དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-23 09:37:48   |   192

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས22ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ལ་རྒྱལ་དོན་འཚམས་འདྲི་གནང་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད།

  • ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་ལ་ཝེ་དང་མོ་ཙམ་པི་ཁེར་ཚ་ཁུལ་གྱི་རླུང་འཁྱིལ་གནོད་འཚེ་ཕོག་པའི་ཐད། མ་ལ་ཝེ་ཡི་ཙུང་ཐུང་ཁྲ་ཁེ་ཝུའེ་ལ་དང་མོ་ཙམ་པི་ཁེའི་ཙུང་ཐུང་ཉིའུ་ཤིས་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

  • ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་དོན་ཐིང་གིས་གསར་དུ་བཟོ་བཅོས་བརྒྱབ་པའི《བཟའ་བཅའི་བདེ་འཇགས་ལས་དོན་གྱི་དཔྱད་མོལ་དཔྱད་ཞིབ་བྱེད་ཐབས》པར་འགྲེམས་བྱས།

  • ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་རང་བྱུང་ཐོན་ཁུངས་པུས་ཞིང་སའི་ཁྲིམས་འཛིན་ཞིབ་བཤེར་ཐག་གཅོད་ཁྱབ་ཁོངས་ཀྱི་སྲིད་འཛིན་ཞུ་གཏུག་མིན་པའི་ལག་བསྟར་ལྟ་སྐུལ་གྱི་དཔེ་མཚོན་གྱོད་གཞི་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས།

  • རྒྱལ་ཁབ་ནུས་རྒྱུ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1ནས2འི་བར་རྒྱལ་ཡོངས་ཀྱི་ཉི་ནུས་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར4.1ཙམ་ཟིན་པ་དང་། དེ་དུས་མཚུངས་ལས30.8%འཕར་ཡོད།

  • དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་པ་ལྟར་ན། 2022ལོ་ཧྲིལ་པོར་རང་རྒྱལ་གྱི་དབུལ་སྒྲོལ་མི་འབོར་གྱི་འབོར་ཉུང་ཡིད་རྟོན་དངུལ་བུན་རིམ་རྩིས་བྱས་ན་སྒོར་དུང་ཕྱུར933.5བཏང་བ་དང་། དེ་དུས་མཚུངས་ལས24%འཕར་ཡོད།

  • ཀོང་ཏུང་དང་། ཤང་ཀང་། ཨོ་མོན་བཅས་ཀྱི་སྡོམ་རྩིས་སྡེ་ཚན་གྱིས་ཉིན་ཤས་གོང་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2022ལོར་ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་དཔལ་འབྱོར་སྡོམ་འབོར་དམངས་སྒོར་དུང་ཕྱུར་ཁྲི13ལས་བརྒལ་ཡོད་པ་རེད།

a.jpg

  • ཚེས22ཉིན། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་མྱུར་གྲུ་ཨང་དང་པོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཐེན་མུའུ་ཨང་དང་པོའི་གནམ་གཤིས་སྲུང་སྐར03-06བར་སྣང་དུ་འཕེན་གཏོང་བྱས་པ་རེད།

b.jpg

  • ཨ་རིའི་དཔོན་རིགས་ཀྱིས་ཡུག་རེན་གྱི་གནད་དོན་ཐད་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ཐད་གཏམ་བཤད་སྤེལ་སྐབས། ངའི་ཕྱི་འབྲེལ་པུས་ཨ་ལན་བསློགས་ནས་ཨ་རི་ཕྱོགས་ལ་ཡུག་རེན་གྱི་གནད་དོན་ཐད་རང་ཉིད་ཀྱིས་བཏོན་པའི་ནུས་པར་ཞིབ་བཤེར་བྱས་ཏེ། ནོར་འཁྲུལ་གྱི་བྱེད་སྤྱོད་ཡོ་བསྲང་བྱེད་དགོས་པའི་ཁ་ཏ་བྱས་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་བྱེ་རླུང་གི་སྔོན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང་། ནང་སོག་དང་། ཧེ་ལུང་ཅང་། ཧོ་པེ། ཧྲན་ཏུང་བཅས་ཀྱི་ས་ཁུལ་དུ་བྱེ་རླུང་འཚུབ་ཡོད།

