དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྩོམ་སྒྱུར་ལས་ཁག་མཚོ་བྱང་དུ་རྟོག་ཞིབ་ཕེབས།

2023-03-24 21:03:59   |   556

རྩོམ་སྒྲིག   སངས་དོན།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


 ཟླ3པའི་ཚེས23ནས24ཉིན་བར། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་རྩོམ་སྒྱུར་མ་ལག་གི་ལས་སྒོའི་རྐང་འཛིན་པ་མི10མཚོ་བྱང་དུ་ཕེབས་ནས་བོད་ཡིག་སྤྱི་ཚོགས་ཁྲོམ་རའི་སྤྱོད་ཡིག་གནས་ཚུལ་ལ་རྟོག་ཞིབ་བྱས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་འགན་འཁུར་བས་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་རྩོམ་སྒྱུར་མ་ལག་གི་རྟོག་ཞིབ་ཚོགས་ཆུང་ལ་མཚོ་བྱང་ཁུལ་གྱི་གནས་ཚུལ་དང་། མི་རིགས་སྐད་ཡིག་ལས་དོན་སྒྲིག་གཞིའི་གཞི་རྩའི་གནས་ཚུལ་། དེ་བཞིན་ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག  མཚོ་བྱང་ཁུལ་གྱི་མི་རིགས་གནའ་དཔེ་འཚོལ་སྡུད་དང་སྲུང་སྐྱོར། པར་སྐྲུན་གནས་ཚུལ། མཚོ་བྱང་ཁུལ་གྱི་བོད་ཡིག་སྤྱི་ཚོགས་ཁྲོམ་རའི་སྤྱོད་ཡིག་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་ལས་ཀའི་ཉམས་མྱོང་ངོ་སྤྲོད་ཞིབ་ཕྲ་བྱས་པ་མ་ཟད།  2013ལོར་མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྔོན་དུ་ཐོག་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་འཛུགས་བྱས་པའི་ལས་དོན་ཁྲོད།   བོད་སྐད་ཡིག་དེ་རང་སྐྱོང་ཁུལ་གྱི་སྤྱི་ཚོགས་ཁྲོམ་རའི་སྤྱོད་ཡིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་མཁར་གྲོང་གི་རྣམ་པ་མཛེས་བཟོ་དང་སྐད་གཉིས་ཞི་མཐུན་ཡོང་བར་རང་ཐད་གྱི་ནུས་པ་དང་དགེ་མཚན་འདོན་སྤེལ་བྱས་ཡོད་པ་མཚམས་སྦྱོར་གང་ལེགས་བྱས། 

 དེ་དང་ཆབས་ཅིག  བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་རྩོམ་སྒྱུར་མ་ལག་དང་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། བོད་ལྗོངས་ལས་དོན་དང་སྐད་ཡིག་རིག་གནས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ།  ཀྲུང་ཧྭའི་ཕུལ་བྱུང་སྐད་ཡིག་རིག་གནས་རྒྱུན་འཛིན་དང་། འཕེལ་རྒྱས། དར་སྤེལ། བརྒྱུད་སྤེལ་བཅས་བྱ་རྒྱུ་དམིགས་ཡུལ་དུ་བྱས་ནས་དུས་སྐབས་གསར་པའི་ནང་མི་རིགས་སྐད་ཡིག་ལས་དོན་དེ་དུས་རབས་དང་འཚམ་པ་དང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྲུང་སྐྱོང་བྱེད་པ་སོགས་ཐད་དུ་ཉམས་མྱོང་བརྗེ་རེས་དང་བསམ་ཚུལ་སྤེལ་རེས་བྱས་ཤིང་། སླད་ཕྱིན་བོད་ཡིག་གི་ཐ་སྙད་གསར་པ་གཅིག་གྱུར་དང་ཚད་ལྡན་ངང་བེད་སྤྱོད་གཏོང་བའི་ཐད་རང་སོ་སོའི་ལྟ་ཚུལ་ལྷུག་བརྗོད་བྱས།

7.jpg

9999.jpg

 དེའི་རིང་། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱི་རྟོག་ཞིབ་ཚོགས་ཆུང་དང་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ལས་བྱེད་མི་སྣ་མཚོ་སྔོན་ཞིང་ཆེན་རྡུལ་ཕྲན་གྲོང་དྲན་གསོ་ཁང་དང་། མཚོ་སྔོན་ཞིང་ཆེན་གྱི“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་རྒྱལ་གཅེས་རིང་ལུགས་སློབ་གསོའི་སློབ་གླིང་། མདའ་བཞི་རྫོང་དུས་རབས་མིག་དཔེ་ཁང་། མཚོ་སྔོན་པོ་སྐྱེ་ཁམས་དངོས་མང་བཤམས་སྟོན་ཁང་བཅས་སུ་སོང་ནས“གསར་བརྗེའི་རྗེས་ཤུལ་འཚོལ་སྙེག་དང་། རྒྱལ་གཅེས་སྙིང་སྟོབས་དར་སྤེལ་གཏོང”ཞེས་པ་བརྗོད་དོན་ཡིན་པའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ནས“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་གསར་བརྗེའི་སྔོན་བྱོན་པའི་དད་སེམས་དང་གསར་བརྗེའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཕུང་བོ་གཅིག་གི་འདུ་ཤེས་སྔར་བས་སྲ་བརྟན་དང་“ངོས་ལེན་བཞིའི”འདུ་ཤེས་སྔར་བས་ཇེ་དྲག་ཏུ་བཏང་། 


མཉམ་སྤྱོད།