དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-03-31 08:45:32   |   340

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུ་ཡིས་ཟླ3ཚེས30ཉིན་ཚོགས་འདུ་འཚོགས་ནས་ད་ལོའི་ཟླ4པ་ནས་བཟུང་། ཏང་ཡོངས་སུ་གོང་ནས་འོག་བར་སྐོར་ཁག་གཉིས་སུ་བགོས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུའི་གཏན་འབེབས་བྱས། ཚོགས་འདུའི་ཐོག《མགོ་ཁྲིད་ལས་བྱེད་པས་མི་སྒེར་གྱི་འབྲེལ་ཡོད་དོན་ཚན་སྙན་སེང་ཞུ་བའི་གཏན་འབེབས》ལ་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་།

  • མིག་སྔའི་བར། རྒྱལ་ཡོངས་ཀྱིས་རིམ་རྩིས་བྱས་ན་སྟོན་འབྲུ་ཏུན་དུང་ཕྱུར1.84ཉོ་སྒྲུབ་བྱས་ཤིང་། དུས་མཚུངས་ལས་ཏུན་ཁྲི500ཙམ་འཕར་ཡོད་པ་རེད།

  • ནོར་སྲིད་པུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ1པོ་ནས2པའི་བར་གཞུང་ཁོངས་ཁེ་ལས(国有企业)ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར6505.6ཟིན།  དུས་མཚུངས་ལས9.9%འཕར་ཡོད།

  • ད་ལོའི་ཟླ2པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན5689ཞིབ་བཤེར་ཐག་གཅོད་བྱས་པ་རེད།

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་སོགས་ཀྱིས་ཡིག་ཆ་བཀྲམ་ནས་ཟླ4ཚེས1ཉིན་ནས་བཟུང་། འགན་བཅོལ་ནང་ཞུགས་མཁན་ནད་པ་དེ་པྲོག་གསར་ནད་དུག་གི་སྨན་བཅོས་འགྲོ་གྲོན་ཐད་ཀྱི་གཏན་འབེབས་དང་མཐུན་ན། འགོས་ནད་ཁ་པའི་རིགས(乙类传染病)གཞན་དག་དང་འདྲ་བར་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུའི་སྲིད་ཇུས་གཅིག་མཚུངས་ལག་བསྟར་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།

  • གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ1པོ་ནས2པའི་བར་ཀྲུང་དབྱང་ཁེ་ལས་ཀྱིས་དངུལ་གཏོང་སྒོར་དུང་ཕྱུར3500ལྷག་ཡོངས་འགྲུབ་བྱས།  དུས་མཚུངས་ལས5.6%འཕར་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་ཐེ་ཝན་ལས་དོན་གཞུང་དོན་ཁང་གིས་ཟླ4ཚེས1ཉིན་ནས་བཟུང་། སྐམ་ས་དང་ཐེ་ཝན་ངོགས་གཉིས་ཀྱི་འགྲུལ་སྐྱེལ་མཁའ་ལམ་ལག་བསྟར་བྱེད་པ་དེ་ཕྱོགས་གཉིས་པོས་འགྲུལ་པ་མ་བསྐྱོད་གོང་གི་ཆུ་ཚོད48ནང་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱས་འབྲས་སྲིབས་གཤིས་ཡིན་དགོས་པ་དེ། ཆུ་ཚོད24ནང་ཚུན་གྱི་གདོད་འགོག(抗原)ཞིབ་དཔྱད་ཚད་ལེན་བྱས་འབྲས་དེ་སྲིབས་གཤིས་ཡིན་པར་ལེགས་བསྒྲིགས་བྱས་ཡོད་ཅེས་བསྟན།

  • ཟླ3ཚེས30ཉིན། ངའི་ཕྱི་འབྲེལ་པུས་ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་གཟབ་ནན་གྱི་འདོད་བློར་ཁ་ཡ་མི་བྱེད་པར། ཨུ་ཚུགས་ཀྱིས་ཚེ་དབྱིང་ཝུན(蔡英文)“རྒྱལ་མཚམས་སྒྲོལ་བར” བཀོད་སྒྲིག་བྱས་ནས་ཨ་རིར་ཕྱོགས་མྱུལ་བྱེད་པར་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

