དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-27 08:51:01   |   197

སྒྲིག་སྒྱུར།   སངས་དོན།  ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི2023ལོའི་ལོ་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་ལུའུ་ལར་འཚམས་འདྲིའི་གློག་འཕྲིན་བཏང་།

  • མིག་སྔར། རྒྱལ་ཡོངས་སུ་དཔྱིད་འདེབས་འབྲུ་རིགས་མུའུ་ཁྲི5500ལྷག་ཙམ་ཟིན་པ་དང་། དགུན་གྲོ་དང་དགུན་ཁའི་ལོག་དཀར་ཆུང་བའི་དཔྱིད་དུས་གྲ་སྒྲིག་ལས་དོན་མགྱོགས་སུ་གཏོང་བཞིན་ཡོད་པ་རེད།

  • ཚེས26ཉིན། རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཡིན་པའི་ཆིན་ཀང་གིས་པེ་ཅིང་དུ་ཧུང་ཏུའུ་ལ་སིའི་ཕྱི་འབྲེལ་པུའུ་ཀྲང་ལེ་ན་དང་གྲོས་མོལ་གནང་བ་དང་། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་ཚབ་ཞུས་ནས་ཀྲུང་ཧུང་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པའི་སྤྱི་བསྒྲགས་ལ་མིང་རྟགས་བཀོད་པ་རེད།

  • ཀྲུང་དབྱང་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན།  2022ལོར་དམངས་སྒོར་རྒྱལ་མཚམས་སྒྲོལ་བའི་གཏོང་སྤྲོད་མ་ལག་གི་ལས་སྒོ་ཁྲི440.04ཐག་གཅོད་བྱས་ཤིང་། དུས་མཚུངས་ལས31.68%འཕར་ཡོད།

  • བཟོ་འཕྲིན་པུས་ད་ལོ་རྒྱལ་ཡོངས་ཀྱི་ཆེད་ལས་ཅན་དང་། སྤུས་ལེགས་ཅན། ཁྱད་ལྡན་ཅན་གྱི་ཁེ་ལས་འབྲིང་ཆུང་ཁྲི8ལས་བརྒལ་བའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བསྟན།

1.jpg

  • ཚེས26ཉིན། རང་རྒྱལ་གྱི་མཚོ་གཡེང་རྣམ་པའི་རླུང་གློག་ལས་སྟེགས་དང་པོ་སྟེ། “མཚོ་སྣུམ་ཀོན་ལན་རྟགས་ཅན(海油观澜号)”དེ་ཀོང་ཏུང་ཀྲུའུ་ཧེ་རུ་ཐོན་ནས་ཧེ་ནན་ཝུན་ཁྲང་མཚོ་ཁོངས་སུ་བསྐྱོད་པ་དང་། ཐོན་སྐྱེད་བྱས་རྗེས་ལོ་རེར་གློག་གཏོང་ཚད་ཏུའུ་ཁྲི2200ཟིན་གྱི་ཡོད།

  • ཀྲུང་གོ་རྡོ་སྣུམ་ཏ་ཆིང་སྣུམ་ཞིང་གིས་ཚེས26ཉིན་ཁྱབ་བསྒྲགས་བྱས་དོན། སྣུམ་ཞིང་གིས་རིམ་རྩིས་བྱས་ན་མ་བཅོས་རྡོ་སྣུམ་ཐོན་སྐྱེད་བྱེད་ཚད་ཏུན་དུང་ཕྱུར25ལས་བརྒལ་ཡོད། དེས་རྒྱལ་ཡོངས་ཀྱི་སྐམ་སའི་མ་བཅོས་རྡོ་སྣུམ་གྱི་སྤྱིའི་ཐོན་ཚད་ཀྱི36%བཟུང་ཡོད།