  • ཉེ་ཆར། ཧྲན་ཤིས་ཅིན་ཁྲེང་དང་ནང་སོག་པའོ་ཐུག་སོགས་གྲོང་ཁྱེར19ཁག་དང་པོའི་ས་ཁོངས་ཀྱི་བསྐྱར་སྐྱེས་ཆུའི་འཁོར་རྒྱུག་བེད་སྤྱོད་ཚོད་ལྟའི་ནང་བཅུག་ཡོད།

  • ཉེ་ཆར། ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་དངོས་མང་བཤམས་སྟོན་སྐབས་གསུམ་པའི་ནང་འདྲེན་འགྲེམས་དངོས་ཁག་དང་པོ་བདེ་བླག་ངང་འགག་སྒྲོལ་བྱས་པ་དང་། དངོས་ཟོག་གི་རིན་ཐང་ཨ་སྒོར་ཁྲི14.9ཟིན་ཡོད།

  • རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས་21ཉིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། འགྲན་དུས་རྗེས་མའི་འཛམ་གླིང་སྣ་མང་དར་ཤུད་འགྲན་བསྡུར་གྱི་མཐའ་བསྡུར་དེ་ད་ལོའི་ཟླ12ཚེས7ནས10ཉིན་བར་པེ་ཅིང་དུ་སྤེལ་རྒྱུ་རེད།

  • ཚེས22ཉིན། རྒྱལ་ཡོངས་ཀྱི་དཔྱིད་ཀའི་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་སྟེང་། ཀྲང་ཡུས་ཅ་ཡིས་བུད་མེད་ཀྱི་སྨི100ཡི་ཕྱེ་ལེབ་ཆུ་རྐྱལ་གྱི་གསེར་གྱི་རྟགས་མ་བླངས་པ་དང་། ཝང་ཧྲུན་གྱིས་སྐྱེས་པའི་སྨི་200ཡི་རང་མོས་ཆུ་རྐྱལ་གྱི་གསེར་གྱི་རྟགས་མ་བླངས།

  • ཚེས22ཉིན། ཀྲུང་གོ་ཉིང་རྡུལ་ཚོགས་པའི་ཉིང་རྡུལ་གློག་ཁང་གི་འཕྲུལ་ཚན་ཨང་བཞི་པའི་འགྱུར་འབྱུང་ཕུང(反应堆)གི་བཟོ་ཁང་འཛུགས་སྐྲུན་བྱེད་མགོ་ཚུགས་པ་རེད།  དེ་ནི་རང་རྒྱལ་གྱིས་ད་ལོ་ལས་མགོ་བཙུགས་པའི་ཉིང་རྡུལ་གློག་གི་འཕྲུལ་ཚན་དང་པོ་རེད།

  • ནན་ཧྭ་སློབ་ཆེན་གྱིས་ཧོ་ཆེ་གེ་མོས་དཀྲོག་གཏམ་བཟོས་པའི་རྐྱེན་གྱིས་ཕྱིར་འབུད་བྱས་པ་དང་། ཀྲུང་གོ་ཚན་རིག་སློབ་ཆེན་གྱིས་ཚེས22ཉིན་སྤྱི་བསྒྲགས་སྤེལ་ནས་ཧོ་ཆེ་གེ་མོ་ལ་སློབ་བསྡུའི་ཐོབ་ཐང་མེད་པ་བཟོས་པ་རེད།

  • ཚེས22ཉིན། “སན་ཡའི་གླ་གཏོང་རླངས་འཁོར”གྱི་དོན་རྐྱེན་ཐག་གཅོད་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་། ཝང་ཆེ་གེ་མོ་དང་ཡོན་ཆེ་གེ་མོ། ཧང་ཆེ་གེ་མོ་སོགས་མི6གིས་བསྙད་འདོགས་རྒྱུ་ལེན་གྱི་ཉེས་པ་བསགས་པའི་རྐྱེན་གྱིས་ཉེས་དོན་བཀག་ཉར་བྱས་པ་རེད།

