དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་འཇུ་ལག་རྫོང་དུ་བརྟག་ཞིབ་གནང་།

2023-03-26 20:22:32   |   243

རྩོམ་སྒྲིག  སངས་དོན།     ཡོང་ཁུངས། གང་ལྗོངས་འཕྲིན་གསར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ3པའི་ཚེས24ཉིན་ནས་ཚེས25ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”དང་འཐབ་ས་དང་པོའི་བྱ་བ་སྒྲུབ་སྟངས་བེད་སྤྱད་ནས་འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་དང་ཤར་ཐང་གྲོང་རྡལ། བྱང་རི་ཡུལ་ཚོ། སེམས་ཉིད་ཡུལ་ཚོ་བཅས་སུ་བསྐྱོད་དེ་གཞི་རིམ་ཏང་འཛུགས་སྐྱོང་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་སྒྲོག་འགྲེལ། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཁང(ས་ཚིགས)འཛུགས་སྐྲུན། ཡུལ་ཚོ་དང་གྲོང་རྡལ་གྱི“བཅུ་ལྡན”བཟོ་སྐྲུན་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་བྱ་བར་བརྟག་ཞིབ་བྱས་ནས་མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བ་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས།

1.jpg

ཡུལ་ཚོ་དང་གྲོང་རྡལ་བཞི་ཡི་ཏང་ཨུ་གནས་སར། ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་ལས་བཟོ་བའི་སློབ་སྦྱོང་དང་གཞུང་དོན་སྒྲུབ་པ། ཟ་འཐུང་དང་སྡོད་ཁང་སོགས་མཁྲེགས་ཆས་སྒྲིག་བཀོད་དང་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ཁང(ས་ཚིགས)དང་ཡུལ་ཚོའི་ལོ་རྒྱུས་ཁང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་དམངས་ཕན་ཞབས་ཞུ་ལྟེ་གནས་དང་ཡུལ་ཚོ་དང་གྲོང་རྡལ་གྱི་མི་དམངས་དྲག་ཆས་པུའུ། ཁྲིམས་འཛིན་སུའོ་བཅས་སུ་བསྐྱོད་དེ་ལས་སྒོ་སྤེལ་བ་དང་སྐར་ཁུང་བཀོད་སྒྲིག ནུས་པ་བཀོད་སྒྲིག ལས་སྒྲུབ་བརྒྱུད་རིམ་དང་མི་སྣ་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་བཏོན་པའི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱ་གཞིར་བཟུང་ནས་གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་མངོན་གསལ་དོད་པོ་བཙུགས་ནས་གནད་དོན་གྱི་སྟོན་ཕྱོགས་དང་དམིགས་ཚད་ཀྱི་སྟོན་ཕྱོགས། གྲུབ་འབྲས་ཀྱི་སྟོན་ཕྱོགས་བཅས་རྒྱུན་འཁྱོངས་བྱེད་པ། ཡུལ་ཚོ་དང་གྲོང་རྡལ་གྱི“བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་བྱ་བ་དང་འཚོ་བའི་ཁོར་ཡུག་ཏུ་དེ་བས་ལེགས་པའི་སྒོ་ནས་མི་སྡོད་ཐུབ་པར་བྱས་ཏེ་རྒྱ་ཆེའི་ལས་བྱེད་པས་གཞི་རིམ་དུ་འབད་འབུངས་ཡར་བརྩོན་དང་ལས་སྒྲུབ་ལས་གཏོད་བྱ་རྒྱུར་སྐུལ་མ་གཏོང་དགོས་པ་དང་། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་གཡུལ་སའི་ནུས་པ་དང་ངེས་གནས་ཁོང་དུ་ཡང་དག་ཆུད་པ། མང་ཚོགས་ཀྱི་བྱེད་པོའི་གནས་བབ་རྒྱུན་འཁྱོངས། ནུས་པ་ཇུས་འགོད་འཐུས་ཚང་། ཞིབ་ཕྲ་ཅན་གྱི་ཞབས་ཞུ་ལེགས་གཏོང་། མང་ཚོགས་ཞུགས་པའི་ཐབས་ལམ་ཤར་བགྲོད། སྣ་མང་ཕུན་སུམ་ཚོགས་པ་དང་ལྟ་འདོད་ལ་ཉན་སྤྲོ་བའི་དཔལ་ཡོན་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ནས་དཔལ་ཡོན་ལག་ལེན་དེ་མང་ཚོགས་ཀྱི་སྒོ་འགྲམ་གྱི“ཞབས་ཞུའི་ས་ཚིགས”དང“བདེ་སྐྱིད་ས་ཚིགས”སུ་འགྱུར་བར་བྱེད་དགོས། ཡུལ་ཚོའི་ལོ་རྒྱུས་ཁང་འཛུགས་སྐྲུན་མགྱོགས་སུ་བཏང་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔར་བས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མི་རིགས་ལག་ཤེས་བཟོ་རྩལ་བས་གསར་རྩོམ་བྱ་རྒྱུར་སྐུལ་ལྕག་བྱེད་པ། དམངས་སྲོལ་ཐོན་རྫས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། རྡོ་བརྐོས་དང་འཚེམ་དྲུབ། པགས་རྩལ་སོགས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ལ། ཞབས་ཞུ་ལྟེ་གནས་ཀྱི་སྒྲིག་བཀོད་དང་སྒྲིག་ཆས་སྔར་བས་ཇེ་ལེགས་སུ་བཏང་ནས་ཡུལ་ཚོ་དང་གྲོང་རྡལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ་མང་ཚོགས་ལ་དེ་ལས་སྤྲོ་སེམས་འཕེལ་བ་དང་འཐུས་སྒོ་ཚང་བ། དམངས་ལ་སྟབས་བདེ་བ། ཕན་འབྲས་མཐོ་བ་བཅས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ནས་ཞབས་ཞུ་ལྟེ་གནས་དེ་དམངས་འཚོར་ཞབས་འདེགས་ཞུ་བའི་གཡུལ་ས་དང་སྤྱོད་ཚུལ་འགྱུར་ལྡོག་གཏོང་བའི་སྐར་ཁུང་། ཉམས་འགྱུར་མངོན་པའི་སྟེགས་བུ་བཅས་སུ་ཧུར་ཐག་བསྐྲུན་དགོས། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་སྒྲུབ་པ་དང་ཐབས་མང་མཉམ་སྤྱོད་ཀྱིས་རྒྱལ་སྲུང་དྲིལ་སྒྲོག་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དྲག་ཆས་བྱ་བའི་གསར་གཏོད་ཡར་བརྩོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྲིམས་འཛིན་སུའོ་ཡི་བྱ་བ་སོ་སོར་དམ་འཛིན་ཡག་པོ་བྱས་ནས་ཁྲིམས་འཛིན་སུའོ་ཡི་བཀོད་སྒྲིག་དང་རོགས་རམ་སློབ་གསོ་གཏོང་བའི་བྱ་བའི་ཁྲོད་ཀྱི་ལྟ་སྐུལ་དོ་དམ་གྱི་གཙོ་ཤུགས་ནུས་པ་དང་ཁྲིམས་སྐྱོང་དྲིལ་སྒྲོག་ཁྲོད་ཀྱི་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ནུས་པ། མི་དམངས་འདུམ་འགྲིག་བྱ་བའི་ཁྲོད་ཀྱི་མཐུན་སྦྱོར་མཛུབ་ཁྲིད་ནུས་པ་བཅས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ནས་རང་འགུལ་ངང་གཞི་རིམ་དུ་གཞི་ཚུགས་པ་དང་གཞི་རིམ་ལ་ཞབས་འདེགས་ཞུས་ནས་གཞི་རིམ་བརྟན་ལྷིང་དང་འཆམ་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

2.jpg

ཧུའེ་ཐུང་ཞང་པའོ་དམིགས་བསལ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་ཤ་བོ་སྐྱབས་ཀྱིས་གླ་གསོ་སྤེལ་དང་སྲིད་ཇུས་ཀྱི་རོགས་སྐྱོར། གསོ་སྤེལ་ལག་རྩལ། ནད་ཡམས་འགོག་བཅོས། ཁྲོམ་རའི་གནས་ཚུལ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་ལ་མུ་མཐུད་རྐང་བཙུགས་ནས། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་སུའོ་དང་བརྗེ་རེས་མཉམ་ལས་གཏིང་ཟབ་བྱས་ཏེ་རང་འགུལ་ངང་ལག་རྩལ་གྱི་རྒྱབ་སྐྱོར་དང་ཆེད་མཁས་པས་མཛུབ་ཁྲིད་འཚོལ་ཞིབ་ཀྱིས་རྒྱུན་ཆད་མེད་པར་བསམ་བློ་བཅིངས་འགྲོལ་དང་ཕན་ཡོད་ཀྱི་བྱེད་ཐབས་འཚོལ་ཞིབ། སོན་ཁུངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་ཆེར་གཏོང་བ། ལག་རྩལ་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། རྒྱུད་བཟང་གསོ་སྤེལ་ལ་མཐོང་ཆེན་བཅས་བྱས་ནས་གླའི་ཐོན་ལས་སྟོབས་ཆེར་བཏང་སྟེ་གླའི་རྒྱུད་སྤེལ་གྱི་རྟེན་གཞི་ཧུར་ཐག་སྒོས་བསྐྲུན་དགོས་པ་ནན་གྱིས་བསྟན།

