དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-24 08:02:34   |   210

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི《ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་དུ་བསྐྱོད་པ་ཅེས་པའི་ཀྲུང་གོ་གུང་ཁྲན་ཏང་དང་འཛམ་གླིང་སྲིད་ཏང་གི་མཐོ་རིམ་སྐད་ཆ་ཤོད་རེས་ཀྱི་ཚོགས་འདུའི་ཐོག་གནང་བའི་བརྗོད་དོན་གསུང་བཤད》ཀྱི་དེབ་རྐྱང་པ་དེ།  མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དེ་རིང་ནས་བཟུང་ཞིན་ཧྭ་དཔེ་ཁང་དུ་འགྲེམས་སྤེལ་བྱས་ཡོད། 

  • ཉེ་ཆར།  ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ད་ལོའི་ཟླ1པོ་ནས2པའི་བར་རྒྱལ་ཡོངས་ཀྱི་བཟའ་བཏུང་ཡོང་འབབ་དུས་མཚུངས་ལས9.2%འཕར་སྣོན་བྱས་ཡོད།  བཟའ་བཏུང་འཛད་སྤྱོད་དེ་མགྱོགས་མྱུར་ངང་གོང་འཕར་བྱུང་ཡོད།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རང་རྒྱལ་གྱི་མཐོ་རིམ་སློབ་གསོའི་སློབ་གྲྭར་ཡོད་པའི་སྤྱིའི་གཞི་ཁྱོན་མི་ཁྲི་4655ཡོད།

  • ཆུ་བེད་པུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན།  རྒྱལ་ཡོངས་ཀྱི་ཆུ་བེད་ལས་གྲྭའི་ཆུ་མཁོ་འདོན་བྱེད་ནུས་དེ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར8900ལས་བརྒལ་ཡོད།

  • ཀྲུང་གོ་གནམ་གཤིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་སྣེ་ལམ་དང་ལྷིང་འཇགས་སྲུང་སྐར་གྱི་དྲ་སྦྲེལ་ལྟ་ཞིབ་ཚད་ལེན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ནས།  སྔ་དྲོ་དང་། ཕྱི་དྲོ། ཐོ་རེངས་བཅས་དུས་གཅིག་ཏུ་འཁོར་སྐྱོད་བྱེད་པའི་འཛམ་གླིང་གི་རྒྱལ་ཁབ་ཁོ་ནར་གྱུར་ཡོད་པ་རེད།

  • བཟོ་འཕྲིན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ2པའི་ཟླ་མཇུག་བར། རང་རྒྱལ་གྱི5G སྦྲེལ་ཚུགས་ཀྱི་སྡོམ་འབོར་ཁྲི་238.4ཟིན།  དེས་སྒུལ་བདེའི་སྦྲེལ་ཚུགས་སྡོམ་འབོར་གྱི21.9%བཟུང་ཡོད།

  • ཚེས23ཉིན། ཨ་རིའི“སྨི་ལི་ཨེ་སི་”རྟགས་ཅན་གྱི་འཕུར་མདའ་མཐར་སྐྲོད་དམག་གྲུས་ཀྲུང་གོ་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་ཁྲིམས་འགལ་ངང་ཀྲུང་གོའི་ཤིས་ཧྲ་མངའ་ཁོངས་རྒྱ་མཚོར་འཛུལ་ནས་ལྷོ་རྒྱ་མཚོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་གཏོར་བཤིག་བཏང་བ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་འཐབ་ཁུལ་གྱིས་མཚོ་མཁའ་དམག་སྒྲིག་འཛུགས་བྱས་ཏེ། ཁྲིམས་ལྟར་རྗེས་འདེད་ལྟ་ཞིབ་བྱས་པ་དང་། ཐ་ཚིག་བསྒྲགས་ནས་ཕྱིར་སྐྲོད་བྱས་པ་རེད།

a.jpg

  • ཚེས23ཉིན་གྱི་དགོང་མོ། 2023ལོའི་རྒྱལ་ཡོངས་ཀྱི་དཔྱིད་དུས་ཆུ་རྐྱལ་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་སྨི50ཡི་ཕྱེ་ལེབ་ཆུ་རྐྱལ་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད། ཐེན་ཅིན་རུ་ཁག་གི་བདམས་ཐོན་པ་ཝང་ཁྲང་ཧའོ་ཡིས་སྐར་ཆ23དང25ཡི་གྲུབ་འབྲས་ཐོག་ནས་གསེར་གྱི་རྟགས་མ་བླངས་པ་མ་ཟད། རྒྱལ་ཡོངས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

