དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་བོད་ལུགས་གསོ་རིག་སྨན་བཅོས་དང་བོད་སྨན་ཆེད་ལས་ཀྱི་སྐབས་དང་པོའི་གྲྭ་བཙུན་གསོ་སྦྱོང་འཛིན་གྲྭ་བསྡུས།

2023-03-24 09:05:15   |   303

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ3ཚེས23ཉིན་གྱི་སྔ་དྲོ། མཚོ་བྱང་ཁུལ་གྱི་བོད་ལུགས་གསོ་རིག་སྨན་བཅོས་དང་བོད་སྨན་ཆེད་ལས་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་རྒྱུས་ལྡན་པའི་གྲྭ་བཙུན་གསོ་སྦྱོང་འཛིན་གྲྭ་སློབ་མགོ་ཚུགས་པའི་མཛད་སྒོ་དེ་མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གྲྭ་ཆེན་མོའི་མཚོ་བྱང་ཡན་ལག་སློབ་གླིང་དུ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་མགོ་ཚུགས་པ་རེད།  

1.jpg

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ཏང་ཙུའི་ཁོངས་མི། ཀྲུའུ་རེན་གཞོན་པ་ཟླ་བ་ཚེ་རིང་དང་། ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་ཡོན་ཀྲང་གཞོན་པ་རིན་ཆེན་དོན་གྲུབ། ཁུལ་ཨུའི་རྒྱུན་ཨུ། ཁུལ་འཐབ་ཕྱོགས་གཅིག་གྱུར་པུ་པུ་ཀྲང་མགོན་པོ་ཚེ་བརྟན། ཁུལ་དཔོན་གཞོན་པ། ཁུལ་སྤྱི་བདེའི་ཅུའི་ཅུ་ཀྲང་ལི་ཤང་ཏུང་བཅས་མགོ་ཁྲིད་ལས་བྱེད་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་སྤྱི་ཚོགས་བྱ་གཞག་ཁྲུའུ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ཚན་པ། རྫོང་བཞིའི་འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་གྲྭ་བཙུན་སློབ་མ51བཅས་གསོ་སྦྱོང་འཛིན་གྲྭ་ཞུགས།

2.jpg

མཚོ་བྱང་ཁུལ་གྱི་བོད་ལུགས་གསོ་རིག་སྨན་བཅོས་དང་བོད་སྨན་ཆེད་ལས་འབྲིང་རིམ་ལས་རིགས་སློབ་རྒྱུས་ལྡན་པའི་གྲྭ་བཙུན་འཛིན་གྲྭ་གཉེར་བ་ནི་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་མཚོ་བྱང་གི་འཚོལ་ཞིབ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པའི་མཚོ་བྱང་གི་བྱེད་ཐབས་ཤིག་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་དུ་གཏོང་བའི་མཚོ་བྱང་གི་ལག་ལེན། ཁུལ་ཡོངས་ཀྱི་གྲྭ་བཙུན་གྱི་འདོད་མོས་དང་ཟུང་འབྲེལ་བྱས་ནས་མཚོ་བྱང་གི་བོད་ལུགས་གསོ་རིག་གི་རྒྱུན་འཛིན་དང་གོང་འཕེལ་གཏོང་བའི་མཚོ་བྱང་གི་བྱས་རྗེས་ཤིག་ཡིན་ལ། འདིས་མཚོ་བྱང་ཁུལ་གྱིས་ཆོས་ལུགས་ཤེས་ལྡན་མི་སྣའི་གསོ་སྦྱོང་ལ་ཤུགས་སྣོན་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན། བོད་ལུགས་གསོ་རིག་གི་ལས་དོན་འཕེལ་རྒྱས། དགོན་པའི་རང་ཁ་རང་གསོའི་ནུས་པ་མཐོར་འདེགས་སོགས་ཐད་དུ་གོམ་སྟབས་གསར་བ་ཞིག་གསར་བཏོད་བྱས་ཡོད་པ་མཚོན་ཡོད། 

3.jpg

རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་སློབ་གསོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་བཅས་བརྟན་དུ་བཏང་ནས་རྗེ་ཙོང་ཁ་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པ། རྗེ་བཙུན་ཤེས་རབ་རྒྱ་མཚོ། ཞབས་དྲུང་སྐུ་ཕྲེང་བརྒྱད་པ་བཅས་མིག་དཔེར་བྱས་ཏེ། དད་ལྡན་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ཆོས་ལུགས་ཀྱི་ཁུར་པོ་ཡང་དུ་གཏོང་བ། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མཚོ་བྱང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བདེ་འཇགས་ལ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་དང་།  ལས་རིགས་སློབ་གསོའམ་གསོ་སྦྱོང་སོགས་ཀྱི་རྣམ་པ་བརྒྱུད་གྲྭ་བཙུན་ཚོར་ལས་རིགས་རྩལ་ནུས་ཤིག་རྒྱུས་མངའ་ལོན་པ་དང་། ཁོང་དུ་ཆུད་རྒྱུར་རོགས་རམ་བྱས་ཏེ་དགོན་སྡེའི་རང་ཁ་རང་གསོ་དང་མི་སྒེར་གྱི་ཡོང་འབབ་འཕར་སྣོན་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཁྱིམ་ཚང་དང་དད་ལྡན་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས།


མཉམ་སྤྱོད།