དེ་རིང་ནི2025ལོའི་ཟླ06པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-29 08:47:42   |   355

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་འཛིན་མཁན(沙特王储)དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་ཡིན་པའི་མུའུ་ཧན་མོ་ཏེ་དང་ཁ་པར་ཐོག་ནས་བཀའ་མོལ་གནང་།

  • པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས(博鳌亚洲论坛)ཀྱི2023ལོའི་ལོ་ཚོགས་ཚེས28ཉིན་འཚོགས་པ་རེད།

  • ཚེས28ཉིན། ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2022ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་ཁྲོམ་རའི་བྱེད་པོ་དུད་ཚང་དུང་ཕྱུར1.69ཡོད་པ་དང་། དེ2021ལོའི་ལོ་མཇུག་དང་བསྡུར་ན10.03%གྱིས་འཕར་ཡོད།

  • ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་ཡིས་སྤྱི་བསྒྲགས་མང་པོ་སྤེལ་ནས། དུས་མཚམས་རང་བཞིན་གྱི་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་མང་པོ་རྒྱུན་མཐུད་དང་ལེགས་སྒྱུར་ལག་བསྟར་བྱ་རྒྱུ་ཁ་གསལ་བཟོས་ཡོད།

  • ཚེས28ཉིན། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས་བསྟན་དོན། 2022ལོའི“དྭངས་གཙང(清朗)”གི་ཆེད་དོན་བྱ་སྤྱོད་རབ་དང་རིམ་པས་ཐག་གཅོད་བྱས་པའི་རྩིས་ཐོའི་ཨང་གྲངས(账号)ཁྲི680ལྷག་ལ་སླེབས་ཡོད།

  • ཚེས28ཉིན། རྒྱལ་ཁབ་ཀྱི་རིག་ནུས་སློབ་གསོའི་དཔེ་ཀློག་ལས་སྟེགས་དངོས་སུ་སྤྱོད་མགོ་ཚུགས་པ་རེད།

1.jpg

  • ཉེ་ཆར། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཆིང་འབར་རྫས(氢燃料)ཡིན་པའི་ནང་འབར་འཕྲུལ་འཁོར(内燃机)གྱི་གནམ་གྲུ་ཐོག་མ་དེ་ཧྲེན་དབྱང(沈阳)དུ་ཐེངས་དང་པོ་འཕུར་ཐུབ་པ་བྱུང་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་28ཉིན《2022ལོར་ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བཏང་བའི་སྙན་ཞུ》བཏོན་ནས་ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བཏང་བའི་གནས་ཚུལ་ངོ་མ་ཐེར་འདོན་བྱས་པ་རེད།

  • ཚེས27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོའི་རྒྱུན་སྡོད་འཐུས་མི་གཞོན་པ་ཀེང་ཧྲོང(耿爽)གིས་མཉམ་འབྲེལ་རྒྱལ་ཚོགས་ལ་“པེ་ཤིས(北溪)”མདོང་ལམ་འབར་གས་དོན་རྐྱེན་ལ་བརྟག་དཔྱད་བྱེད་པའི་རྒྱལ་སྤྱིའི་རང་ཚུགས་བརྟག་དཔྱད་ཨུ་ལྷན་འཛུགས་པར། ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

སྤྱི་ཚོགས།

  • ཟླ་འདིའི་ཟླ་མཇུག་གི་སྔ་རྗེས་སུ། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། བྱང་ཤར། ཧྭ་བྱང(华北)། ཧོང་ཧོའེ(黄淮)བཅས་ས་ཁུལ་མང་པོའི་དྲོད་ཚད་མཐོ་ཤོས20℃ལས་བརྒལ་རྒྱུ་རེད།

  • སྐོར་ཁག་བརྒྱད་པའི་རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་དེ་རིང་ནས་མགོ་བརྩམས་ཡོད། སྨན་སྣ་ཆེ་གྲས་ཁག40དང་འབྲེལ་བ་ཡོད་པ་དང་། མཆིན་པའི་རྒྱུ་རིགས(肝素类)ཀྱི་ཐོན་རྫས་ཐོག་མར་ཉོ་སྒྲུབ་ནང་བཅུག་པ་རེད།

2.jpg

  • རང་བྱུང་ཐོན་ཁུངས་པུའུ་སོགས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས། བྱེ་ཐང་དང་མྱ་ངམ་ཐང་སོགས་ས་ཁོངས་སུ་འོད་ཤུགས་རྟེན་གཞི་བསྐྲུན་པར་སྐུལ་ལྕག་བྱས་པ་རེད།

  • རིག་གནས་གནས་སྐོར་པུས་ཚེས28ཉིན་རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང་གི་གསར་དུ་བསྣན་པའི་མིང་ཐོ་ཡོངས་བསྒྲགས་བྱས།  ཐེན་ཅིན་གྲོང་ཁྱེར་པིན་ཧེ་ཁུལ་གསར(天津市滨海新区)རིག་ནུས་རི་བོའི(智慧山)རིག་གནས་གསར་གཏོད་ཐོན་ལས་གླིང་སོགས་གླིང་ཁུལ15ལ་སྒོ་བྱང་སྤྲད་པ་རེད།

  • 2022ལོ་འཁོར་གྱི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ་ཚེས28ཉིན་པེ་ཅིང་དུ་ཡོངས་བསྒྲགས་བྱས། ཧུའུ་པེའི་ཧྲི་ཡན་སློབ་གྲྭའི་ལེང་ཙི(湖北十堰学堂梁子)གནའ་ཤུལ་སོགས་བདམས་ཐོན་བྱུང་བ་རེད།