  • ཚེས26ཉིན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ཁེ་ལི་སི་ཐ་ལི་ནཱ·ཀེ་ཨོར་ཅི་ཡེ་ཝ་ཡིས(国际货币基金组织总裁斯塔利娜格奥尔基耶娃)ད་ལོ་ཀྲུང་གོས་འཛམ་གླིང་དཔལ་འབྱོར་གོང་འཕར་གྱི་ལེགས་སྐྱེས་འབུལ་ཚད1/3ལས་བརྒལ་རྒྱུ་རེད་ཅེས་བཤད་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཟླ4ཚེས1ནས4ཉིན་བར། མཁའ་རླུང་གྲང་མོའི་བརྒྱུད་རིམ་ཞིག་ཡོད་པ་དང་། རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་དྲོད་ཚད་མངོན་གསལ་དོད་པོས་ཆག་པ་དང་། དབུས་ཤར་རྒྱུད་ས་ཁུལ་དུ་ཆར་པ་འབབ་པ་དང་། ནུབ་བྱང་ས་ཁུལ་གྱི་བྱང་རྒྱུད་སོགས་སུ་རླུང་ཆེན་དང་བྱེ་རྡུལ་གྱི་གནམ་གཤིས་ཐོན་རྒྱུ་རེད།

  • ཉེ་ཆར་ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་རྫས་ལུད་ཐོན་རྫས་ཀྱི་སྤུས་ཚད་རྒྱལ་ཁབ་ཀྱི་ལྟ་སྐུལ་འཐེན་བཤེར་བྱས་འབྲས་ཁྱབ་བསྒྲགས་བྱས། ལིན་ལུད(磷肥)འཐེན་བཤེར་གྱི་ཚད་གཞི་ལོན་མེད་པ46%ཟིན་ཡོད།

2.jpg

  • ཚེས26ཉིན། ཁྲེང་ཏུའུ(成都)ནས་ཙི་ཀུང(自贡)། དེ་ནས་དབྱི་པིན(宜宾)བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཟམ་པ་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། སྔོན་དཔག་བྱས་ན་ལོ་མཇུག་ཏུ་ཤར་གཏོང་ཐུབ་རྒྱུ་རེད།

  • ཀྲུང་གོ་རྐམ་ས་ཆེན་པོ་དང་ཐེ་ཝན་གྱི་ཐད་གཏོང་གནམ་གྲུ་སླར་གསོ་བྱས་ཚུན་གྱི་དུས་གཏན་གནམ་གྲུ་ཐོག་མ་དེ་ཚེས26ཉིན་ཧྲེན་ཀྲེན་པའོ་ཨན་རྒྱལ་སྤྱིའི་གནམ་ཐང་དུ་འཕུར།

  • ཉེ་ཆར། རྒྱལ་ཁབ་གཏེར་རིའི་བདེ་འཇགས་ལྟ་ཞིབ་ཅུའི་ཧྲན་ཤིས(山西)ཅུ་ཡིས་ཧྲན་ཤིས་ཅིན་མེ་ཐའེ་ཀང་ནུས་རྒྱུ་ཚད་ཡོད་འགན་འཁྲི་ཀུང་སིས་ལས་འཛོལ་གཉིས་སྦ་གསང་བྱས་པར། མི34ལ་འགན་འཁྲི་བདའ་འདེད་བཏང་བ་རེད།

  • ཉེ་ཆར། མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་གཉེར་སྐྱོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན10བཟུང་བ་དང་། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར1.5ཟིན་ཡོད།

  • ཚེས26ཉིན། “ཕྱི་རོལ་དུ་རྩ་མེད་དུ་གྱུར་བ”ཁྱབ་བསྒྲགས་བྱས་པའི་འབྲི་ཆུའི་ཤོན(长江鱘)ལོ23སོང་རྗེས། སི་ཁྲོན་དབྱི་པིན་རང་བྱུང་ཆུ་ཁོངས་སུ་རང་ཤུགས་སུ་སྒོ་ང་གཏོང་ཐེངས་དང་པོ་མངོན་འགྱུར་བྱུང་ཡོད།

  • ཀྲུང་གོ་ཚན་རིག་ཁང་རྒྱ་མཚོ་ཞིབ་འཇུག་སུའོ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་རྒྱུན་རྣམ་ཅན་གྱི་མཚོ་གཏིང་དུ་ཡུན་རིང་བསྟུད་མར་ལྟ་ཞིབ་བྱེད་པའི་འཚོལ་ཞིབ་ལས་སྟེགས་བཙུགས་ཡོད།

