དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-26 09:22:29   |   183

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ1པོ་དང2པར་རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་སྡོམ་འབོར་དམངས་སྒོར་དུང་ཕྱུར་ཁྲི6ལས་བརྒལ་ཡོད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ2པར་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར4112ལས་བརྒལ་བ་དང་། དེ་དུས་མཚུངས་ལས1.3%འཕར་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒོ་ཁྲལ་དཔྱ་ཁྲལ་གྱི་སྒྲིག་སྲོལ་ཨུ་ཡོན་ལྷན་ཁང་གིས2023ལོའི་ཟླ4ཚེས1ཉིན་ནས2023ལོའི་ཟླ12ཚེས31ཉིན་བར། རྡོ་སོལ་ལ་ཁྲལ་མེད་པར་ནང་འདྲེན་བྱེད་པའི་གནས་སྐབས་ཀྱི་གཏན་འབེབས་མུ་མཐུད་དུ་ལག་བསྟར་བྱ་རྒྱུ་རེད།

  • ཉིན་ཤས་གོང་། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རྒྱལ་ཡོངས་ལྔ་གཅིག་བུད་མེད་ཀྱི་དཔེ་ཚབ་ལས་རྐང450དང་། རྒྱལ་ཡོངས་ལྔ་གཅིག་བུད་མེད་ཀྱི་དཔེ་དམག450ལ་གཟེངས་བསྟོད་བྱས།

  • རྒྱལ་ཁབ་འབྲས་སྐྲན་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།  མིག་སྔར་རང་རྒྱལ་གྱིས་མི་འབོར་དུང་ཕྱུར14.07ལ་ཁྱབ་པའི་འབྲས་སྐྲན་ཐོ་འགོད་མ་ལག་བཙུགས་ཡོད་པ་རེད།

  • 《ཀྲུང་གོའི་རྣམ་པ་གསར་བའི་ནུས་གསོག་འཕེལ་རྒྱས་ཀྱི་སྙན་ཞུ2023》ཁྱབ་བསྒྲགས་བྱས་པ་དང་། སྔོན་དཔག་བྱས་ན“ལྔ་བཅུ་བཞིའི”དུས་མཇུག་ཏུ་རང་རྒྱལ་གྱི་རྣམ་པ་གསར་བའི་ནུས་གསོག་གཞི་ཁྱོན་ཆན་ཝ་ཁྲི5000ལས་བརྒལ་རེ་ཡོད་པ་རེད།

1.jpg

  • ཚེས24ཉིན། ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་གི་བགྲོད་ལམ་གསར་པ(ཨན་ཁང-ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ)གྱི་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་ཐོག་མ་དེ་བཏང་བ་རེད།

  • ཚེས25ཉིན། 2022/23དུས་ཚིགས་ཀྱི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་གྱི་སྐོར་སྐྱོད་འགྲན་བསྡུར་ཏུའུ་ཏིང་ནུབ་ཚུགས(杜丁西站)ཀྱི་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ལིའུ་ཧུང་ལ་བུད་མེད་ཀྱི་སྤྱི་ལེ35ཡི་རྣམ་གྲངས་ཀྱི་དངུལ་གྱི་རྟགས་མ་ཐོབ་ནས་རྣམ་གྲངས་དེའི་ཨེ་ཤེ་ཡའི་ཟིན་ཐོ་ལས་བརྒལ་བ་རེད།

  • མ་ལེ་ཞི་ཡའི་རྒྱལ་ཁབ་སྲོག་ཆགས་གླིང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ5པར་མ་ལེ་ཞི་ཡར་སྐྱེས་པའི་དོམ་ཁྲའི་ཕྲུ་གུ“ཡུས་ཡིས”དང“ཧྲིན་ཡུས”ཀྲུང་གོར་བསྐྱལ་རྒྱུ་རེད།

སྤྱི་ཚོགས།

  • ཚེས27ཉིན་ནས་བཟུང་། བྱང་ཤར(东北)གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་མཐོ་ཤོས་སླར་ཡང15℃ཡན་དུ་སླེབས་རྒྱུ་ཡིན་པ་དང་། ཧྭ་བྱང(华北)། ཧོང་ཧེ(黄淮)ས་ཁུལ་མང་ཆེ་བའི་དྲོད་ཚད་མཐོ་ཤོས་ཀྱང་བསྟུད་མར20℃ཡན་དུ་འཕར་རྒྱུ་རེད།

  • 2022ལོར། གཉེར་སྐྱོང་ཚོང་པ་ཆེ་གྲས་གསུམ་གྱི་ཡོང་འབབ་སྒོར་དུང་ཕྱུར་ཁྲི1.7སླེབས་ཡོད་ལ། ཆ་སྙོམས་ཀྱིས9.8%འཕར་ཡོད།

  • ཟླ3ཚེས26ཉིན་ནས་ཟླ10ཚེས28ཉིན་བར། རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས2023ལོའི་དབྱར་སྟོན་དུས་ཚིགས་ཀྱི་དུས་གཏན་གནམ་གྲུའི་འཆར་གཞི་ལག་བསྟར་བྱ་རྒྱུ་རེད།

  • རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་མེད་མཚེའུ་པོ་དབྱང་མཚེའུ(鄱阳湖)ཡི་ཆུ་ཁ་མུ་མཐུད་དུ་མཐོ་རུ་ཕྱིན་ནས། ཚེས24ཉིན་སླར་ཡང་སྨི8ཡན་ཟིན་པའི་སྐམ་ཐིག་ཡན་དུ་སླེབས་ཡོད་པ་རེད།

