དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་དུ་གཙོ་གནད་ལས་དོན་འབྲེལ་མཐུད་བྱས།

2023-03-27 09:51:02   |   172

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མཚོ་བྱང་སྲིད་དོན།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་ཆར་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་འཕྲལ་སྡོམ་དོ་དམ་ཅུ་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོའི་སྣེ་ཁྲིད་དེ་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གི་ཏང་ཨུའི་ཧྲུའུ་ཅི། ཐིང་ཀྲང་ཧན་ཤང་ཧོས་དང་འབྲེལ་ཡོད་ཁྲུའུ་ཡི་འགན་འཁུར་བར་མཇལ་འཕྲད་གནང་བ་དང་། འབྲེལ་མཐུད་ཀྱི་གཙོ་གནད་ལས་དོན་སྙན་སེང་ཞུས།

1.png

ཀྲང་ཧྲིང་ཡོན་གྱིས་ཐིང་ཀྲང་ཧན་ཤང་ཧོས་དང་ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་འཕྲལ་སྡོམ་མ་ལག་དང་ནུས་པ་འཛུགས་སྐྱོང་། ནུས་རྒྱུ་འགན་ལེན། བདེ་འཇགས་ཐོན་སྐྱེད། གནོད་འཚེ་སྔོན་འགོག། གེགས་སེལ། འཕྲལ་སྡོམ་ཐོལ་བྱུང་ཐག་གཅོད་སོགས་ཐད་ཐུགས་ཁུར་དང་མཛུབ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲལ་སྡོམ་དོ་དམ་གྱི་གསུང་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་དང་། འཕྲལ་སྡོམ་དོ་དམ་མ་ལག་གི་ནུས་པའི་འཛུགགས་སྐྲུན་མགྱོགས་མྱུར་ངང་སྔོན་འདེད་བྱས་ཏེ། རྣམ་པ་གསར་བའི་བདེ་འཇགས་ཀྱི་ལས་རྣམ་གྱིས་རྣམ་པ་གསར་བའི་འཕེལ་རྒྱས་ཀྱི་ལས་རྣམ་ལ་འགན་སྲུང་བྱེད་པ་དང་། མཚོ་བྱང་གི་བདེ་འཇགས་དེས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ལ་རོགས་འདེགས་བྱེད་རྒྱུ་ཡིན་པ་བསྟན།

ཧན་ཤང་ཧོས་ཡིས་ཀྲང་ཧྲིན་ཡོན་དང་བཅས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འཕྲལ་སྡོམ་དོ་དམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། མཚོ་བྱང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ནས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་སྔར་བས་ཡག་པོ་དང“ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་དེའི་དུས་བདེ་འགན་ལེན་བྱེད་པའི”ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པའི་བྱེད་ཐབས་ལ་བསྔགས་བརྗོད་བྱས་པ་རེད། ཁོང་གིས་བསྟན་དོན། མཚོ་བྱང་གིས་བདེ་འཇགས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་བསྐྲུན་ནས་བདེ་འཇགས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བརྩོན་ལེན་བྱེད་པ་དང་།  གཙོ་གནད་དང་དཀའ་གནད་ལ་དམིགས་ནས་ཞན་ཆ་གསབ་པ་དང་ཉམས་ཞན་སྟོབས་ཆེར་བཏང་ནས་འཕྲལ་སྡོམ་དོ་དམ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ།  ངོ་བོའི་བདེ་འཇགས་ཆུ་ཚད་མཐོ་རུ་བཏང་ནས་བདེ་འཇགས་དེ“དག་སྣང་མཚོ་བྱང”གི་ཆེས་མཛེས་སྡུག་ལྡན་པའི་གཞི་རྟེན་དུ་འགྱུར་དགོས་པ་བསྟན།

ཞིང་ཆེན་འཕྲལ་སྡོམ་དོ་དམ་ཐིང་དང་མཚོ་བྱང་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྲོས་མོལ་ནང་ཞུགས།


མཉམ་སྤྱོད།