དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-04 09:10:19   |   395

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ4ཚེས3ཉིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་།  ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས་བསྟན་དོན། བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཏན་ཏིག་བྱས་ཏེ། འབད་འབུངས་ཡར་བརྩོན་གྱི་རྒྱང་སྐྱོད་གསར་པར་སེམས་ནུས་གཅིག་སྒྲིལ་བྱེད་དགོས།

  • ཀྲུང་གུང་ཀྲུང་དབྱང་ཚད་ལྡན་ཡིག་ཆ་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས》དེབ་དང་པོ་དང་གཉིས་པ་མི་དམངས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་དང་། ཟླ4ཚེས3ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

  • ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“སྒྱུ་རྩལ་མཉམ་འདྲེས་ཀྱི་དར་གོས་ཚོང་ལམ”ཞེས་པའི་ཀྲུང་གོར་འཚམས་འདྲི་བྱེད་པའི་བྱེད་སྒོར་ཞུགས་མཁན།  ཨ་རབ(阿拉伯)ཀྱི་སྒྱུ་རྩལ་པ་གྲགས་ཅན་གྱི་འཐུས་མིར་འཕྲིན་ལན་བསྐུར་ནས་སྒྱུ་རྩལ་པ་གྲགས་ཅན་གྱིས་ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་མཚོན་པའི་སྒྱུ་རྩལ་བརྩམས་ཆོས་དེ་བས་མང་བ་གསར་རྩོམ་བྱས་ཏེ།  ཀྲུང་གོ་དང་ཨ་རབ་མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུའི་ལྕག་སྐུལ་གནང་བ་རེད།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང(法国总统马克龙)གིས་ཟླ4ཚེས5ནས7ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

2.jpg

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་(物流与采购)མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ3པར་ཀྲུང་གོའི་ཟོག་འགྲེམས་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས55.5%ཟིན་པ་དང་། བསྟུད་མར་ཟླ་བ་གཉིས་ལ་ཆེས་ཆེར་འཕར་ཡོད་པ་རེད།

  • ཀྲུང་གོའི་དུས་བཅད་ཚོང་ཟོག(期货业)ལས་རིགས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ3པར་རྒྱལ་ཡོངས་ཀྱི་དུས་བཅད་ཚོང་ཟོག་ཁྲོམ་རའི་ཚོང་འགྲིག་ཚད་དུང་ཕྱུར7.24སླེབས་པ་དང་། སྒོར་དུང་ཕྱུར་ཁྲི49.9ཟིན།  དུས་མཚུངས་ལས་སོ་སོ33.94%དང21.84%འཕར་ཡོད།

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། ཀྲུང་དབྱང་གིས་བཙུགས་པའི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་དོན་ཚན་ཁག50བར་ཇེ་ཉུང་དུ་བཏང་ཡོད་པ་རེད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འབྲི་ཆུའི་ཟོང་སྐྱེལ་ལས་དོན་དོ་དམ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་འབྲི་ཆུའི་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད(吞吐量)ཏུན་དུང་ཕྱུར35.9ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • ཀྲུང་གོ་མི་སྡོད་འཇིག་རྟེན་འཕུར་སྐྱོད་བཟོ་སྐྲུན་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མཁའ་གྲུ་དྲུག་པའི་ཟོག་འདྲེན་འཕུར་གྲུ(天舟六号货运飞船)དེ་ཟླ5པའི་ཟླ་སྟོད་དུ་གོ་སྐབས་དང་བསྟུན་ནས་འཕེན་གཏོང་བྱ་རྒྱུ་རེད།

  • ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་གྲོས་ཐག་བཅད་པ་བརྒྱུད། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན(欧盟委员会主席芬德莱恩)གྱིས་ཟླ4ཚེས5ནས7ཉིན་བར་ཀྲུང་གོར་འཚམས་འདྲི་གནང་རྒྱུ་རེད།

སྤྱི་ཚོགས།

3.jpg

  • དེ་རིང་དང་སང་ཉིན་རིང་། མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཅུང་ཆེ་བའི་དབང་གིས་རང་རྒྱལ་གྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་ཏུའུ4~8བར་ཆག་ནས་དབུས་ཤར་རྒྱུད་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་ཁངས་ཆར་གནམ་གཤིས་འབྱུང་རྒྱུ་རེད།