  • ཉེ་ཆར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་མགོ་དཀར140ལྷག་ཐེན་ཅིན་གྱི་ཆི་ལི་མཚོར་ཐོན་ནས་ཐེན་ཅིན་གྱི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

c.gif

  • ཀྲེ་ཅང་ལི་ཧྲུའེ་ཡི་རླངས་འཁོར་ཞིག་གློ་བུར་དུ་ཕྱིར་བསྐྱོད(倒溜)བྱས། གཞོགས་འདེགས་ཉེན་རྟོག་པ་ཀྲེང་ཀྲེན་ལི་ཡིས་མྱུར་དུ་འགྲམ་གྱི་བྱིས་པ་གསུམ་བློ་ཐག་ཆོད་པོས་གནོད་འཚེ་མི་ཕོག་པར་སྲུང་སྐྱོང་བྱས།

སྲིད་ཇུས།

  • པེ་ཅིང་གིས་ཇུས་གཞི་ཁྱབ་བསྒྲགས་བྱས་དོན།  འགྲུལ་སྐྱེལ་རླངས་འཁོར་དེ་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་བརྗེ་སྒྱུར་བྱེད་པའི་ཁ་གསབ་ཚད་གཞི་མཐོ་ཤོས་སྒོར་ཁྲི1ཡིན་པ་རེད།

  • ཐེན་ཅིན་གྱིས་བརྡ་ཐོ་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་གཞུང་བཙུགས་སྨན་བཅོས་སྒྲིག་གཞིའི་རྒྱུན་གཏན་གྱི་སོ་འདེབས་འཛུགས་སྨན་བཅོས་ཞབས་ཞུའི་རིན་གོང་གི་བརྒྱུད་རིམ་ཧྲིལ་པོའི་སྙོམས་སྒྲིག་དམིགས་ཚད་སྒོར4317གཏན་འཁེལ་བྱས་པ་རེད།

  • ཀོང་ཏུང་གིས་ཡིག་ཆ་པར་འགྲེམས་བྱས་ནས། ཆ་རྐྱེན་འཛོམས་པའི་བུ་བཅོལ་ཁང་གིས་ལོ་གཉིས་ནས་གསུམ་བར་གྱི་བྱིས་པ་བསྡུ་བར་སྐུལ་ལྕག་དང་རྒྱབ་སྐྱོར་བྱས།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད།  ཧྲན་ཞིའི་ལྷོ་ནུབ་རྒྱུད་དང་། ཧུའུ་ནན་གྱི་དབུས་ལྷོ་རྒྱུད། ཅང་ཞིའི་དབུས་ལྷོ་རྒྱུད། ཀྲེ་ཅང་ལྷོ་རྒྱུད། ཧྥུ་ཅན་གྱི་ས་ཆ་མང་ཆེ་བར་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། 

d.jpg

  • དྲན་རྟེན་སྒོར་མོ(纪念币)། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ4ཚེས7ཉིན་ཧོང་ཧྲན་གྱི་དྲན་རྟེན་དངུལ་ལོར་དཀྱུས་མ་དང་། གླང་ཆེན་འགྱིང་རི། ལེ་ཧྲན་སྟོན་པ་ཆེན་པོའི་དྲན་རྟེན་དངུལ་ལོར་དཀྱུས་མ་རེ་འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།

  •  ཧེ་ལུང་ཅང་། བྱ་གཞག་ཚན་པས་ཡོངས་བསྒྲགས་གདན་ཞུའི་ཡིག་རྒྱུགས་མཉམ་འབྲེལ་རྒྱུགས་ལེན་བྱེད་མགོ་ཚུགས་པ་དང་། ཚེས་24ནས་ཚེས28ཉིན་བར་མིང་ཐོ་འགོད་རྒྱུ་རེད།


མཉམ་སྤྱོད།