དེ་རིང་ནི2024ལོའི་ཟླ09པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སངས་འབུམ་གྱིས་མདའ་བཞི་རྫོང་གི་ཏང་སྲིད་འཐུས་མིའི་སྣེ་ཁྲིད་དེ་སི་ཁྲོན་དུ་རྟོག་ཞིབ་བྱས།

2023-03-30 21:52:37   |   1147

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ3ཚེས29ཉིན་གྱི་སྔ་དྲོ། ཁུལ་ཨུའི་རྒྱུན་ཨུའམ། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས་མདའ་བཞི་རྫོང་གི་ཏང་སྲིད་འཐུས་མིའི་སྣེ་ཁྲིད་དེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་ལི་རྫོང་གཡག་མགོ་གྲོང་རྡལ་དུ་རྟོག་ཞིབ་སློབ་སྦྱོང་བྱས་ཤིང་། ལི་རྫོང་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཅང་མེན་ཕིང་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དཔའ་བྷེ། རྫོང་རིག་གནས་ལུས་རྩལ་གནས་སྐོར་ཅུ། གཡག་མགོ་གྲོང་རྡལ། འབྲེལ་ཡོད་ཁེ་ལས་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ཚོགས་པར་ཕེབས་རོགས་བྱས།

1.jpg

རྟོག་ཞིབ་ཚོགས་པས་གཡག་མགོ་གྲོང་རྡལ་གྱི་ཡུལ་དངོས་དང་ཧྭ་ཨར་ཏ(华尔达)ཆུ་ཚན་མགྲོན་ཁང་དུ་ལས་གཞིའི་ཞིབ་བཤེར་ཆོག་མཆན་དང་ཐོན་ལས་ཀྱི་གྲུབ་ཚུལ།  མགྲོན་ཁང་གཉེར་སྐྱོང་། མ་འཇོག་འཛུགས་སྐྲུན། ཕྱི་དང་ནང་གི་ཁོར་ཡུག  མཉེན་ཆས་དང་མཁྲེགས་ཆས་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་། ཐོན་ཁུངས་བསྡུ་སྒྲིལ་དང་མིང་རྟགས་གསར་གཏོད། ས་ཁོངས་ཧྲིལ་བོའི་འཆར་འགོད།  ཁྱོན་ཡོངས་ཀྱི་གསར་གཏོད། གོམ་རིམ་དབྱེ་ནས་སྐུལ་འདེད་གཏོང་བ་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ནས་བསམ་བློ་བརྗེ་རེས་གཏིང་ཟབ་བྱས་པ་ཟད། ཆུ་ཚན་ཐོན་ལས་ཀྱིས་ས་གནས་དེ་གའི་གནས་སྐོར་དཔལ་འབྱོར་ལ་སྐུལ་ཁྲིད་བྱས་ཚུལ་དང་གྲོང་ཚོའི་མཉམ་སྡེབ་འཕེལ་རྒྱས་གཏོང་ཚུལ། མང་ཚོགས་ཀྱི་འབབ་ཡོང་འཕར་སྣོན་ཐོབ་ནས་ཕྱུག་འགྱུར་བྱུང་བའི་གནས་ཚུལ་བཅས་ལ་དབྱེ་ཞིབ་གཏིང་ཟབ་བྱས།  

2.jpg

སངས་འབུམ་གྱིས་ལི་རྫོང་གིས་རང་བྱུང་གི་དགེ་མཚན་སྔོག་འདོན་གང་ལེགས་བྱས་ནས“ཆུ་ཚན+མཛེས་ལྗོངས+ཉམས་ལེན”བཅས་ཟུང་དུ་འབྲེལ་བའི་དུས་ཚིགས་ཧྲིལ་པོའི་གནས་སྐོར་བྱེད་སྟངས་ལ་གདེང་འཇོག་མཐོན་པོ་བྱས་པ་མ་ཟད། ལི་རྫོང་གི་ཆུ་ཚན་ཐོན་ལས་ལ་གཞིགས་པ་སྔོན་སོང་དང་ལས་ཚུལ་གནད་དུ་སྨིན་པ། ཕན་འབྲས་མངོན་གསལ་དོད་པོ་ཡིན་པས་ལས་རིགས་ཁག་གི་གདེང་འཇོག་བཟང་པོ་དང་ཁྲོམ་རའི་ཁས་ལེན་ཐོབ་པ་དེ་ནི་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པ་ཞིག་རེད་ཅེས་བཤད་པ་དང་། མདའ་བཞི་རྫོང་གིས་ཆུ་ཚན་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་གཉེར་སྐྱོང་བྱེད་པར་སྔོན་ཐོན་གྱི་ཉམས་མྱོང་ལ་སྔ་མོ་ནས་སློབ་སྦྱོང་ལེགས་པོ་བྱེད་དགོས་པ་དང་། མཛེས་ལྗོངས་འཛུགས་སྐྲུན་དང་ལས་གཞི་ཉམས་ལེན།  ལམ་ཐིག་ཇུས་འགོད་བཅས་ལ་སླར་ཡང་ཤུགས་སྣོན་བརྒྱབ་སྟེ། ཐོན་ཁུངས་སྔོག་འདོན་གཏིང་ཟབ་དང་ཁྲོམ་རའི་དགོས་མཁོ་དང་བསྟུན་པ། ཞབས་ཞུ་ཇེ་ལེགས་སུ་གཏོང་བ་བཅས་ལ་དམིགས་ནས་བྱེད་ཐབས་དངོས་ཀྱི་སྟེང་ནས་སྤུས་ལེགས་ཀྱི་ཆུ་ཚན་སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆུ་ཚན་གྱིས་གནས་སྐོར་བར་སྐྱིད་སྣང་དང་བདེ་སྣང་གང་ལེགས་སྦྱིན་པ་དང་ཆབས་ཅིག  ས་གནས་ཀྱི་དཔལ་འབྱོར་ལ་ཕན་པ་བསྐྲུན་དགོས་ཟེར།

3.jpg

རྟོག་ཞིབ་བྱེད་རིང་། སངས་འབུམ་འཁོར་དང་བཅས་པས་གཡག་མགོ་གྲོང་རྡལ་སྲིད་གཞུང་དུ་བསྐྱོད་ནས་གྲོང་རྡལ་གྱི་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱས་པ་དང་འབྲེལ་གཞི་རིམ་ཏང་འཛུགས་སྐྱོང་དང་མཁར་གྲོང་ཚད་ལྡན་ཅན་འཛུགས་སྐྲུན། མི་སྣའི་སྒྲིག་ཁོངས་བཀོད་སྒྲིག  གྲོང་གསེབ་བཅོས་སྐྱོང་སོགས་ཀྱི་བྱ་བར་རྟོག་ཞིབ་དང་བསམ་བློ་བརྗེ་རེས་བྱས།


མཉམ་སྤྱོད།