དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས2023ལོའི་བུད་མེད་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས།

2023-03-29 09:03:20   |   347


རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


     དུས་བབ་གསར་པའི་གཞོན་ནུ་དང་བུད་མེད་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བའི་ལས་དོན་ལེགས་པོ་བསྒྲུབ་པ་དང་། རྫོང་ཨུའི“མི་བརྒྱའི་འཆར་གཞི་གསུམ”གྱི་ལས་ཀའི་བླང་བྱ་ལྟར“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ”གཙོ་གནད་དུ་བཟུང་སྟེ། རྐང་ཚ་རྫོང་གིས་རོང་འབྲོག་ཁུལ་གྱི་གཞོན་ནུ་དང་བུད་མེད་ཚོར་སློབ་སྦྱོང་བརྗེ་རེས་དང་ནུས་ཤུགས་མཐོར་འདེགས། བློ་སྦྱོང་དང་མཐོང་རྒྱ་ཡར་སྐུལ་བཅས་ཀྱི་སྟེགས་བུ་མཁོ་སྤྲོད་བྱ་ཆེད། ཟླ3པའི་ཚེས27ཉིན། རྐང་ཚ་རྫོང་ཨུའི་མང་ཚོགས་ལས་དོན་ཨུ་ལྷན་གྱིས2023ལོའི“མི་བརྒྱའི་འཆར་གཞི་གསུམ་གྱི”ན་གཞོན་དང་བུད་མེད་ཀྱི་ཕྱོགས་བསྡུས་བྱང་ཚད་དང་ནུས་ཤུགས་མཐོར་འདེགས་སུ་གཏོང་བའི་དུས་རིམ་དང་པོའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་གྲོང་ཁྱེར་དུ་བསྡུས། 

图片1.png

     དུས་ཡུན་ཉིན་ལྔའི་གསོ་སྦྱོང་རིང་། འཆད་ཁྲིད་དང་ཡུལ་དངོས་ལག་ལེན། བཞུགས་མོལ་བརྗེ་རེས་སོགས་ཀྱི་ཐབས་ལམ་སྤྱད་དེ། གསར་འབྱེད་གསར་གཏོད་ཀྱི་བསམ་གཞིགས་དང་དོ་དམ་ལག་ལེན། ནོར་ནག་གི་གསོ་སྤེལ་ནུས་རྩལ་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་སོགས་ལ་ཁ་ཕྱོགས་ནས་ན་གཞོན་དང་བུད་མེད་ཀྱི་ལས་གཏོད་ཀྱི་ནུས་པ་གསོ་སྦྱོང་བྱས།  ཐེབས་འདིའི་གསོ་སྦྱོང་གིས་དུས་རབས་གསར་བའི་སྨྱན་སྦྱོར་གློག་རྡུལ་ཚོང་དོན་གྱི་འཕེལ་རྒྱས་དམིགས་སུ་བཟུང་ནས། ན་གཞོན་དང་བུད་མེད་ཀྱི་ལས་གཏོད་ཀྱི་བསམ་གཞིགས་བསྒྱུར་བཀོད་དང་། གཞུང་ལུགས་སློབ་སྦྱོང་ནུས་ཤུགས་ཇེ་དྲག་ཏུ་གཏོང་བ། ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ལས་ཀའི་བྱེད་ཐབས་གསར་གཏོད་བྱེད་པ་བཅས་གཙོ་རུ་བཟུང་བས། རྗེས་ཕྱོགས་ཀྱི་ལས་ཞུགས་ལས་གཏོད་ལ་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་འདོན་སྤེལ་བྱས་ཡོད། 

图片2.png

     རྒྱུས་ལོན་པ་ལྟར་ན། རྐང་ཚ་རྫོང་ཨུའི་མང་ཚོགས་ལས་དོན་ཨུ་ལྷན་གྱིས་རོང་འབྲོག་ཁུལ་གྱི་ན་གཞོན་དང་བུད་མེད་ཀྱི་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་སུ་གཏོང་བའི་གསོ་སྦྱོང་ལས་དོན་ལེགས་པོར་སྒྲུབ་སྟེ། ཞིང་སྡེའི་ན་གཞོན་གསོ་སྦྱོང་དང་། ཉེ་འགྲམ་གྱི་དཔེ་མཚོན་བུད་མེད་སྐྱེད་སྲིང་བྱས་ནས་ན་གཞོན་དང་བུད་མེད་ཀྱི་ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྦྱོང་སྒོས། ས་གནས་ཀྱི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ནང་ཧུར་ཐག་གིས་ཞུགས་ཏེ། རོང་འབྲོག་ཁུལ་གྱི་ན་གཞོན་དང་བུད་མེད་དེ་ཚན་རྩལ་ལས་གཏོད་ཁྲོད་ཕྱུག་འགྱུར་དུ་བསྐྱོད་པར་རོགས་འདེགས་དང་། རྐང་ཚ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་ལང་ཚོའི་ལེགས་སྐྱེས་འབུལ་དགོས་པའི་སྐུལ་ལྕག་གནང་བ་རེད། 

图片3.png


མཉམ་སྤྱོད།