དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆོས་དབྱིངས་སྐྱིད་ལ་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་གསབ་སྤྲོད་བྱས།

2023-03-31 09:46:16   |   268

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


      ས་གནས་དེ་གའི་དུས་ཚོད་ཀྱི་ཟླ3པའི་ཚེས30ཉིན། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པ་ལྟར་ན། 2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་གྱི་དེ་སྔའི་ཨང་དང་པོ་དང་གཉིས་པ་ལེན་མཁན་དེ་ངར་སློང་སྨན་ལ་རྒོལ་བའི་སྒྲིག་ཡིག་ལས་འགལ་བས་འགྲན་སྡུར་གྱི་གྲུབ་འབྲས་མེད་པར་བཟོས་ཤིང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ཡོན་ལྷན་ཁང་གིས2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཁག་ཅིག་གི་འགྲན་སྡུར་བྱ་དགའ་བསྐྱར་དུ་སྤྲོད་རྒྱུའི་གཏན་འབེབས་བྱས།

微信图片_20230331100326.jpg

微信图片_20230331100332.jpg

ཆོས་དབྱིངས་སྐྱིད།

       སྐྱེས་མའི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་ཁྲོད་དེ་སྔར་ཨང་དང་པོ་ལེན་མཁན་གྱི་གྲུབ་འབྲས་མེད་པར་བཟོས་ཤིང་། ཀྲུང་གོའི་འགྲན་ཞུགས་པ་ཆོས་དབྱིངས་སྐྱིད་ལ2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ20ཡི་འདུར་རྒྱུག་འགྲན་སྡུར་གྱི་གསེར་གྱི་རྟགས་མ་གསབ་སྤྲོད་བྱས་ལ།  ལིག་ཧུང་དང་ལིས་ཞིག་ཀྲི་ལ་དངུལ་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་གསབ་སྤྲོད་བྱས། སྐྱེས་མའི་སྨི400ཡི་བརྒལ་རྒྱུག་འགྲན་སྡུར་ཁྲོད་དེ་སྔར་ཨང་དང་པོ་ལེན་མཁན་གྱི་གྲུབ་འབྲས་མེད་པར་བཟོས་ཤིང་ཨ་རིའི་འགྲན་ཞུགས་པ་ཏིག་མུའུ་སི་ལ་གསེར་གྱི་རྟགས་མ་གསབ་སྤྲོད་བྱས།


མཉམ་སྤྱོད།