དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-28 08:54:12   |   242

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་སྐོར་གྱི་ཞི་ཅིན་ཕིང་གི་གསུང་བཤད་གནད་བསྡུས》ཞེས་པའི་དཔེ་དེབ་དེ། ཉེ་ཆར། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

  • སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་ཞིབ་བྱ་ཡུལ་ཡོངས་བསྒྲགས་བྱས།

  • ཞིང་ལས་ཀྱི་གནས་ཚུལ་བཀོད་གཏོང་ལས་མངོན་པ་ལྟར་ན། ད་ལོའི་དབྱར་འབྲུའི་ཐོན་སྐྱེད་ཀྱི་རྨང་གཞི་ཅུང་ཡག་པོ་ཡོད་པ་དང་། དགུན་གྲོ་འདེབས་ཁྱོན་བརྟན་པོའི་ཁྲོད་གོང་འཕར་བྱུང་ཡོད། མིག་སྔར། དགུན་གྲོ་རིགས་དང་པོ་དང་གཉིས་པའི་མྱུ་གུ་བསྡུར་ཚད་89.4%ཟིན་ནས་སྐྱེ་ཚུལ་ལོ་གོང་མ་དང་དུས་རྒྱུན་ལས་ཡག་པ་ཡོད།

  • ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ1པོ་ནས2པའི་བར། རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩ་མིན་པའི་རིགས་ལ་ཐད་ཀར་མ་དངུལ་དམངས་སྒོར་དུང་ཕྱུར1360.6བཏང་། དུས་མཚུངས་ལས35.7%འཕར་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས2པའི་བར། རང་རྒྱལ་གྱི་མཉེན་ཆས་ལས་སྒོའི་ཡོང་འབབ་དུས་མཚུངས་ལས11%འཕར་བ་དང་། མཉེན་ཆས་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས12.2%འཕར་ཡོད།

1.jpg

  • ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཡོངས་ཀྱི་མྱུར་སྐྱེལ(快递)དང་ཕྱིར་འཚོང(外面)སྐྱེལ་མཁན་སོགས་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་ཁྲི8400ཟིན་ཡོད།

  • ཉེ་ཆར། མཚོ་དམག་གིས་ན་གཞོན་དང་གཞོན་ནུ་མཁའ་སྐྱོད་སློབ་གྲྭའི(航校)ལོ་འཁོར་གྱི་སློབ་བསྡུའི་བདམ་འཁེལ(定选)ལས་དོན་སྤེལ་མགོ་ཚུགས།  དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མའི་ཁྲོད་ནས་སྔོན་ལ་གྲུ་ཐོག་གནམ་གྲུའི་ཁ་ལོ་བ་བདམས་གསོ་བྱ་རྒྱུ་རེད།

  • གནས་སྐོར་པུས་བརྡ་ཐོ་བཏང་ནས་ཟླ4ཚེས1ཉིན་ནས་བཟུང་། ཕྱི་ཕྱོགས་རིག་གནས་དང་གནས་སྐོར་སྤེལ་རེས་ལ་ཞིབ་བཤེར་ཆོག་མཆན་སྤྲོད་རྒྱུ་སླར་གསོ་བྱས་པ་རེད།

  • ཚེས27ཉིན། མ་དབྱིང་ཅིའུ(马英九)ཡིས་འཐུས་མི་ཚོགས་པ་ཁྲིད་དེ་ཧྲང་ཧའེ་རུ་འབྱོར་བ་དང་འབྲེལ་ནན་ཅིང་དུ་ཕེབས་པ་རེད།

སྤྱི་ཚོགས།

  • དེ་རིང་ནས་ཚེས30ཉིན་བར། འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན(华南)སོགས་སུ་ཆར་པ་ཆེན་པོ་འབབ་པ་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ལྷོ་རྒྱུད་དང་ཧྭ་ནན་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་ཀྱི་རེད།

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རྒྱལ་ཡོངས་སུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས(诈骗)གྱོད་གཞི་ཁྲི46.4རྩད་ཆོད་པ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་བཟའ་བཏུང་ཆུད་ཟོས་བཀག་འགོག་བྱ་རྒྱུ་དེ་ཟ་ཁང་ལས་རིགས་ཀྱི་ཡིད་རྟོན་གདེང་འཇོག་གི་རྒྱལ་ཁབ་ཀྱི་ཚད་གཞིའི་ནང་འཇུག་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།

  • ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཏང་ཙུའི་ཁོངས་མི། དེ་སྔའི་ཀྲུའུ་ཞི་གཞོན་པ་ལི་ཙའེ་ཡུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ལས་རིགས་རྩལ་ནུས་འགྲན་བསྡུར་སྐབས་བཅུ་པ་མཇུག་འགྲིལ་བ་དང་། ཀྲུང་གོའི་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ6དང་། དངུལ་གྱི་རྟགས་མ7དང་ཟངས་ཀྱི་རྟགས་མ7བཅས་ཐོབ་པ་རེད།

2.png

  • ཚེས27ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་གོ་ལ་ཧྲིལ་པོའི་ཤོང་ཚད་ཆེས་ཆེ་བའི་དོས་སྒམ་གྲུ་གཟིངས(集装箱船)“ཤིན་ཧྥུའུ(鑫福)104”རྟགས་ཅན་གྱི་གྲུ་གཟིངས་དེ་བདེ་འཇགས་ངང་གཙང་པོ་ནས་ཐོན(出江)པ་རེད།

