམ་པ་བཅོས་སྒྲིག་གི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བའི་ཐད་ཤུགས་རྒྱག་དགོས། ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་ལས་འགན་ལས་བགོས་ལ་ནན་མོར་གཞིགས་ནས་མཚོ་སྔོན་པོའི་བྱང་ངོགས་ཀྱི་མཛེས་ལྗོངས་ཁུལ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཁོངས་གཏོགས་ཁུལ་གྱི་དོ་དམ་འགན་འཁྲི་དང་འགན་འཁུར་བ་དང་པོའི་འགན་འཁྲི་ནན་དུ་གཏོང་དགོས། ཡུལ་སྐོར་ཁྲོམ་རར་སྐོར་ཞིབ་ཞིབ་བཤེར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས། དོ་དམ་གྱི་ཞན་ཆ་མེད་པར་བཟོས་ཏེ་མཐའ་འཁོར་གྱི་རོང་འབྲོག་པ་དང་ཡུལ་སྐོར་བས་ཡུལ་སྐོར་ཁྲོམ་རའི་རྒྱུན་གཏན་སྒྲིག་ལམ་རང་འགུལ་ངང་བརྩི་སྲུང་དང་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ནས་ཡུལ་སྐོར་ཁྲོམ་ར་བཅོས་སྒྲིག་གི་ཕན་འབྲས་སྲ་བརྟན་ཡག་པོ་གཏོང་དགོས། དྲིལ་སྒྲོག་ལ་ཤུགས་སྣོན་དང་ཞབས་ཞུ་ཇེ་ལེགས་སུ་བཏང་ནས། ཡུལ་སྐོར་ཁོར་ཡུག་ཇེ་ལེགས་སུ་གཏོང་རྒྱུའི་ཐད་ཤུགས་རྒྱག་དགོས། “དག་སྣང་མཚོ་བྱང”སོགས་ཀྱི་ཆས་རྟགས་དྲིལ་སྒྲོག་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྨང་གཞིར་གྱུར་པའི་གསེར་དངུལ་ཐང-རྡུལ་ཕྲན་མཁར-མཐོན་པོ་སྒང་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་མགྱོགས་མྱུར་གཏོད་དགོས། མཚོ་བྱང་གི་གསར་བརྗེའི་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར་གྱི་བཀྲག་མདངས་འཚེར་སའི་ཁྱད་ཆོས་སྔར་བས་མངོན་པར་བྱེད་དགོས། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་ཚད་གཞི་ལྟར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞབས་ཞུའི་སྒྲིག་བཀོད་ཆ་འགྲིག་མཐོར་འདེགས་དང་འཐུས་ཚང་དུ་གཏོང་དགོས། མཚོ་སྐོར་བྱང་ངོགས་ཀྱི་མཛེས་ལྗོངས་ཁུལ་དང་ཡུལ་སྐོར་ལམ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། ཡུལ་སྐོར་གསང་སྤྱོད་དང་སྐྱེ་ཁམས་རླངས་འཁོར་འཇོག་ས་འཛུགས་སྐྲུན། སྐྱེ་ཁམས་ལྗོངས་གཟིགས་ལས་སྟེགས་དང་ལྗོངས་གཟིགས་བགྲོད་ལམ་གསར་སྒྱུར་སོགས་ཀྱི་གཙོ་གནད་བྱ་བར་ཁྱོན་ཡོངས་ནས་དོན་འཁྱོལ་ཡག་པོ་བྱ་དགོས། ཡུལ་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། སྐྱེ་ཁམས་སློབ་གསོ་དང་རང་བྱུང་ཉམས་ལེན། ཁམས་གསོ་སྤྲོ་གསེང་། གངས་འཁྱག་ཡུལ་སྐོར། རིག་གནས་གསར་གཏོད་སོགས་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱས་ཏེ། ཚོང་རའི་ཤུགས་རྐྱེན་ཐེབས་ཤུགས་དང་འགྲན་རྩོད་ནུས་པ་རྒྱ་ཁྱབ་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་ཐོན་ལས་མ་ལག་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན།

3.jpg

   ཀྲང་ཧྲིང་ཡོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་བྱ་བར་སྐུལ་འདེད་གཏོང་རྒྱུ་ནི་མ་ལག་ལྡན་པའི་བཟོ་སྐྲུན་ཞིག་ཡིན་པས། ལས་རྣམ་མང་བོ་དང་ལྷུ་ཚིགས་མང་པོ། གཙོ་གཞི་མང་བོ། ཁྱབ་ཁོངས་མང་བོ་དང་འབྲེལ་བ་ཡོད་པས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྐར་ཁུང་དུས་དམ་འཛིན་བྱས་ཏེ་འབྲེལ་གཏུག་འབྲེལ་སྦྱོར་དང་བྱ་བར་གཞོགས་འདེགས་དམ་ཟབ་བྱས་ནས་སྔར་ལས་ལྷག་པའི་བྱ་བའི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ་དང་། ལྷག་པའི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ཏེ་དུས་ཚོད་ཀྱི་འཕེལ་རིམ་བླང་བྱ་ལྟར་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་བྱ་བའི་དམིགས་འབེན་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།   

   གཡུ་སྒྲོན་མཚོ་དང་། ཝང་ཡུང་ཁྲང་། ཝང་ཀྲུང་དབྱི། ཨ་ཁྱུང་། དབྱིན་མོ་ཝུན། མ་རུའུ་ཞང་སོགས་ཁུལ་རིམ་པའི་མགོ་ཁྲིད་དང་འབྲེལ་ཡོད་ཁུལ་ཐད་གཏོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།       


མཉམ་སྤྱོད།