དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-25 09:00:06   |   325

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • མིག་སྔའི་བར། རང་རྒྱལ་གྱི་སྔ་སྨིན་འབྲས་ཀྱི་མྱུ་གུ་གསོ་སྐྱོང་བྱེད་ཚད་བཅུ་ཆ་བཞི་ལྷག་ཙམ་ཡོངས་འགྲུབ་བྱེད་པ་དང་།  ས་ཆ་མང་པོའི་གྲོ་གཅིག་རྗེས་གཉིས་མཐུད་ངང་སྔོ་ལོག་དུས་སྐབས་སུ་སླེབས་ཡོད་པ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ1པོ་ནས2པའི་བར། རང་རྒྱལ་གྱི་ལག་རྩལ་མཐོ་བའི་ཐོན་ལས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས15.1%འཕར་ནས། ཅུང་མགྱོགས་པའི་འཕར་སྣོན་མངོན་འགྱུར་བྱུང་ཡོད།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ2པར་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རར་ཚོང་འགྲིག་ཚད་དམངས་སྒོར་དུང་ཕྱུར་ཁྲི20.64ཟིན་ཡོད།

  • སློབ་གསོ་པུའུ་སོགས་སྡེ་ཚན་ལྔས་ཡིག་ཆ་བཀྲམ་ནས་སློབ་གྲྭ་འབྲིང་ཆུང་གིས་གསོ་སྦྱོང་སྒྲིག་གཞི་གཉེར་བའམ་ཡང་ན་དེའི་ནང་ཞུགས་རྒྱུ་གཏན་འགོག་བྱེད་དགོས།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རྒྱལ་ཡོངས་སུ་ཆེད་བསྐོས་དགེ་རྒན(专任教师)ཁྱོན་སྡོམ་མི་ཁྲི1880.36ཡོད་པ་རེད།

  • ཚེས24ཉིན། ཀྲུང་གོའི་མཚོ་ཐོག་ཉེན་རྟོག་གི་དམག་གྲུའི་དཔུང་རུ1301རང་རྒྱལ་གྱི་ཏེའོ་ཡུས་གླིང་ཕྲན(钓鱼岛)གྱི་མཚོ་ཁོངས་སུ་སྐོར་ཞིབ་བྱས་པ་རེད།

  • རྒྱལ་སྲུང་པུའི་མགྲིན་ཚབ་པས་ཨ་རིའི་དམག་གྲུ་ཀྲུང་གོའི་ཤིས་ཧྲ་མངའ་ཁོངས་རྒྱ་མཚོར་རང་དགར་བསྐྱོད་རྒྱུའི་སྐོར་གཏམ་བཤད་སྤེལ་བ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ལྷོ་རྒྱ་མཚོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་པ་རེད།

1.jpg

  • པུའུ་ལིན་ཁེན་གྱིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས(教科文组织)སུ་བསྐྱར་ལོག་བྱེད་དགོས་ཞེས་བཤད་པ་དང་། ངའི་ཕྱི་འབྲེལ་པུས་དེའི་ཐོག་མའི་བསམ་འདུན་ནི། རྒྱལ་སྤྱིའི་འགན་འཁྲི་འཁུར་བ་དང་། རྒྱལ་སྤྱིའི་འོས་འགན་སྒྲུབ་པ། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་རེ་བ་ཡོད་ཅེས་བཤད་པ་རེད།

  • མིག་སྔར། ཀྲུང་གོ་དང་ལོ་སིའི་ལྕགས་ལམ(中老)ཤར་གཏོང་ཐུབ་ནས་ཟླ་བ15སོང་བ་དང་། རྒྱལ་སྤྱིའི་ཟོག་འདྲེན་སྡོམ་འབོར་ཏུན་ཁྲི300ལས་བརྒལ་ཡོད་པ་རེད།

སྤྱི་ཚོགས།

  • རང་རྒྱལ་དེ་ཚེས24ཉིན། འབྲུབ་ཆུའི་དུས་སུ་སླེབས་ཡོད་ལ། ལོ་མང་པོ་དང་བསྡུར་ན་ཆ་སྙོམས་ཉིན8ཀྱིས་སྔ་བ་ཡོད།

  • ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་སྐྱེ་དངོས་ཀྱི་བུལ་ཏོག་གི་གཞི་རྒྱུ་ཤེས་རྟོགས་བྱུང་བ་དང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དེ་ཚེས24ཉིན་གྱི《ཚན་རིག》དུས་དེབ་ཐོག་བཀོད་པ་རེད།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཡོངས་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པ་ལྟར་ན། གྲོང་གསེབ་ཀྱི་འཛད་སྤྱོད་པའི་བཅུ་ཆ་བཞི་ལྷག་ཙམ་གྱིས་འདས་ཟིན་པའི་ལོ་གཅིག་ནང་ཚོང་ཟོག་རྫུན་མ་ཉོ་མྱོང་ཡོད་པ་རེད།

  • ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་འགྲན་བསྡུར་པུའི་པུའུ་ཀྲང་ཧོང་སུང་གིས་ཞིབ་བཤེར་བརྟག་དཔྱད་དང་ལེན་བྱས་ཡོད། ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཕིང་གིས་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་ཡོད།

2.jpg

  • ཉིན་ཤས་གོང་། ཀྲུང་གོའི་སྤྱི་བདེ་པུའུ་དང་ཨུ་རུ་སུའི་ཁྲིམས་འཛིན་སྡེ་ཚན་གྱིས་མཉམ་ལས་དམ་ཟབ་བྱས་ཏེ། རང་རྒྱལ་གྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་གཅིག་བསད་རྗེས་ཨུ་རུ་སུར་བྲོས་བྱོལ་བྱས་ནས་ལོ27སོང་བའི་ཉེས་གསོག་དོགས་ཅན་ཞུས་ཆེ་གེ་མོ་ཕྱིར་རང་རྒྱལ་དུ་ཁྲིད་ནས་ལོག་པ་རེད།