སྤྱི་ཚོགས།

b.jpg

  • དེ་རིང་དང་སང་ཉིན་དུ། འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་སོགས་སུ་ཆར་པ་འབྲིང་བ་ནས་ཆེ་བ་དང་། ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་པ། ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་པ་མ་ཟད། དུས་ཐུང་ནང་ཆར་པ་ཆེན་པོ་འབབ་པ་དང་། ཐོག་རླུང་ཆེན་པོ་རྒྱག་པ། སེར་བ་སོགས་ཀྱི་གནམ་གཤིས་འབྱུང་རྒྱུ་རེད།

  • སློབ་གསོ་པུས2023ལོར་གསར་དུ་འཕར་བའི་རྒྱལ་ཁབ་ཚོད་འཛིན་ཆེད་ལས་ས་ཚིགས153ཡོངས་བསྒྲགས་བྱས་པ་དང་། ད་ལོ་ནས་བཟུང་སློབ་མ་བསྡུ་ཆོག་གི་ཡོད།

  • པྲོག་གསར་ནད་དུག་སྨན་བཅོས་སྨན་རྫས་ལའེ་རུའེ་ཐེ་ཝེ་ཡི་ཟུར་གཏོགས(来瑞特韦片)ཆ་རྐྱེན་ལ་ཆོག་མཆན་ཐོབ་ནས་ཚོང་རར་བཏོན།

  • ཚེས23ཉིན། ལེའོ་ཉིང་ཞིང་ཆེན་གྱི་དེ་སྔའི་ཧྲེང་ཀྲང་གཞོན་པ་ཧའོ་ཁྲུན་རུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་པ་དང་། ཧའོ་ཁྲུན་རུང་གིས་ཁྲིམས་འགལ་ངང་གཞན་གྱི་རྒྱུ་དངོས་བླངས་པ་དེ་དམངས་སྒོར་ལ་ཕབ་ན་སྒོར་ཁྲི་1883ལྷག་ཙམ་ཟིན་ཡོད་པ་རེད།

  • ཧན་གོར་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཀྲུང་གོའི་སྤྱི་དམངས་ཧན་གོར་མཛེས་བཟོ་བྱེད་པར་སྐྱོད་སྐབས་ངེས་པར་དུ་གཟབ་ནན་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།

c.png

  • ལོ23སོང་རྗེས། དེ་གོང་དུ“ཕྱི་རོལ་དུ་རྩ་མེད་དུ་སོང་བ”ཁྱབ་བསྒྲགས་བྱས་པའི་འབྲི་ཆུ་ཞོན་(长江鱘)གྱིས་འབྲི་ཆུའི་རང་བྱུང་ཆུ་ཁོངས་སུ་རང་ཤུགས་སུ་སྒོ་ང་གཏོང་བ་ཐོག་མར་མངོན་འགྱུར་བྱུང་ཡོད།

  • གནས་སྐོར་བ་མེང་ཆེ་གེ་མོས་པ་ཏ་ལིན་ལྕགས་རི་རིང་པོའི་གྱང་ངོས་སུ་ཡི་གེ་བརྐོས་པ་དང་། སྲིད་འཛིན་བཀག་ཉར་བྱས་པ་མ་ཟད་དངུལ་ཆད་ཀྱང་བཅད་པ་རེད།

d.png

  • ཚེས23ཉིན། ཡུན་ནན་ཤིས་ཧྲོང་པན་ན་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་དུག་རྫས་སྐྱེལ་འདྲེན་བྱེད་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། དུག་རྫས་སྤྱི་རྒྱ35ལྷག་གཞུང་བཞེས་བཏང་བ་རེད།

e.jpg

  • ཅང་སུའུ་ལེན་ཡུན་ཀང་གི་བྱིས་པ་ཞིག་སེམས་ཆུང་མ་བྱས་པར་བོར་བ་དང་། ཝུའུ་ཆིང་དབྱང་དང་། ཁྲེན་ཧྲེ་ཐའོ། དབྱང་ཀྲེན་ཡུས་བཅས་མཐོ་འབྲིང་སློབ་མ་གསུམ་གྱིས་མཐོང་རྗེས། བོར་བའི་བྱིས་པ་དེ་སྐྱེལ་མ་བྱས་ཏེ་ཁྱིམ་བདག་ལ་སྤྲད།

