དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

པིན་ཀྲོའུ་དང་མདོ་ལའི་ཏང་སྲིད་མཉམ་འབྲེལ་གྲོས་ཚོགས་དང་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་གན་འཇོག་མཛད་སྒོ་བསྡུས་པ།

2023-03-31 13:42:08   |   280

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


      ཟླ3ཚེས30ཉིན། པིན་ཀྲོའུ་དང་མདོ་ལའི་ཏང་སྲིད་མཉམ་འབྲེལ་གྲོས་ཚོགས་དང་ཁ་གཏད་རོགས་སྐྱོར་མཉམ་ལས་ཀྱི་གན་འཇོག་མཛད་སྒོ་པིན་ཀྲོའུ་རུ་བསྡུས་ཤིང་། པིན་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཨུའི་ཧྲུའུ་ཅིའམ་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་སུང་ཡུང་ཞང་དང་། མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧོ་ཧྲེང་ཅེ་བྱེད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གནང་།

1.jpg

       སུང་ཡུང་ཞང་གིས་པིན་ཀྲོའུ་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས། ཁོང་གིས2012ལོ་ནས་བཟུང་པིན་མདོ་ས་ཁུལ་གཉིས་ཀྱི་སློབ་གསོའི་མཉམ་ལས་དང་། སྨན་བཅོས་མཉམ་ལས། ཐོན་ལས་མཉམ་ལས་བཅས་ལ་ཡར་རྒྱས་ཆེན་པོ་བྱུང་བ་དང་གཡུར་ཟའི་གྲུབ་འབྲས་བླངས་ཡོད། ཕྱོགས་གཉིས་པོས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་ཕྱོགས་མཉམ་དུ་ནུས་ཤུགས་བཏོན་ནས། གྲུབ་འབྲས་གསར་བ་རྒྱུན་མཐུད་སྲ་བརྟན་དང་ལམ་སྲོལ་གསར་བ་འཚོལ་ཞིབ་བྱས་ཏེ། པིན་མདོའི་བརྗེ་རེས་མཉམ་ལས་རྒྱུན་ཆད་མེད་པར་སྐས་རིམ་གསར་བ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ལ། པིན་མདོ་ས་ཁུལ་གཉིས་ཀས་དཔུང་བ་མཉམ་གཤིབ་དང་རྒྱལ་ཁ་མཉམ་བརྩོན་བྱས་ཏེ། ལོ་ངོ་དུ་མའི་རོགས་སྐྱོར་མཉམ་ལས་བརྒྱུད་པིན་མདོ་གཉིས་རིག་གནས་མཛའ་མཐུན་དང་། འཐབ་ཇུས་གཅིག་མཐུན། ཐོན་ལས་མཉམ་འདྲེས་བཅས་བྱས་པ་དང་། ལྷག་པར་དུ་ང་ཚོ་རྨ་ཆུའི་རྒྱལ་ཁབ་འཐབ་ཇུས་གལ་ཆེན་གྱི་ལག་བསྟར་རྟེན་གཞི་རུ་གནས་པ་དང་། པིན་ཀྲོའུ་ཡིས“1+838”ལས་དོན་རྣམ་པ་བཏོད་དེ།“སྤུས་ཚད་ཆེན་པོ་བརྒྱད”ནུས་ཤུགས་ཡོད་རྒུས་མཐོར་འདེགས་སུ་བཏང་ནས་མདོ་ལ་རྫོང་གི“1234”འཕེལ་རྒྱས་འཐབ་ཇུས་ལ་སྐུལ་འདེད་བཏང་བས། འདུ་ཤེས་མ་བགྲོས་རང་མཐུན་དང་། བསྙེག་བྱ་མ་བགྲོས་རང་མཐུན། བགྲོད་ལམ་མ་བགྲོས་རང་མཐུན་བྱུང་ཡོད་ཅེས་བསྟན།