3.jpg

  • ཧོ་ནན་ཧྲང་ཆིའུ(河南商丘)ཡི་སུང་གོ་གནའ་གྲོང(宋国古城)གནའ་རྫས་རྟོག་ཞིབ་ཀྱིས་ཐང་རྒྱལ་རབས་ཀྱི་བང་སོའི་སོ་ཕག་རྙེད་པ་དང་། “ཁྲིན་ལོ་ཁྲུན(城摞城)”ལོ་རབས་གསལ་པོ་བཟོ་ཆེད་དཔང་རྟགས་གལ་ཆེན་མཁོ་འདོན་བྱས་ཡོད།

  • ཀོང་ཤིས་ཀྱི་པེ་ཧའེ(广西北海)སྤྱི་བདེ་ཡིས་དྲ་རྒྱའི་རྒྱན་འཛུགས་ཉེས་གསོག་ཚོགས་པ་ཞིག་མེད་པ་བཟོས་པ་དང་། གྱོད་འབྲེལ་རྒྱན་འཛུགས་མ་དངུལ་སྒོར་ཁྲི་སྟོང་ལྷག་ཙམ་ཟིན་ཡོད་པ་རེད།

4.jpg

  • གྲོང་མི་ཚོས་དཔེ་ཆར་ལྟ་ཐུབ་ཆེད། ཧུའུ་ནན་ཁྲང་ཧྲའི(湖南长沙)ལས་འཁྱུར་ངལ་གསོ་བྱེད་མཁན་དགེ་རྒན་ཤིན་མེན་ཆང་གིས(寻民强)རང་གྲོན་བཏང་ནས་སྤྱི་ཕན་དཔེ་དེབ་ཁང་གྲབས་འཛུགས་དང་དོ་དམ་བྱས་ནས་མིག་སྔའི་བར་ལོ14རྒྱུན་འཁྱོངས་བྱས་ཡོད།

སྲིད་ཇུས།

  • ཐེན་ཅིན་གྱིས(天津)ཇུས་གཞི་པར་འགྲེམས་བྱས་ནས་ཆ་རྐྱེན་འཛོམས་པའི་ཞིང་པ་ལས་མི་དང་ལས་ཞུགས་རྣམ་པ་གསར་པའི་ངལ་རྩོལ་པ་སོགས་ལ་རིན་མེད་པར་བཟོ་ཚོགས་ཀྱི་བཅའ་ཁྲིམས་རོགས་སྐྱོར་བྱ་རྒྱུ་རེད།

  • ཧྲན་ཤིས(陕西)ཀྱིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱིས་མཐོ་རིམ་རིམ་པའི་གོ་མིང་དཔྱད་འདེམས་བྱེད་སྐབས། ངེས་པར་དུ་གྲོང་གསེབ་ཀྱི་སློབ་གྲྭས་དགེ་རྒན་ལོ་གཅིག་གམ་ཡང་ན་ཉམས་ཞན(薄弱)སློབ་གྲྭར་དགེ་རྒན་ལོ་གསུམ་ཡན་བྱས་པའི་ལོ་རྒྱུས་ཡོད་དགོས།

  • ཧེ་ནན(海南)གྱིས་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ཁ་བསླུས(诈骗)རྒྱག་པ་དང་། གཡོ་ལེན་བྱེད་པའམ་ཡང་ན་སྒེར་སྤྱོད་བྱེད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ཐེར་འདོན་བྱས་ཚེ་བྱ་དགའ་མཐོ་ཤོས་སྒོར་ཁྲི10ཐོབ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས།  བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད།  མཚོ་སྔོན་ལྷོ་རྒྱུད། ཀན་སུའུ་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། དེའི་ཁྲོད། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད། ཀན་སུའུ་ལྷོ་རྒྱུད་སོགས་ས་ཁུལ་དུ་ཁངས་ཆེན་པོ་འབབ་ཀྱི་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། འབྲི་ཆུའི་ལྷོ་རྒྱུད་ཀྱི་དབུས་ལྷོའི་ལྷོ་རྒྱུད། ནུབ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ས་ཆ་མང་ཆེ་བ། ཧྭ་ལྷོའི་ས་ཁུལ་མང་ཆེ་བ། ཐེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད། ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་ཀྱི་ཡོད། ནང་སོག་ཤར་རྒྱུད་དང་། ལིའོ་ཉིང་དབུས་རྒྱུད། ཀྲེ་ཅང་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་རིམ་པ4ནས6བར་གྱི་རླུང་ལྡིང་རྒྱུ་རེད།  

5.jpg

  • པེ་ཅིང་། ཟླ4ཚེས1ཉིན་ནས་བཟུང་། པེ་ཅིང་གྲོང་ཁྱེར་སྨི་ཡུན་ཆུ་མཛོད(密云水库)དང་ཀོན་ཐིང་ཆུ་མཛོད(官厅水库)སོགས་ཆུ་མཛོད་དང་མཚེའུ41དུ་ཉ་བཀག་སྡོམ་བྱེད་པའི་དུས་སུ་སླེབས་ཡོད།

  • ཧྲང་ཧའེ། ཧྲང་ཧའེ་རྟེན་རྫས་བཤམས་མཛོད་ཁང་གིས་ཟླ3ཚེས28ཉིན་ནས་ཟླ5ཚེས7ཉིན་བར། ཉིན་རེའི་ལྟ་སྐོར་གྱི་དུས་ཚོད་ཕྱིར་འགྱངས་བྱ་རྒྱུ་དང་འབྲེལ་མཚན་མོའི་ལྟ་སྐོར་ཡང་མང་དུ་གཏོང་རྒྱུ་རེད།


མཉམ་སྤྱོད།