1.jpg

  • ཟླ3ཚེས30ཉིན། རང་རྒྱལ་གྱི་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས(太原卫星发射中心)ནས་རྒྱང་སྐྱོད་ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཧུང་ཐུའུ(宏图)ཨང་དང་པོའི01སྲུང་སྐར་འཕེན་གཏོང་བྱས་པ་རེད།

  • རྒྱལ་སྤྱིའི་ཨའོ་རྩལ་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཟླ3ཚེས30ཉིན། ཀྲུང་གོའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་། ལིའུ་ཧུང་། ལུའི་ཤིའུ་ཀྲི་བཅས་ལོན་ཏོན་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་སྤྱི་ལེ20ཡི་འགྲོ་རྩལ་རྣམ་གྲངས་ཀྱི་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པར་དངོས་སུ་རིམ་གསབ་བྱ་རྒྱུའི་གཏན་འབེབས་བྱས།

སྤྱི་ཚོགས།

  • དེ་རིང་། བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བར་དྲོ་ཚད་འཕར་བ་དང་། དྲོད་ཚད་མཐོ་ཤོས20℃ཡིན་པའི་ཁྱབ་ཁོངས་མུ་མཐུད་དུ་ཆེ་རུ་འགྲོ་བཞིན་ཡོད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རང་རྒྱལ་གྱི་སྤུས་རྟགས་རླངས་འཁོར་རིམ་རྩིས་བྱས་ན་ཁྲི1176.6ཕྱིར་ཚོང་བྱས་པས། ཁྲོམ་རའི་ཐོབ་སྐལ49.9%ཟིན་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཇུས་གཞི་པར་འགྲེམས་བྱས་ནས། ཧྲང་ཧེ་དང་ཧྲེན་ཀྲེན་གྱི་རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་སྐྱེལ་འདྲེན་ལས་དོན་དེ་གནས་སྐབས་སུ་ཚོད་ལྟའི་སྒོ་ནས་སླར་གསོ་བྱ་རྒྱུར་གཏན་འཁེལ་བྱས་པ་དང་། རྗེས་ཕྱོགས། གནས་ཚུལ་ལ་ལྟོས་ནས་མང་དུ་གཏོང་རྒྱུ་རེད།

  • ཟླ3ཚེས30ཉིན་ནས་བཟུང་། ཧོ་པེའི་ཞུང་ཨན་ཁུལ་གསར(河北雄安新区)གྱིས“ཧོ་པེའིX”རྟགས་ཅན་གྱི་རླངས་འཁོར་ཨང་རྟགས་སྤྱོད་མགོ་ཚུགས་ཡོད།

  • མིག་སྔར། ཧེ་ནན་གྱིས་གླིང་ཕྲན་ཡོངས་ཀྱི་འགག་སྒོ་བཀག་སྡོམ་གྱི་གྲ་སྒྲིག་ཁྱོན་ཡོངས་ནས་བྱེད་མགོ་ཚུགས་ཡོད།

  • ཟླ3ཚེས30ཉིན། པེ་ཅིང་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཡུས་ལུའུ་མིང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས། ཡུས་ལུའུ་མིང་གིས་བླངས་པའི་རྒྱུ་ནོར་དེ་དམངས་སྒོར་ལ་ཕབ་ན་སྒོར་ཁྲི1050ལྷག་རེད།

2.jpg

  • པོ་ཧའེ་སྣུམ་ཞིང(渤海油田)གིས2022ལོར་གསར་དུ་རྩད་ཆོད་པའི་སྣུམ་རླངས་ཀྱི་གསོག་ཚད་ཏུན་དུང་ཕྱུར3ཉེ་བ་ཡོད་ལ། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • འཛམ་གླིང་གི་ཐའེ་ཆོན་དྲག་རྩལ(跆拳道)གྱི་འགྲན་བསྡུར་ཆེན་པོ་དེ་ཟླ3ཚེས30ཉིན་ཝུའུ་ཞི(无锡)ནས་སྤེལ་བ་རེད།  ཕ་རི་སིའི་ཨོ་རྩལ་འགྲན་ཚོགས(巴黎奥运会)ཀྱི་ཐའེ་ཆོན་དྲག་རྩལ་འགྲན་བསྡུར་ནང་ཞུགས་མཁན་གྱི་ཐའེ་ཆོན་དྲག་རྩལ་པ་མི8ཐོན་རྒྱུ་རེད།

