དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་ཨུས་མོ་བློན་མཐོན་པོ་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ།

2023-03-27 17:22:01   |   727



རྩོམ་སྒྲིག   སངས་དོན།   ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཉེ་ཆར། མདོ་ལ་རྫོང་ཨུས་རྫོང་ཡོངས་ཀྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་དང་། མཁར་གྲོང་ཏང་ཨུ་དང་རྫོང་ཐད་གཏོགས་སྡེ་ཚན་གྱི་ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅི་རྣམས་རྩ་འཛུགས་བྱས་ཏེ། མདའ་བཞི་རྫོང་མོ་བློན་མཐོན་པོ་ནས་རྫོང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་སྤེལ།

སྔ་རྗེས་སུ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་། དུས་རབས་ཀྱི་མིག་དཔེ་འབྲོག་པ་ཧྲིན་ཀྲང་སྐལ་བཟང་དྲན་གསོ་ཁང་། མོ་བློན་མཐོན་པོའི221རྟེན་གཞི་སྔ་མའི་མཁའ་དམག་སྲུང་སྐྱོང་རུ་དཔུང་གི་སྒྲིག་ཆས་གནས་རྙིང་བཅས་ལ་ལྟ་སྐོར་དང་རྟོག་ཞིབ་བྱས།

མོ་བློན་མཐོན་པོ་ནས་དེ་སྔའི221མཁའ་དམག་དམག་སྒར་དེའི་གསར་བརྗེའི་ལོ་རྒྱུས་ཡིད་ལ་བརྟན་པོར་ངེས་ཏེ། དུས་རབས་གསར་བའི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། གསར་བརྗེའི་ལོ་ཟླ་དྲན་གསོ་བྱེད་པ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། བྱ་སྤྱོད་དངོས་ཀྱི་ཐོག་ནས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཏེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་དེང་རབས་ཅན་གྱི་མདོ་ལ་གསར་བ་འཛུགས་སྐྲུན་བྱེད་ཆེད་སྲ་མཁྲེགས་ལྡན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན། 

མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ། “འབར་མདེལ་གཉིས”ཞིབ་བཟོ་བྱས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། ཞིབ་བཟོའི་བརྒྱུད་རིམ། “འབར་མདེལ་གཉིས”ཀྱི་བྱས་རྗེས་ཅན་དང་རྒྱ་ཆེའི་རྒན་རབས་ཚན་རྩལ་ལས་དོན་པ་དག་གིས་གསེར་དངུལ་ཐང་དུ་རང་མིང་གསང་ཞིང་རང་དོན་བློས་གཏོང་གིས་འབད་བརྩོན་དང་། དཀའ་སེལ་འགག་སྒྲོལ་བྱས་པའི་ཡིད་འགུལ་ཐེབས་པའི་གཏམ་རྒྱུད་ལ་རྒྱུས་ལོན་གཏིང་ཟབ་བྱས།

 དུས་རབས་ཀྱི་མིག་དཔེ་དྲན་གསོ་ཁང་དུ། པར་རིས་རེ་རེ་དང་བཤམས་སྟོན་དངོས་རྫས་རེ་རེ་བརྒྱུད་ནས་དུས་རབས་ཀྱི་མིག་དཔེ་སྐལ་བཟང་ལགས་ལོ་ངོ་དྲུག་ཅུར་སྲིད་དོན་ལ་ཞུགས་པའི་འོད་སྟོང་འབར་བའི་ལོ་རྒྱུས་དང་། བློ་མཐུན་ལེན་ཧྥུའུ་ཀྲང་གི་སྐུ་ཚེ་ཧྲིལ་བོར“རང་དོན་བློས་གཏོང”བྱས་པའི་མི་སེམས་འགུལ་བའི་ལག་རྗེས་ལ་རྒྱུས་ལོན་བྱས་ཏེ། སེམས་པ་གཙང་དག་དང་། སྙིང་སྟོབས་ཆེར་སྐྱེད། ཧུར་སེམས་འཕེར་བར་བྱས།

བྱེད་སྒོར་ཞུགས་མཁན་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་ཀྱིས་མོ་བློན་མཐོན་པོའི“གསར་བརྗེའི་དན་རྟགས”ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་དང་། ཕུགས་བསམ་དང་དད་མོས་སྲ་བརྟན། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་དུ་གཏོང་བ། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་རྩ་དོན་ཡིད་ལ་བརྟན་པོར་ངེས་པ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་སྙིང་སྟོབས་ཀྱི་རྣམ་པའི་ཐོག་ནས། རང་འཁྲིའི་ལས་རྐང་ལ་གཞི་ཚུགས་པ་དང་། རང་འགན་གཙང་སྒྲུབ་ནན་ཏན་བཅས་ཀྱི་སྒོ་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་རྩོམ་དགོས་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།


མཉམ་སྤྱོད།