3.jpg

  • ཧྲན་ཏུང་ཧོ་ཙེ(山东菏泽)གྲོང་གསེབ་ཀྱི་སྨན་པ་ཆི་ཧྥེང་ཐིང་གིས་སྨན་པ་ལོ52བྱས་པ་དང་། སྨན་སྒམ་ཁུར་ནས་གྲོང་ཚོའི་དུད་ཚང་དུ་བསྐྱོད་དེ་གྲོང་མིར་སྨན་བཅོས་བྱས་པས། གྲོང་མི་ཁག་གཅིག་གི་སྨན་རིན་རིམ་རྩིས་བྱས་ན་སྒོར་ཁྲི40ལྷག་ཙམ་རྩ་ཆག་བཏང་བ་རེད།

སྲིད་ཇུས།

  • ཁྲུང་ཆིང་གིས་བྱ་ཐབས་ཁྱབ་བསྒྲགས་བྱས་པར་གཞིགས་ན། གླ་གཏོང་རླངས་འཁོར་གྱིས་ཆུ་ཚོད་ལ་བརྟེན་ནས་རིན་དངུལ་མི་ལེན་པ། འགྲུལ་སྐྱེལ་སྤ་སེ་མི་སྤྲོད་པ། བཙན་ཤེད་ཀྱིས་རླངས་འཁོར་སྒྲིག་སྦྱོར་བྱེད་པ་སོགས་ཀྱི་གནས་ཚུལ་འཕྲད་ཚེ་རླངས་འཁོར་གྱི་གྲོན་དངུལ་མ་སྤྲད་ན་ཆོག་པ་རེད།

  • ཀྲེ་ཅང་གིས་བརྡ་ཐོ་བཏང་ནས་བུ་བཅོལ་ཁང་གི་སློབ་མ་བསྡུ་སྐབས། རྒྱུགས་སྤྲོད་མི་དགོས་པར་བུ་བཅོལ་ཁང་དུ་ཞུགས་རྒྱུ་དང་བདེ་ཐང་བརྟག་དཔྱད་ཕུད། བྱིས་པ་དང་ཁྱིམ་བདག་ལ་རྣམ་པ་གང་རུང་གི་ཡིག་རྒྱུགས་གཏོང་མི་ཆོག་པའི་གཏན་འབེབས་བྱས་ཡོད།

  • ཡུན་ནན་གྱིས་བརྡ་ཐོ་བཏང་ནས་ཆེད་ལས་ལག་རྩལ་མི་སྣའི་གོ་མིང་གི་གློག་རྡུལ་ལག་ཁྱེར་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས་ཤོག་རིགས་ལག་ཁྱེར་མི་སྤྲོད་པ་དང་གསབ་སྒྲུབ(补办)བྱེད་རྒྱུ་མ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད་དང་། མཚོ་སྔོན་ལྷོ་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཧྭ་ལྷོའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རེད།

4.jpg

  • རྒྱུགས་སྤྲོད། པེ་ཅིང་གྲོང་ཁྱེར་གྱི2023ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་ལུས་རྩལ་ཆེད་ལས་ཡིག་རྒྱུགས་དེ་ཟླ4ཚེས8དང9ཉིན་ལེན་རྒྱུ་རེད།

  • ཕྱིར་སྐྱོད།  ཁུན་མིང(昆明)ལྷོ་ཕྱོགས་ནས་ཤང་ཀང་ནུབ་ཅིའུ་ལུང(九龙)བར་གྱི་ཤུགས་འགྲེམས(动车)མེ་འཁོར་དེ་ཟླ4ཚེས2ཉིན་ནས་བཟུང་གཏོང་མགོ་ཚུགས་པ་དང་། ཀུའེ་དབྱང་བྱང(贵阳北)དང་། ཀུའེ་ལིན(桂林西)ནུབ། ཀོང་ཀྲོའུ་ལྷོ(广州南)། ཧྲེན་ཀྲེན་བྱང(深圳北)བཅས་བརྒྱུད་དགོས་ཀྱི་ཡོད་པ་རེད།


མཉམ་སྤྱོད།