  • སློབ་གསོ་པུས་ཡིག་ཆ་བཀྲམ་ནས་རིག་ཚན་མིན་པའི་རིགས(非学科类)ཀྱི་གསོ་སྦྱོང་སྒྲིག་གཞིའི་ཞིབ་མཆན་ཐོ་འགོད་ལས་དོན་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

  • རུ་འཁྱུར་དམག་མིའི་ལས་དོན་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་གསུམ་རིང་སྔོན་གཤེགས་དཔའ་བོ6300ལྷག་ཙམ་ལ་གཉེན་ཉེ་འཚོལ་ཐུབ་པ་བྱུང་ཡོད།

  • ཀྲུང་གོའི་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཁྲོམ་ར་མགྱོགས་མྱུར་ངང་འཁྲུག་ཆ་དོད་པ་དང་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན(རོལ་རྩེད་བྱ་ཡུལ་གྱི་འཁྲབ་སྟོན་ཚུད་མེད娱乐场所)ཐེངས་གྲངས་ན་ནིང་གི་དུས་མཚུངས་ལས95.42%འཕར་ཡོད།

  • པར་གཞི་གསར་པའི《སྦག་སྦག་དང་གློག་སྒུལ་རྐང་འཁོར་གྱི་འགྲུལ་པའི་མགོ་རྨོག》གི་རྒྱལ་ཁབ་ཀྱི་ཚད་གཞི་བཟོ་བཅོས་བརྒྱབ་ནས་ཁྱབ་བསྒྲགས་བྱས། གློག་སྒུལ་རྐང་འཁོར་གྱི་མི་སྣའི་མགོ་རྨོག(乘员头盔)གི་རིགས་དང་ལག་རྩལ་གྱི་བླང་བྱ(类型和技术要求)དེ་ཐོམ་མར་ཚད་གཞིའི(标准)ནང་བཅུག་ཡོད།

  • རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་སྒུལ་བདེའི་ཟོག་འབྲེལ་དྲ་རྒྱ་སྦྲེལ་མཐུད་བྱས་ཚད(移动物联网链接)དེ་སྒུལ་བདེའི་ཁ་པར་སྤྱོད་མཁན(移动电话用户)ལས་ཐོག་མར་བརྒལ་ཡོད་པ་རེད།

  • ཚེས3ཉིན། ཀྲུང་གོའི་ཕིང་ཕང་སྤོ་ལོའི་རུ་ཁག་གིས་ཏི་པན(德班)ཕིང་ཕང་སྤོ་ལོའི་འགྲན་བསྡུར་ནང་ཞུགས་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཧྥན་ཀྲེན་ཏུང་དང་། མ་ལུང་། སུན་དབྱིང་ཧྲ། ཁྲེན་མོང་སོགས་ཡོད་པ་དང་། ཝང་ཁྲུའུ་ཆིན་དང་སུན་དབྱིང་ཧྲ་རྣམ་གྲངས་རྐྱང་པ་གསུམ་གྱི་འགྲན་བསྡུར་ནང་ཞུགས་རྒྱུ་རེད།

  • རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཐོན་ཁུངས་ཡོངས་བཤེར་ཐེངས་བཞི་པར་ཉུང་མཐར་ཡང་སྐྱེ་དངོས་རིགས་གསར་པ196ཤེས་རྟོགས་བྱུང་ཡོད།

4.jpg

  • ཚེས3ཉིན། མི་བརྒྱའི་འཛིན་བཟུང་བཀའ་རྒྱ་དམར་པོ་ལས”སུན་ཧྥུང་གིས་ཚེས3ཉིན་ཞིབ་བཤེར་དང་ལེན་བྱས་པ་དང་། དེས་མགོ་སྐོར་དང་ཚོད་འཛིན་བྱས་ནས་ཐོབ་པའི་སྒོར་ཁྲི8700ལྷག་ཙམ་ཡོད། དེའི་ནང་གི་སྒོར་ཁྲི4000ལྷག་ཙམ་ཕྱི་རྒྱལ་དུ་སྤོས་པ་རེད།