  • ཚེས25ཉིན། རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་ཧྭ་ལུང་ཨང་དང་པོའི(华龙一号)ཉིང་རྡུལ་གློག་འཕྲུལ་ཚན་པ་སྟེ། ཀོང་ཤིས་ཧྥང་ཁྲེང་གྲུ་ཁའི(广西防城港)ཉིང་རྡུལ་གློག་གི་འཕྲུལ་ཚན3པ་དངོས་སུ་གློག་གཏོང་མགོ་ཚུགས།

  • ཧེ་ནན་སན་ཡ(海南三亚)ཡིས་མཚོ་ཟས་བཟའ་བཏུང་དང་།  གཉེན་སྒྲིག་པར་རྒྱག  གནས་སྐོར་ཞག་སྡོད་སོགས་ལ་ཆེད་དོན་བཅོས་སྒྲིག་བྱ་རྒྱུ་རེད།

2.png

  • ཉིན་ཤས་གོང་། གོ་ལ་ཧྲིལ་པོའི་འདུག་སྟེགས་གཉིས་ཀྱི་ཆུ་ཐོག་གློག་སྒུལ་གནམ་གྲུ་དང་པོ་རྩིས་སྤྲོད་བྱས་པ་རེད།

  • ཏ་ལེན་མཚོ་དོན་ཅུས་ཀྱིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཟླ3ཚེས26ཉིན་གྱི་ཆུ་ཚོད16ནས་ཟླ4ཚེས2ཉིན་གྱི་ཆུ་ཚོད16བར། པོ་ཧའེ་མཚོ་འགག་གི་རྒྱ་མཚོ་སེར་པོའི་བྱང་རྒྱུད་ཀྱི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་སྒྲུབ་ནས་མཚོ་འགྲུལ་བྱེད་མི་ཆོག་པ་རེད།

3.gif

  • ཡུན་ནན་ཁུན་མིང(云南昆明)གི་རྒན་རྒོན་ཞིག་ཆུ་ནང་དུ་ལྷུང་བ་དང་། ལམ་བར་དུ་ཡོད་པའི་སློབ་ཆེན་སློབ་མ་ལི་མིང་ཆིའུ་འཕྲལ་མར་ཆུར་མཆོངས་ནས་རྒན་རྒོན་དེ་བསྐྱབས་པ་རེད། 

སྲིད་ཇུས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་བྱེད་ཐབས་བཏོན་ནས་བརྡ་ཁྱབ་བདག་པོ་དང་། དྲ་སྦྲེལ་བརྡ་ཁྱབ་གཉེར་སྐྱོང་མཁན། ཁྱབ་བསྒྲགས་བྱེད་མཁན། དྲ་སྦྲེལ་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་མཁན་བཅས་ཀྱི་འགན་འཁྲི་སྔར་བས་ཁ་གསལ་བཟོས་ཡོད།

  • ཨན་ཧེ(安徽)ཡིས2024ལོ་ནས་བཟུང་། རོལ་དབྱངས་རིགས་དང་། མཛེས་རྩལ་དང་ཇུས་འགོད་རིགས། ཡིག་གཟུགས་རིགས་ཀྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས་བཅས་རྩ་དོན་ཐོག་དངོས་གཞིའི་ཚན་ཁག་དཀྱུས་མའི་སློབ་བསྡུའི་ཚོད་འཛིན་སྐར་གྲངས་ཀྱི་བརྒྱ་ཆའི75%ལས་མི་དམའ་བ་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།

  • ཧྲན་ཤིས་ཀྱིས་ཟླ4ཚེས1ཉིན་ནས་བཟུང་། ཐོ་འགོད་མ་བྱས་པར་ཨང་རྟགས་བཀལ་བའི་གློག་སྒུལ་ལྕགས་རྟ་འགྲོ་ལམ་ཐོག་བསྐྱོད་རྒྱུ་གཏན་འགོག་བྱས་པ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས།  ཀན་སུའུ་དབུས་རྒྱུད་དང་། མཚོ་སྔོན་ལྷོ་རྒྱུད། བོད་ལྗོངས་ཀྱི་བྱང་རྒྱུད། ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། ཀོང་ཞིའི་ཤར་ལྷོའི་རྒྱུད་དང་། ཀོང་ཏུང་གི་ས་ཆ་མང་ཆེ་བ། ཧྥུའུ་ཅན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་། ཀོང་ཏུང་ཤར་ལྷོའི་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་རེད།

4.jpg

  • པེ་ཅིང་། གཟའ་འཁོར་རེའི་གཟའ་པ་སངས་དང་གཟའ་ཉི་མའི་ས་འོག་ལྕགས་ལམ་ལམ་ཐིག4པའི་པེ་ཅིང་ལྷོ་ཚུགས(北京南站)ནས་ཨན་ཧོ་ཆའོ་བྱང་ཚུགས(安河桥北站)སུ་སྐྱོད་པའི་རླངས་འཁོར་རྗེས་མའི་དུས་ཚོད23:53བར་རིང་དུ་གཏོང་རྒྱུ་རེད།

  • ཧྲང་ཧེ། ཚན་རྩལ་ཁང་དེ་ཟླ3ཚེས31ཉིན་སྒོ་བརྒྱབ་ཏེ་རིམ་སྤོར་སྒྱུར་བཀོད་བྱ་རྒྱུ་དང་། སྔོན་དཔག་བྱས་ན2025ལོར་སླར་ཡང་སྒོ་དབྱེ་རྒྱུ་རེད།


མཉམ་སྤྱོད།