3.jpg

ཤར་ཐང་གསེར་ལུང་སྡེ་བ་རུ་ཤ་བོ་སྐྱབས་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་ཉན་ནས་དམངས་འཚོའི་བཟོ་སྐྲུན་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། མི་སྡོད་ཁོར་ཡུག་བཅོས་སྒྲིག སྡེ་བའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས་ཀྱིས་སྡེ་བའི་ཐུན་མོང་མ་ཡིན་པའི་རང་བྱུང་གི་རི་ཆུ་ནགས་གསུམ་གྱི་ཐོན་ཁུངས་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ནས། གཅིག་གྱུར་གྱིས་འཆར་འགོད་དང་ཁྱད་ཆོས་ལྡན་པའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གཞི་རྒྱུ་མཐོ་རུ་གཏོང་བ། ཞིང་ལས་ཐོན་སྐྱེད་དང་དམངས་སྲོལ་གོམས་གཤིས་སོགས་མཉམ་འདྲེས་བྱེད་པ། སྲོལ་རྒྱུན་གྱི་གྲོང་སྡེ་ཧུར་ཐག་བསྐྲུན་ནས་འཚེམ་དྲུབ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། སྤྲོ་གསེང་རོལ་རྩེད་དང་སྐྱེ་ཁམས་ལྟ་སྐོར། ཞིང་ཁྱིམ་ཟས་མཆོག་རོལ་མྱོང་། དམངས་སྲོལ་གནས་ཚང་ཉམས་ལེན་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ས་གནས་ཀྱི་རིག་གནས་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཆས་རྟགས་གཏོད་པ་བཅས་བྱས་ནས་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་འཕྲོག་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་ཕན་འབྲས་དངོས་ཐོན་རྒྱུར་འབད་བརྩོན་བྱེད་དགོས་པ་ནན་གྱིས་བསྟན།


དེའི་རིང་། ཤ་བོ་སྐྱབས་ཀྱིས་ད་དུང་འཇུ་ལག་རྫོང་མི་དམངས་མཁའ་ཟོན་ས་འོག་བཀོད་འདོམས་པུའུ་ལ་ལྟ་སྐོར་བྱས་ཏེ་ཡུལ་དངོས་ནས་མི་དམངས་མཁའ་ཟོན་བཟོ་སྐྲུན་སྲུང་སྐྱོབ་བྱས་ཚུལ་ལ་ལྟ་ཞིབ་བྱས། མཁའ་ཟོན་སྔོན་འགོག་ཐད་བདེ་འཇགས་ཞིབ་དཔྱད་ཚད་ལེན་དང་རྨང་གཞིའི་ཉམས་གསོ་བྱས་ཏེ་གནས་ཚུལ་ངོ་མ་སླར་གསོ་དང་གསར་བརྗེའི་ཐོན་ཁུངས་ཏན་ཏིག་སྤྱོད་པ། མི་དམངས་མཁའ་ཟོན་བཟོ་སྐྲུན་ལོ་རྒྱུས་ཀྱི་ནང་དོན་སྔར་བས་སྔོག་འདོན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་གྱིས་འཇུ་ལག་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་དང་དྲིལ་སྒྲོག་བཅས་ཀྱི་སྐར་ཁུང་གསར་བ་དང་མིང་བྱང་གསར་བ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པ་ནན་གྱིས་བསྟན།

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་དང་། ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་སུང་ཞུག་ཙུང་གིས་བརྟག་ཞིབ་ལ་ཕེབས་རོགས་བྱས།


མཉམ་སྤྱོད།