  • འཛད་སྤྱོད་པའི་དངོས་མང་བཤམས་སྟོན་སྐབས་གསུམ་པ(第三届消博会)ཟླ4ཚེས10ནས་ཚེས15ཉིན་བར། ཧེ་ནན་ཧེ་ཁོའུ(海南海口)རུ་སྤེལ་རྒྱུ་རེད། མིག་སྔར་གོ་ལ་ཧྲིལ་པོའི་འགྲེམས་སྟོན་ལས་དོན་ལེགས་འགྲུབ་བྱས་ཡོད།

3.jpg

  • ཚེས24ཉིན། རང་རྒྱལ་དུ་སྤྱིའི་སྒྲིག་སྦྱོར(总装)ལེགས་གྲུབ་བྱུང་བའི་མཁའ་འགྲུལ་གནམ་གྲུA321དངོས་སུ་རྩིས་སྤྲོད་བྱས་ཡོད།

  • ཀོང་ཏུང་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས27ནས29ཉིན་བར། ཉིན་ལྟར་ཆུ་ཚོད8པ་ནས18བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ལ་མེ་མདའ་རྒྱག་པའི་སྦྱོང་བརྡར་བྱས་ནས་བསྐྱོད་མི་ཆོག་པའི་ཐ་ཚིག་བསྒྲགས་པ་རེད།

4.gif

  • ཀོང་ཤིས་ཧྥང་ཁྲེང་གྲུ་ཁའི(广西防城港)བུད་མེད་ཅིག་ཆུ་ནང་དུ་ལྷུང་བ་དང་། བཟོ་པ་ཧོ་མིང་ཐའོ་དང་ཡན་ཧྭ་མིང་གིས་གནས་ཚུལ་ཐོས་རྗེས་མྱུར་དུ་ཆུ་མཆོངས་ནས་ཆུར་ལྷུང་བའི་བུད་མེད་དེ་མཚོ་འགྲམ་དུ་བསྐྱབས།

སྲིད་ཇུས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་ཏེ། སོ་སྨན(牙膏)ལ་གསལ་འགོད་དང་གཏན་འགོག་གི་ནང་དོན་ཁ་གསལ་བཟོ་བ་དང་། ཕན་ནུས་ཀྱི་ཁྱབ་ཁོངས་དང་ཐ་སྙད་ཚད་ལྡན་བཟོ་དགོས།

  • ཐེན་ཅིན་གྱིས་ཡིག་ཆ་བཀྲམ་ནས་ལོ0ནས7བར་གྱི་རྣ་དབང་དང་ཡན་ལག  རིག་སྟོབས། དབང་པོ་སྐྱོན་ཅན་བྱིས་པ་དང་ཁེར་རྐྱང་ནད་ཕོག་པའི་བྱིས་པའི་དྲག་སྐྱེད་སྦྱོང་བརྡར་གྱི་འགྲོ་གྲོན་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་ཁྲི2.4བར་མཐོ་རུ་གཏོང་རྒྱུ་རེད།

  • ཅི་ལིན་གྱིས་གཞུང་བཙུགས་མཐོ་སློབ་དཀྱུས་མས་བྱ་གཞག་གི་ཡོང་འབབ་ཁྲོད་ནས་གྲོན་དངུལ་འདང་ངེས་བཏོན་ནས་སློབ་མར་རོགས་སྐྱོར་བྱེད་པར་སྤྱོད་དགོས་པའི་བླང་བྱ་བཏོན་པ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་བྱང་རྒྱུད་དང་། མཚོ་སྔོན་གྱི་བྱང་ཤར་རྒྱུད། ཀན་སུའུ་ལྷོ་རྒྱུད། ཉིང་ཞའི་ལྷོ་རྒྱུད། ནང་སོག་གི་དབུས་རྒྱུད། ཧྲན་ཤིས་ནུབ་བྱང་རྒྱུད། ཧོ་པེའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཆེན་པོ་འབབ་ཀྱི་རེད། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཧྭ་ལྷོའི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་། ཀོང་ཏུང་གི་བྱང་རྒྱུད་དང་། ཀོང་ཞིའི་ཤར་རྒྱུད། ཧྥུའུ་ཅན་གྱི་དབུས་ལྷོ་རྒྱུད། ཅང་ཤིས་ལྷོ་ནུབ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་ཀྱི་རེད།

5.jpg

  • ཕྱི་སྐྱོད། ཚེས26ཉིན་ནས་བཟུང་། རྒྱལ་སའི་གནམ་ཐང་གིས(首都机场)དབྱར་དུས་ཀྱི་དུས་གཏན་གནམ་གྲུའི་འཆར་གཞི་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

  • ཧེ་ནན།  ཚེས27ཉིན་གྱི་ཆུ་ཚོད8པ་ནས་ཚེས31ཉིན་གྱི་ཆུ་ཚོད24བར། ཆུང་ཧའེ(琼海市)གྲོང་ཁྱེར་དང་། ཝུན་ཁྲང(文昌市)གྲོང་ཁྱེར། ཝན་ཉིང(万宁)གྲོང་ཁྱེར། ཏིང་ཨན(定安)རྫོང་། ཐུན་ཁྲང(屯昌)རྫོང་། ཆུང་ཀྲུང(琼中)ལི་རིགས་མིའོ་རིགས་རང་སྐྱོང་རྫོང་བཅས་སྲིད་འཛིན་ས་ཁོངས་སུ་འཕུར་མི་ཆོག་པར་བྱས།


མཉམ་སྤྱོད།