  • ཧྲན་ཏུང་ཝུའེ་ཧྥང(山东潍坊)གི་རྒན་རྒོན་ཞིག་ཁང་པར་མེ་སྐྱོན་ཤོར་ནས་ཉེན་ཁར་འཕྲད།  ལམ་བར་དུ་ཡོད་པའི་སློབ་མ་ཤེ་དབྱིན་ཙེ་དང་། ལིའུ་ཙུང་ཆི། ལིའུ་ཅན་ཏུང་གསུམ་གྱིས་སྒོ་ཟྭ་བཙན་གྱིས་ཕྱེས་ནས་རྒན་རྒོན་དེ་བདེ་བླག་ངང་བསྐྱབས་པ་རེད།

སྲིད་ཇུས།

  • ཨན་ཧུའེ(安徽)ཡིས་ཞིང་ཆེན་ཡོངས་ཀྱིས་ཚད་གཞི་མཐོ་བའི་ཞིང་ས་གསར་སྐྲུན་གྱི་རྣམ་གྲངས་དེར། རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཁ་གསབ་རོགས་དངུལ་མུའུ་རེར་སྒོར2250ཡིན་པ་ནས་མུའུ་རེར་སྒོར2500བར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་ཁ་གསལ་བཏོན་ཡོད།

  • ཀོང་ཏུང་གིས་བྱེད་ཐབས་པར་འགྲེམས་བྱས་ནས་སྤུས་ལེགས་མཐོ་རིམ་སློབ་འབྲིང་རེ་ཡིས་སློབ་བསྡུའི་མི་གྲངས50%ལས་མི་ཉུང་བའི་སྒོ་ནས་ས་ཁོངས་ནང་གི་དམའ་རིམ་སློབ་འབྲིང་ཁག་ལ་ཐད་ཀར་སློབ་བསྡུ་མི་གྲངས་བགོ་བཤའ་རྒྱག་དགོས།

  • ཧུའུ་པེས(湖北)ཞིང་ཆེན་ནང་ཁུལ་དུ་ཁྲིམས་ལྟར་ཁེར་རྐྱང་བཟོ་ཚོང་དུད་ཚང་གཉེར་བའི་ཆ་རྐྱེན་འཛོམས་པའི་རུ་འཁྱུར་དམག་མིས་ཆེས་མང་ན་སྒོར་ཁྲི20ལས་མི་བརྒལ་བའི་ལས་གཏོད་ཁག་ཐེག་དངུལ་བུན་རེ་ཞུ་བྱེད་ཆོག་པ་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས།  ཤིན་ཅང་གི་ཐེན་ཧྲན་ས་ཁུལ་དང་དབྱི་ལི་ལུང་རྒྱུད། བོད་ལྗོངས་ཀྱི་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད།  དེའི་ཁྲོད། ཤིན་ཅང་ཐེན་ཧྲན་ས་ཁུལ་གྱི་ས་ཆ་ཁ་ཤས་སུ་ཁངས་ཆེན་འབབ་ཀྱི་རེད། ཧྲན་ཞིའི་ནུབ་བྱང་རྒྱུད་དང་། སི་ཁྲོན་གྱི་ལྷོ་རྒྱུད། ཀྲེ་ཅང་གི་ཤར་ལྷོའི་རྒྱུད། ཀོང་ཏུང་། ཧེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད། དེའི་ཁྲོད། ཀོང་ཏུང་གི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་ཀྱི་རེད།

4.jpg

  • པེ་ཅིང་། ཟླ4ཚེས3ཉིན་ནས་སང་ལོའི་ཟླ3ཚེས31ཉིན་བར་ལས་ཀའི་འདུ་འཛི་ཆེ་བའི་དུས་མཚམས་ཀྱི་ཡུལ་ཁོངས་ཀྱི་འགྲིམ་འགྲུལ་ཚོད་འཛིན་དོ་དམ་བྱེད་ཐབས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་རེད།

  • ཧེ་ལུང་ཅང་། 2023ལོའི་ལོ་འཁོར་གྱི་ཧེ་ལུང་ཅང་ཞིང་ཆེན་གྱི་རིམ་པ་གཉིས་པའི་འཛུགས་སྐྲུན་པའི(建筑师)ལས་གཉེར་ཐོབ་ཐང་ཡིག་རྒྱུགས་དྲ་ཐོག་ནས་མིང་ཐོ་འགོད་མཚམས་འཇོག་པའི་དུས་ཚོད་ནི་ཟླ4ཚེས6ཉིན་ཡིན།


མཉམ་སྤྱོད།