དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་སྲིད་གཞུང་གཞུང་ལས་ཁང་གི་ཏང་ཀྲི་པུས་ཏང་གི་བརྗོད་དོན་ཉིན་མོའི་བྱེད་སྒོ་སྤེལ།

2023-03-24 08:35:06   |   203

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།  རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཉེ་ཆར། རྐང་ཚ་རྫོང་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་ཀྲི་པུས་ཏང་ཡོན་རྩ་འཛུགས་ཀྱིས་སྔ་རྗེས་སུ་མདའ་བཞི་རྫོང་དུས་རབས་ཀྱི་དཔེ་བཟང་དྲན་རྟེན་ཁང་དང་མོ་བློན་མཐོན་པོའི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞིར་སོང་ནས་ཀྲི་པུའུ་ཡི“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་བསྟར་མཁན་ཞིག་བྱེད་པ”ཞེས་པའི་ཏང་གི་བརྗོད་དོན་ཉིན་མོའི་བྱེད་སྒོ་སྤེལ།

图片1.png

དུས་རབས་ཀྱི་དཔེ་བཟང་དྲན་རྟེན་ཁང་དུ་ཏང་ཡོན་ཚང་མས་བློ་མཐུན་སྐལ་བཟང་གིས་ཏང་ལ་བློ་དཀར་གཞུང་དྲང་དང་དཀའ་སྤྱད་འབད་བརྩོན། སྒེར་སེམས་མེད་པ་བཅས་ཀྱི་སེམས་འགུལ་ཐེབས་པའི་བྱས་རྗེས་ཀྱི་སྒྲོག་བཤད་ལ་ཉན། དྲན་རྟེན་ཁང་དུ་ཉར་ཚགས་བྱས་པའི་དངོས་པོ་རེ་རེ་དང་། པར་རིས་རེ་རེ་ལས་དུས་རབས་ཀྱི་དཔེ་བཟང་བློ་མཐུན་སྐལ་བཟང་གིས་སྲིད་དོན་སྒྲུབ་པའི་ལོ་ངོ་དྲུག་ཅུའི་འོད་སྟོང་འབར་བའི་ལོ་རྒྱུས་དང“བདག་འཛིན་མེད་པའི”འགན་འཁྲི་ཁུར་ཕོད་པ་ཚོར་ཡོང་།   

图片2.png

མོ་བློན་མཐོན་པོ་རུ་ཏང་ཡོན་ཚང་མས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་དང་འོས་འགན་ངལ་རྩོལ་བྱས་ནས། ཏང་ཡོན་གྱིས་སྣེ་ཁྲིད་དེ་མིག་དཔེ་སྟོན་པའི་རྣམ་པ་མངོན་ཞིང“ཏང་ཡོན་གཅིག་དང་དར་ཆ་གཅིག”གི་སྣང་བརྙན་ཡག་པོ་བསྐྲུན་ཏེ། ཏང་ཀྲི་པུའུ་ཡི་སྟོབས་ཤུགས་གཅིག་སྒྲིལ་དང་འཐབ་འཛིང་གི་ནུས་ཤུགས་ཇེ་ཆེར་བཏང་། 

图片3.png

ཐེངས་འདིས་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་བརྒྱུད། ཏང་ཡོན་ལས་བྱེད་པའི་ཏང་གཤིས་བསམ་བློ་སྔར་ལས་མཐོར་འདེགས་སུ་བཏང་བ་དང་གསར་བརྗེའི་སྔོན་བྱོན་པ་ཚོའི་ཧུར་ཐག་གི་སྙིང་སྟོབས་དར་སྤེལ་གཏོང་བ། ཏང་ཡོན་ལས་བྱེད་པས་ཏང་གི་འོད་སྟོང་འབར་བའི་ལོ་རྒྱུས་ཁྲོད་ནས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་བསྡུ་ལེན་བྱ་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བའི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་མཐའ་གཅིག་ཏུ་མདུན་སྐྱོད་བྱེད་པར་སྐུལ་སློང་བྱས་ཡོད། 


མཉམ་སྤྱོད།