  • ཧྲན་ཏུང་ཞིང་ཆེན་སྲིད་གྲོས་ཏང་ཙུའི་ཁོངས་མི། ཀྲུའུ་ཞི་གཞོན་པ་སུན་ཧྲུའུ་ཐའོ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད་པ་རེད།

  • ཀྲུང་གོ་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཚེས28ཉིན་སྙན་ཞུ་ཁྱབ་བསྒྲགས་བྱས་པ་ལས་མངོན་པ་ལྟར་ན། འཛད་སྤྱོད་པ་བཅུ་ཆ་བརྒྱད་ཀྱིས་ཐུམ་སྒྲིལ་རྒྱག་ཚད་ལས་བརྒལ་བར(过度包装)ངོ་རྒོལ་བྱེད་ཀྱི་ཡོད།

  • ཚེས27ཉིན། ཧོ་པེ་ཚང་རྫོང(河北沧县)གི་བེད་མེད་འཁྱག་མཛོད་ཅིག་བཤིག་པའི་བརྒྱུད་རིམ་ཁྲོད་མེ་སྐྱོན་བྱུང་ནས་མི11རྐྱེན་ལམ་དུ་ཤོར་བ་རེད།

3.jpg

  • ཡུན་ནན་གྱི་ལོ1ཟླ་བ5ལ་སླེབས་པའི་བུ་མོ་ཆུང་ཆུང་ཤར་ཧྥེ་ཧྥེ་ནད་ཀྱིས་དབང་གིས་ཚེ་ལས་འདས་པ་དང་། ཕ་མས་སེམས་སྡུག་ཆེན་པོས་ཁོང་གི་ལུས་ཕུང་གསོ་རིག་ཞིབ་འཇུག་ལ་ཞལ་འདེབས་འབུལ་རྒྱུའི་ཐག་བཅད།

སྲིད་ཇུས།

  • ཨན་ཧུའེ་ཡིས་ཡིག་ཆ་བཀྲམ་ནས་མགྱོགས་མྱུར་ངང་གྲངས་འབོར་ཉུང་བའི་ཁྲལ་སློག་ཁྱབ་ཁོངས་ཆེ་རུ(扩大小额快速退税范围)བཏང་། སྒོར5000མན་གྱི་གྲངས་འབོར་ཉུང་བའི་ཁྲལ་སློག་བདག་སྤྲོད་བྱ་རྒྱུ་རེད།

  • ཅང་སུའུ་ཡིས་བྱེད་ཐབས་བཏོན་ནས་ཞག་སྡོད་དང་བཟའ་བཏུང་ལས་རིགས་ཀྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་གློག་སྐས་དང་། ཁྲོ་ཐབ(锅炉)། གནོན་ཤུགས་སྣོད་ཆས(压力容器)བཅས་ཀྱི་དུས་བཀག་ཞིབ་བཤེར་དང་ལྟ་སྐུལ་ཞིབ་བཤེར་གྱི་འགྲོ་གྲོན་མར་བཅག་ནས་ཕྱེད་ཀ་བསྡུ་རྒྱུ་རེད།

  • ཧྲན་ཤིས(山西)ཀྱིས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་དེ་རྒན་རྒོན་དང་འཚམ་པའི་སྒྱུར་བཀོད(适老化改造)ལག་བསྟར་ཇུས་གཞི་པར་འགྲེམས་བྱས་པ་དང་། གྲོང་གསེབ་ཀྱི་ཁྱིམ་ཚང་སྒྱུར་བཀོད་དེ་དུད་ཚང་རེར་སྒོར2000དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱིམ་ཚང་སྒྱུར་བཀོད་བྱ་རྒྱུ་དེར་དུད་ཚང་རེར་སྒོར4000ཡི་ཁ་གསབ་ཚད་གཞི་ལྟར་ལག་བསྟར་བྱེད་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་ནུབ་བྱང་རྒྱུད་དང་ཤར་རྒྱུད་དང་། མཚོ་སྔོན་གྱི་དབུས་ལྷོ་རྒྱུད། ཁྲོན་ནུབ་ས་མཐོ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། དེའི་ནང་། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་པོ་འབབ་ཀྱི་རེད། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད་དང་། ཧུའུ་ནན་ལྷོ་རྒྱུད། ཅང་ཤིས་ཀྱི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་། ཀོང་ཤིས་ཀྱི་ཤར་རྒྱུད་དང་ཀོང་ཏུང་ཤར་ནུབ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་ཀྱི་རེད།

4.jpg

  • གནམ་དཔྱད། ཟླ3པའི་ཚེས30དང31ཉིན་གྱི་ས་སྲོད་དུ། པ་སངས(金星)དང་ཐེན་ཝང་ཞིན(天王星)གཉིས་བསྟུད་མར་“མཉམ་དུ་སྐྱོད་པའི་རྣམ་པ་འབྱུང་རྒྱུ་རེད། སྐབས་དེར་གནམ་གཤིས་དྭངས་བས་སྤྲོ་སྣང་ཡོད་མཁན་གྱིས་དེ་དག་གི་རྣམ་པ་པར་ལེན་བྱེད་ཆོག

  • རྒྱུགས་སྤྲོད།  ཧུའུ་པེ(湖北)ཞིང་ཆེན་གྱི2023ལོའི་ཞིང་ཆེན་ཐད་གཏོགས་བྱ་གཞག་ཚན་པས་གཅིག་གྱུར་ཐོག་གདན་ཞུའི་ཡིག་རྒྱུགས་དེ་ཟླ4ཚེས2ཉིན་ལེན་རྒྱུ་རེད།


མཉམ་སྤྱོད།