རྩོམ་སྒྲིག སངས་དོན། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།
2023ལོའི་རྒྱལ་ཡོངས་ཀྱི་ལམ་ཕྱེད་མ་ལ་སུང་གཟེངས་རྟགས་འགྲན་སྡུར(ཧྲའོ་ཞིན་ཧྲང་ཡུས་ས་ཚིགས)ཟླ3པའི་ཚེས26ཉིན་ཀྲེ་ཅང་ཧྲའོ་ཞིན་དུ་སྤེལ་མགོ་བརྩམས་ཤིང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་འབྲིང་རྒྱང་རྒྱུག་ལུས་རྩལ་པ་མ་ཝུན་ལེང་གིས་ཆུ་ཚོད1དང་སྐར་མ05སྐར་ཆ08ཀྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ཚན་ཆུང་གི་ལམ་ཕྱེད་མ་ལ་སུང་འགྲན་སྡུར་ཁྲོད་ཨང་གཉིས་པ་བླངས་ཤིང་། ལྷ་བྱམས་རྒྱལ་གྱིས་ཆུ་ཚོད1དང་སྐར་མ08སྐར་ཆ42ཀྱི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ཚན་ཆུང་གི་ལམ་ཕྱེད་མ་ལ་སུང་འགྲན་སྡུར་ཁྲོད་ཨང་ལྔ་བ་བླངས་ལ། གཅོད་པ་ཚེ་རིང་གིས་ཆུ་ཚོད1དང་སྐར་མ09སྐར་ཆ10ཡི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ཚན་ཆུང་གི་ལམ་ཕྱེད་མ་ལ་སུང་འགྲན་སྡུར་ཁྲོད་ཨང་དྲུག་པ་བླངས། རྡོ་རྗེ་མཚོ་མོས་ཆུ་ཚོད1དང་སྐར་མ21སྐར་ཆ59ཡི་གྲུབ་འབྲས་ཐོག་ནས་སྐྱེས་མའི་ཚན་ཆུང་གི་ལམ་ཕྱེད་མ་ལ་སུང་འགྲན་སྡུར་ཁྲོད་ཨང་གཉིས་པ་བླངས་ལ། ཀུན་མཚོ་སྐྱིད་ཀྱིས་ཆུ་ཚོད1དང་སྐར་མ29སྐར་ཆ56གི་གྲུབ་འབྲས་ཐོག་ནས་སྐྱེས་མའི་ཚན་ཆུང་གི་ལམ་ཕྱེད་མ་ལ་སུང་འགྲན་སྡུར་ཁྲོད་ཨང་བཞི་བ་བླངས།