དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་ཡན་ལག་བཟོ་གྲྭ་གསུམ་པ་ལྗང་སྒྱུར་དང་མཚོ་བྱང་མགྲོན་ཁང་ཉམས་གསོ་སྒྱུར་བཀོད་བྱ་བར་བརྟག་ཞིབ་གནང་།

2023-03-31 10:11:32   |   207

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


        ཟླ3པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཡན་ལག་བཟོ་གྲྭ་གསུམ་པ་ལྗང་སྒྱུར་དང་མཚོ་བྱང་མགྲོན་ཁང་ཉམས་གསོ་སྒྱུར་བཀོད་བྱ་བར་བརྟག་ཞིབ་གནང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཁུལ་བཟོ་འཕྲིན། གཞུང་ཁོངས་རྒྱུ་ནོར་དང་ནགས་རྩྭ་སོགས་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་མཉམ་དུ་བརྟག་ཞིབ་ལ་ཕེབས་རོགས་གནང་།

微信图片_20230331133412.jpg微信图片_20230331133417.jpg

      ཡན་ལག་བཟོ་གྲྭ་གསུམ་པར་ཀྲང་ཧྲིང་ཡོན་གྱིས་ཡུལ་དངོས་ནས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་བཟོ་ཁུལ་ལྗང་སྒྱུར་གྱི་འབྲེལ་ཡོད་ཇུས་གཞིའི་འཆར་འགོད་ལ་ལྟ་ཞིབ་དང་ནན་ཏན་ངང་ཉན་རྗེས་མཚོ་བྱང་ཁུལ་གྱིས་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་སྤྲོ་བས་བསུ་བ་གོ་སྐབས་སུ་བཟུང་སྟེ། བཟོ་ཁུལ་གྱི་སྒྱུར་བཀོད་ལས་གཞིར་ཞིབ་འཇུག་ནན་ཏན་དང་གོ་སྐབས་དམ་འཛིན། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྐྱེ་ཁམས་འཛུགས་སྐྱོང་ལ་མཐོང་ཆེན། དེ་སྔའི་ས་དབྱིབས་ལ་བརྟེན་ནས་གསར་བཟོ་ཕྲན་བུ་བཅས་བྱས་ཏེ་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་བཟོ་ཁུལ་ལྗང་སྒྱུར་བྱ་བར་སྐུལ་འདེད་གཏོང་དགོས་ཤིང་། ལྗང་སྒྱུར་ཇུས་གཞི་སྔར་བས་ལེགས་སུ་བཏང་ནས“ཞིབ་ཕྲ་དང་སྤུས་དག སྤུས་ལེགས”བཅས་ཀྱི་བླང་བྱ་ལྟར་རྩྭ་འཚམས་སར་རྩྭ་འདེབས་པ་དང་སྡོང་བོ་འཚམས་སར་སྡོང་བོ་འཛུགས་པ། བཀོད་སྒྲིག་ལུགས་མཐུན་བཅས་བྱས་ནས་ལྗང་སྒྱུར་རིམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ལྗང་སྒྱུར་དེ་བཟོ་གྲྭའི་མཛེས་ལྗོངས་དང་། སྤྱི་ཡོངས་ཀྱི་ཉམས་འགྱུར་དང་ཕན་ཚུན་མཉམ་འདྲེས་ཐུབ་པར་བྱས་ནས་དེ་བས་འཐུས་སྒོ་ཚང་བའི་བཟོ་གྲྭའི་རིག་གནས་དང་བཟོ་གྲྭའི་ཁྱད་ཆོས་མཚོན་པར་བྱས་ཏེ་བཟོ་གྲྭའི་ཁུལ་ཧྲིལ་བོའི་མཛེས་ལྗོངས་ཀྱི་སྣང་བརྙན་ལེགས་སུ་ནུས་ལྡན་གཏོང་དགོས་པ་ནན་གྱིས་བསྟན།

微信图片_20230331133421.jpg

      མཚོ་བྱང་མགྲོན་ཁང་དུ་ཀྲང་ཧྲིང་ཡོན་གྱིས་ལས་གཞི་སྒྱུར་བཀོད་ཀྱི་མྱུར་ཚད་ལ་ལྟ་ཞིབ་བྱས་པ་དང་མགྲོན་ཁང་གི་ཟ་འཐུང་དང་སྡོད་མལ་གྱི་སྣེ་ལེན་ཞབས་ཞུ་སོགས་ཐད་ཀྱི་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་གནང་རྗེས། ཁུལ་སྟོན་སྐབས་ཀྱི་ཞབས་ཞུ་སྣེ་ལེན་འགན་ལེན་བྱ་བ་ནི་གཟིགས་ཞིབ་ཆེན་མོ་དང་ཚོད་བགམ་ཆེན་མོ་ཞིག་ཡིན་ལ་སྐུ་མགྲོན་ཚོས་མཚོ་བྱང་ཤེས་རྟོགས་དང་མཚོ་བྱང་ལ་རྒྱུས་ལོན་བྱེད་པའི་སྐར་ཁུང་དང་པོ་དེ་ཡིན་པས་གཟབ་ནན་བྱེད་པ་ལས་ནོར་འཁྲུལ་བཟོ་མི་རུང་ལ། འབྲེལ་ཡོད་སྡེ་ཁག་གིས་འགན་ཁུར་འཁུར་སེམས་དང་དགོས་གཏུག་གི་བསམ་པ་ཤུགས་ཆེར་བཏང་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བ། བླང་བྱ་ནན་མོ་བཅས་རྒྱུན་འཁྱོངས་ཀྱིས་ཉམས་གསོ་སྒྱུར་བཀོད་བྱ་བའི་སྤུས་ཚད་དང་འཕེལ་རིམ་ལ་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྟོབས་ཤུགས་གཅིག་སྡུད་ཀྱིས་སྒྱུར་བཀོད་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་དགོས། ཨར་ལས་སྡེ་ཁག་གིས་བཟོ་སྐྲུན་གྱི་སྤུས་ཚད་སྤུས་ལེགས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་ལས་གཞིའི་ཡུལ་དངོས་ཀྱི་དོ་དམ་ལ་ཤུགས་སྣོན་པ་དང་། ཚད་གཞི་དང་ཚད་ལྡན་གཞིར་བཟུང་ཨར་ལས་སྒྲིག་འཛུགས་ནན་མོ་བྱས་ཏེ་དུས་བཀག་ལྟར་སྤུས་འབོར་གཉིས་ལྡན་གྱིས་སྒྱུར་བཀོད་ལས་འགན་ལེགས་སྒྲུབ་བྱེད་དགོས་པ་ནན་གྱིས་བསྟན།


མཉམ་སྤྱོད།