2.jpg

        ཧོ་ཧྲེང་ཅེ་ཡིས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཧྲན་ཏུང་ཞིང་ཆེན་གྱིས་མདོ་ལར་ཁ་གཏད་རོགས་སྐྱོར་བྱ་རྒྱུ་གཏན་འཁེལ་བྱས་པ་ནས་བཟུང་། པིན་མདོ་ས་ཁུལ་གཉིས་ཀྱི་ཏང་སྲིད་ཚན་ཁག་གིས་རྟག་ཏུ་ཕན་ཚུན་ངོ་བཅར་བརྗེ་རེས་བྱས་པས། ཏང་ཨུ་དང་སྲིད་གཞུང་། ཁེ་ལས་དང་བྱ་ལས་སྡེ་ཚན། སྤྱི་ཚོགས་རྩ་འཛུགས་བཅས་ཀྱི་གོང་འོག་མཉམ་ཤུགས་དང་། ཕྱོགས་སོ་སོ་མཉམ་ཞུགས་ཀྱི་ས་ཁོངས་ཧྲིལ་བོའི་མཉམ་སྐྲུན་རོགས་སྐྱོར་གྱི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་ཡོད། མཉམ་ལས་ཀྱི་བར་མཐོངས་སྔར་བས་རྒྱ་ཆེར་བསྐྱེད་ནས་པིན་མདོ་ས་ཁུལ་གཉིས་ཀྱི་ཏང་སྲིད་ལས་ཁུངས་དང་། ལས་རིགས་མ་ལག ཁེ་ལས་མཐུན་ཚོགས་སོགས་ས་ཁོངས་ཧྲིལ་བོའི་ཆ་སྒྲིག་གཏིང་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། སྣ་མང་ཅན་གྱི་སྟོབས་ཤུགས་ཆགས་སུ་བཅུག་ནས་ཆ་སྒྲིག་འཕེལ་རྒྱས་ཀྱི་གསོན་ཉམས་ལྡན་པའི་རྣམ་པའི་ཁྲོད་མཉམ་ཞུགས་ཐུབ་པའི་རེ་བ་ཡོད་ལ། ཐོན་ལས་གསབ་རེས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས། སྔར་བས་མང་བའི་ཁེ་ལས་དང་ཤེས་ལྡན་པ་མདོ་ལར་བརྗེ་རེས་རྟོག་ཞིབ་དང་མ་འཇོག་ལས་གཏོད་བྱེད་པར་ཡོང་རྒྱུར་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ། རོང་འབྲོག་དང་། རིག་གནས་ཡུལ་སྐོར། ཚོང་དོན། དཔལ་འབྱོར། ལག་རྩལ་བརྗེ་རེས་སོགས་ཀྱི་ཁྱབ་ཁོངས་སུ་དེ་བས་རྒྱ་ཆེ་བའི་གཉིས་ཕན་མཉམ་ལས་བྱ་རྒྱུའི་རེ་བ་ཡོད། ཤེས་ལྡན་མི་སྣའི་བརྗེ་རེས་སྔར་བས་རྒྱ་ཆེར་བསྐྱེད་པ་དང་། འབྲེལ་གཏུག་དང་བརྗེ་རེས་མཉམ་ལས་ཀྱི་ལམ་སྲོལ་སྔར་བས་དམ་ཟབ་ཏུ་འཛུགས་པ། འགན་བཏགས་སྦྱོང་བརྡར་དང་། རྟོག་ཞིབ་བརྗེ་རེས། ཤེས་ལྡན་མི་སྣ་སྟབས་བསྟུན་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས། ས་ཁུལ་གཉིས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་འགྲོ་འོང་དང་བརྗེ་རེས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུར་རེ་ལྟོས་ཡོད་ཅེས་བསྟན།

3.jpg

        བྱེད་སྒོའི་ཐོག་ཚོགས་ཞུགས་མི་སྣས་མདོ་ལ་ལྷ་ཡི་ཞིང་ཁམས་ཀྱི་མ་འཇོག་འོས་སྦྱོར་གྱི་དྲིལ་སྒྲོག་གློག་བརྙན་ལ་བལྟས་ཤིང་། པིན་ཀྲོའུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་མདོ་ལ་རྫོང་རིག་རྩལ་ཡུལ་སྐོར་རྒྱང་བརྙན་ཅུ་དང་ལྷན་ཅིག་པིན་མདོའི་ཡུལ་སྐོར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། པིན་ཀྲོའུ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུ་དང་མདོ་ལ་རྫོང་ཞིང་ཕྱུགས་ཆུ་བེད་ཚན་རྩལ་དང་གྲོང་གསེབ་དར་སྤེལ་ཅུ་དབར་པིན་མདོའི་ཞིང་ཕྱུགས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག ཧྲན་ཏུང་ཅེ་ཅན་ཕྱུགས་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མདོ་ལ་རྫོང་ཞིང་ཕྱུགས་ཆུ་བེད་ཚན་རྩལ་དང་གྲོང་གསེབ་དར་སྤེལ་ཅུ་དབར་མདོ་ལའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འདོན་སྤྲོད་མཉམ་ལས་ཀྱི་གྲོས་མཐུན་བཞག པིན་ཀྲོའུ་གྲོང་ཁྱེར་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་མདོ་ལ་རྫོང་འཕེལ་རྒྱས་དང་བཅོས་སྒྱུར་ཅུ་དབར་པིན་མདོའི་འོད་ཤུགས་ཐོན་ལས་འཐབ་ཇུས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག

༤.jpg


མཉམ་སྤྱོད།