5.jpg

  • ཧྲན་ཏུང་ཧོ་ཙེ(山东菏泽)འདམ་རྩྭ་སྐྱེས་པའི་ཆུ་རྫིང་ཞིག་ལ་མེ་ཤོར་ནས་མེ་ཤུགས་མྱུར་དུ་མཆེད་ཅིང་། ཝང་ཐན་དང་། ཀྲང་ཧུང་ཁྲེན། ཝང་ཞིན་ཧུང་སོགས་དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མ་བདུན་གྱིས་ལྕགས་ཁེམ་དང་སྡོང་བོའི་ཡལ་ག་རློན་པ་སོགས་ཀྱིས་དུས་ཐོག་ཏུ་མེ་བསད་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་ཆ་རྐྱེན་དང་མཐུན་པའི་བཅོལ་སྐྱོང་ཞབས་ཞུའི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ(托育服务专业技术人才)དེ་གོ་མིང་ཞིབ་དཔྱད(职称评审)ནང་འཇུག་རྒྱུ་ཁ་གསལ་བཏོན་ཡོད།

  • སི་ཁྲོན་གྱིས་སྲིད་ཇུས་བཏོན་ནས་ཞིང་ཆེན་རིམ་པའི་ལས་ཞུགས་ལྟ་སྦྱོང་རྟེན་གཞིར་གསར་དུ་གཏན་འཁེལ་བྱས་པར། ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི20སྤྲོད་རྒྱུ་རེད།

  • ཀན་སུའུ་ཡིས་སྲིད་ཇུས་བཏོན་ནས་ཞིང་ཆེན་རིམ་པའི་ཆེད་ལས་དང་སྤུས་ལེགས། ཁྱད་ཆོས་ལྡན་པ། རིགས་སྣ་གསར་བ་ཡིན་པའི་ཁེ་ལས་འབྲིང་ཆུང་དུ་ངོས་འཛིན་བྱས་ན། ཁེ་ལས་རེར་སྒོར་ཁྲི30སྤྲོད་རྒྱུའི་གཏན་འཁེལ་བྱས་པ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཤིན་ཅང་ལྷོ་རྒྱུད་ཀྱི་ས་བབ་མཐོ་བའི་རི་ཁུལ་དང་། ནང་སོག་གི་དབུས་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་བྱང་རྒྱུད། ཀན་སུའུ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བ་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། དེའི་ཁྲོད། ནང་སོག་གི་དབུས་རྒྱུད་དང་ནུབ་བྱང་རྒྱུད་སོགས་ས་ཁུལ་དུ་ཁངས་ཆེན་པོ་འབབ་ཀྱི་རེད། ཧྲན་ཏུང་ཕྱེད་གླིང་དང་། ཅང་སུའུ་ཡི་ས་ཆ་མང་ཆེ་བ། ཨན་ཧུའེ་ཡི་ཤར་རྒྱུད་དང་ལྷོ་རྒྱུད། ཧུའུ་པེའི་ཤར་རྒྱུད། ཧུའུ་ནན་ལྷོ་རྒྱུད་དང་བྱང་རྒྱུད། ཅང་ཤིས་ཀྱི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་པ་དང་། དེའི་ནང་། ཅང་ཞིའི་བྱང་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་རེད།  

6.jpg

  • མ་ལ་སུང་། 2023པེ་ཅིང་རྒྱལ་སྤྱིའི་རྒྱང་རྒྱུག་དུས་ཆེན་དང་པེ་ཅིང་གི་ལམ་ཐག་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་ཚེས16ཉིན་མགོ་ཚུགས་རྒྱུ་རེད།

  • ཧྲན་ཤིས(陕西)། མཐོ་སློབ་དཀྱུས་མའི་ལུས་རྩལ་རིགས་ཀྱི་ཆེད་ལས་སློབ་བསྡུའི་གཅིག་གྱུར་རྒྱུགས་ལེན་དེ་ཚེས7ནས་ཚེས14ཉིན་བར་ལེན་རྒྱུ་རེད།


མཉམ་སྤྱོད།