དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་སྲིད་གཞུང་དང་ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་གིས་འཐབ་ཇུས་མཉམ་ལས་ཀྱི་བཞུགས་མོལ་ཚོགས་འདུ་འཚོགས།

2023-03-27 15:24:40   |   181

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ3ཚེས24ཉིན། ཀྲུང་གོ་ཞིང་ལས་འཕེལ་རྒྱས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་ཝང་ཉིང་དང་བཅས་པ་མཚོ་བྱང་ཁུལ་ཏུ་བརྟག་ཞིབ་བྱེད་པར་ཕེབས་ཏེ། སྔར་བས་འབྲེལ་འདྲིས་གཏིང་ཟབ་དང་འཐབ་ཇུས་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པར་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས།  ཁུལ་དཔོན་གཞོན་པ་དབྱིན་མའོ་ཝུན་ཚོགས་འདུར་ཕེབས་པ་དང་གསུང་བཤད་གནང་། ཁུལ་འཕེལ་སྒྱུར་ཨུ་ལྷན་དང་ནོར་སྲིད། བཟོ་ལས་དང་ཆ་འཕྲིན་ཅན། འགྲིམ་འགྲུལ། ཞིང་ཕྱུགས། རྒྱལ་ཁབ་མ་འཇོག་སོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།

1.jpg

བཞུགས་མོལ་ཚོགས་འདུའི་ཐོག  ཝང་ཉིང་གིས་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་གི་དངུལ་བུན་སྲིད་ཇུས་དང་། རྒྱབ་སྐྱོར་ཁྱབ་ཁོངས། འཁོར་རྒྱུག་བྱེད་སྟངས་སོགས་ཐད་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་མ་ཟད། མཚོ་བྱང་ཁུལ་སྲིད་གཞུང་གིས་ཞིང་ཆེན་ཞིང་ལས་འཕེལ་རྒྱས་དངུལ་ཁང་ལ་སྔར་ནས་ད་བར་དུ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་གིས་མཚོ་བྱང་ཁུལ་གྱི་གསར་བརྗེའི་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་དང་། སྐྱེ་ཁམས་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ། ས་མཐོའི་ཕྱུགས་ལས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་ཐོག་ནས་བྱ་གཞག་ཁག་འཕེལ་རྒྱས་གཏོང་བའི་མདུན་ལམ་ཆེན་པོ་ལྡན་པ་ཡིན་ལ། ཞིང་ཆེན་ཞིང་ལས་གསར་སྤེལ་དངུལ་ཁང་གིས་མཐོན་པོ་སྒང་གི་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་རྣམ་གྲངས་མཉམ་ལས་འཇུག་སྒོར་བྱས་ཏེ། EODམ་དངུལ་བསྡུ་སྒྲིལ་བྱེད་སྟངས་མཚོ་བྱང་དུ་སྔོན་ལ་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འབྲེལ་གཏུག་སྦྲེལ་མཐུད་སྔར་བས་དམ་ཟབ་ཀྱིས་རིམ་པ་དེ་བས་གཏིང་ཟབ་པ་དང་ཁྱབ་ཁོངས་དེ་བས་ཆེ་བའི་ལས་སྒོའི་མཉམ་ལས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བསྟན།

2.jpg

དབྱིན་མའོ་ཝུན་གྱིས་ཝང་ཉིང་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཞིང་ཆེན་དང་ཁུལ་གྱི་ཞིང་ལས་གསར་སྤེལ་དངུལ་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། མཚོ་བྱང་ཁུལ་གྱིས“243”འཕེལ་རྒྱས་ཀྱི་བཀོད་པ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། “མཚོ་བྱང་ལྔ”འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ལྷག་པར་དུ་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཚོད་ལྟ་དང་། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། སྐྱེ་ཁམས་གནས་སྐོར་དཔེ་སྟོན་ཁུལ་གཏོད་པ། གྲོང་གསེབ་དར་རྒྱས་ཀྱི“བྱ་སྤྱོད་ཆེན་པོ་བརྒྱད”སོགས་གཙོ་གནད་ལས་དོན་དང་གཙོ་གནད་རྣམ་གྲངས་ཁག་གཅིག་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་པོ་ཡོང་བའི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། སྒུལ་ནུས་རྒྱུན་ཆད་མེད་པར་གསོག་འཇོག་བྱེད་བཞིན་ཡོད།   ཞིང་ཆེན་ཞིང་ལས་གསར་སྤེལ་དངུལ་ཁང་གིས་མཚོ་བྱང་ལ་མུ་མཐུད་དུ་དོ་ཁུར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་དར་སྤེལ།  སྐྱེ་ཁམས་གནས་སྐོར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ལ་དམིགས་ནས་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། འཐབ་ཇུས་མཉམ་ལས་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གཉིས་ཁེ་གཉིས་ཕན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པའི་རེ་བ་བཏོན།

3.jpg

བཞུགས་མོལ་གྱི་སྐབས་སུ། འབྲེལ་ཡོད་སྡེ་ཚན་གྱིས་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་རྣམ་གྲངས་དང་། ནུབ་མཚོའི་འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཕྱོགས་བསྡུས་ཞབས་ཞུའི་རྣམ་གྲངས། 2023ལོའི་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་གསལ་ཐོ་དང་མ་དངུལ་བསྡུ་སྒྲིལ་གྱི་འཆར་གཞི་བཅས་ངོ་སྤྲོད་ཞིབ་ཕྲ་བྱས་པ་དང་། ཚོགས་ཞུགས་མི་སྣས་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་ཡོ་བྱད་ཀྱིས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར་རོགས་སྐྱོར་བྱེད་པའི་ཐད་ཀྱི་གཏམ་བཤད་སྤེལ། 


མཉམ་སྤྱོད།