དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་སྐྱིད་སྨོན་ཡུལ་ཚོས་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གི་ཆེད་དོན་བྱ་འགུལ་སྤེལ།

2023-03-23 14:42:22   |   347

     རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


   ཉེ་ཆར། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་སྐྱིད་སྨོན་ཡུལ་ཚོ་རུ་རྟོག་ཞིབ་གནང་སྐབས་ཀྱི་བསམ་བློའི་མཛུབ་སྟོན་ལྟར་དུ།  སྐྱིད་སྨོན་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་ནུས་ཤུགས་གཅིག་བསྡུ་དང་ཞན་ཆ་ཁ་གསབ།  གཙོ་གནད་འབུར་ཐོན་བཅས་ཀྱི་ཐབས་ཤེས་སྤྱད་དེ་སྡེ་བ་ལྔ་ཡི་ཏང་ཀྲུ་པུའུ་རྩ་འཛུགས་ཀྱིས་མུ་རུ་སྤྱང་ཚང་དུ་སོང་ནས“ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་དང་སྐྱེ་ཁམས་སྲུང་སྐྱོང་ང་ཡིས་འཛིན་ཞེས་པ”བརྗོད་དོན་ཡིན་པའི་ཏང་གི་ཉིན་མོའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་བྱ་འགུལ་སྤེལ། 

1.png

  མུ་རུ་གཏེར་ཁུལ(སྤྱང་ཚང་དོང་ཁ་དང་པོ)ནི་མདོ་ལ་རིང་མོའི་ལྷོ་ངོས་ཀྱི་མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱེད་སའི་གཡུལ་ས་གཙོ་གྲས་ཡིན་ལ། སྐྱིད་སྨོན་ཡུལ་ཚོས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཅིངས་ནས། མུ་རུ་གཏེར་ཁུལ(སྤྱང་ཚང་དོང་ཁ་དང་པོ)སྐྱིད་སྨོན་དོ་དམ་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་དང་དུས་མཇུག་གི་དོ་དམ་སྲུང་སྐྱོང་ལས་དོན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ཞིང་།  དོ་དམ་སྲུང་སྐྱོང་ཁུལ་གྱི་ཁོར་ཡུག་ལེགས་བཅོས་ལས་དོན་ལ་གྲུབ་འབྲས་གལ་ཆེན་བླངས།

6.jpg

  ཐེངས་འདིའི་ཏང་གི་ཉིན་མོའི་ཁོར་ཡུག་སྲུང་སྐྱོང་བྱ་འགུལ་ནང་། ཡུལ་ཚོ་ཡོངས་ཀྱི་ལས་བྱེད་དང་ལས་བཟོ་པ། ཏང་ཡོན། སྡེ་བ་རིམ་པའི་གཙང་སྦྲ་པ། སྐྱེ་ཁམས་སྲུང་སྐྱོང་བ་བཅས་མི60ལྷག་ཞུགས་ནས་ལྗང་བསྒྱུར་ཁུལ་གྱི་ས་ངོས་ཀྱི་གད་སྙིགས་དང་། བཟོ་གྲྭའི་མཐའ་འཁོར་གྱི་འཚོ་བའི་གད་སྙིགས། གཞུང་ལམ་འགྲམ་དུ་ཡོད་པའི་གད་སྙིགས་བཅས་གཙང་སེལ་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་གི་ལས་དོན་དེ་ཡུལ་ཚོའི་ལས་བྱེད་པ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། མང་ཚོགས་ཀྱི་དུས་རྒྱུན་གྱི་འགན་ཁུར་དང་བྱ་སྤྱོད་ཅིག་ཏུ་འགྱུར་བར་སྐུལ་འདེད་བཏང་།

7.png



མཉམ་སྤྱོད།