སྲིད་ཇུས།

  • ཧོ་པེས་ད་ལོ་གངས་འཁྱག་འགྲན་ར་དེ་རིན་མེད་དམ་ཡང་ན་རིན་དམའ་བའི་སྒོ་ནས་སྒོ་འབྱེད་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཏོན་ཡོད།

  • ཅང་སུའུ་ཡིས་ཆ་རྐྱེན་དང་མཐུན་པའི་མི་སྒེར་གྱི་ལས་གཏོད་པས་ཁེར་རྐྱང་བཟོ་ཚོང་དུད་ཚང་གཉེར་སྐབས། ཆེས་མཐོ་ན་དམངས་ཕྱུག་ལས་གཏོད་ཁག་ཐེག་དངུལ་བུན་སྒོར་ཁྲི50རེ་ཞུ་བྱེད་ཆོག་པ་ཁ་གསལ་བཏོན་ཡོད།

  • ཡུན་ནན་གྱིས་སྒྱུ་རྩལ་དཔྱད་ཞིབ་མི་སྣས་ཡིག་རྒྱུགས་མ་བཏང་གོང་གི་ཟུར་ཁྲིད་དང་རྒྱུགས་སྤྲོད་གསོ་སྦྱོང་སྒྲིག་འཛུགས་དང་། དེའི་ནང་ཞུགས་པའམ་ཡང་ན་སྤྱི་ཚོགས་གསོ་སྦྱོང་སྒྲིག་གཞི་དང་ངན་འབྲེལ་གྱིས་ཚུལ་མིན་གྱི་ཁེ་ཕན་རག་ཐབས་བྱ་རྒྱུ་གཏན་འགོག་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཤིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས་དང་། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་བྱང་རྒྱུད་དང་ཤར་རྒྱུད། ཀན་སུའུ་ཡི་རྨ་ནུབ་དང་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད། ཧྲན་ཤིས་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། དེའི་ཁྲོད། མཚོ་སྔོན་གྱི་བྱང་ཤར་རྒྱུད་དང་ཀན་སུའུ་ཡི་རྨ་ནུབ་སོགས་ས་ཁུལ་དུ་ཁངས་ཆེན་འབབ་རྒྱུ་རེད། ཧུའུ་ནན་ཤར་ལྷོའི་རྒྱུད་དང་། ཅང་ཞིའི་དབུས་ལྷོ་རྒྱུད། ཀྲེ་ཅང་གི་དབུས་ལྷོ་རྒྱུད། ཧྥུ་ཅན་གྱི་ས་ཆ་མང་ཆེ་བ། ཀོང་ཞིའི་ཤར་རྒྱུད། ཀོང་ཏུང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད། དེའི་ནང་ཧུའུ་ནན་ལྷོ་རྒྱུད་དང་། ཅང་ཤིས་ལྷོ་ནུབ་རྒྱུད། ཤར་རྒྱུད། ཧྥུ་ཅན་གྱི་ནུབ་བྱང་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད། ཀོང་ཏུང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་རེད།

f.jpg

  • རྒྱུགས་སྤྲོད། 2022ལོ་འཁོར་གྱི་རྒྱལ་ཁབ་ཀྱི་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་ལེན་གྱི་རང་སྣང་ཁ་བྱང་ཡིག་རྒྱུགས་དེ་ཚེས26ཉིན་ལེན་རྒྱུ་རེད།

  •  པེ་ཅིང་། ཚེས26ཉིན། རྒྱལ་སའི་གནམ་གྲུ་ཐང་གི་ཨང3པའི་གནམ་ཐང་བབས་ཚུགས་ཀྱིDཁུལ་དེ་དངོས་སུ་སླར་གསོ་བྱས་ནས་སྤྱོད་རྒྱུ་རེད།


མཉམ་སྤྱོད།