དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྲན་ཏུང་མཚོ་སྐྱོར་གྱི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་དང་ཤེས་ལྡན་མི་སྣ་གསར་པའི་བཞུགས་མོལ་ཚོགས་འདུ་འཚོགས།

2023-04-03 18:59:32   |   338

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ4ཚེས3ཉིན། ཧྲན་ཏུང་གི་མཚོ་སྐྱོར་ཞིང་ཕྱུགས་ཚན་རྩལ་གྱི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་དང་ཞིང་ལས་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་འདེམས་གཏོང་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་འཚོགས།  ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའི་པུའུ་ཀྲང་ཝང་ཀྲུང་དབྱི། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་བཅས་ཚོགས་འདུར་ཕེབས་ནས་སོ་སོར་གསུང་བཤད་གནང་།

1.jpg

ཚོགས་འདུས་བསྟན་དོན།   མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པར་དམིགས་ནས་ཧྲན་ཏུང་ཞིང་ཆེན་གྱིས་ཐོག་དང་པོར་ཞིང་ཕྱུགས་ཚན་རྩལ་ཆེད་མཁས་ཤེས་ལྡན་མི་སྣའི་ཚོགས་པ14སྒྲིག་འཛུགས་བྱས་ཏེ། མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་དང་ལེན་བྱེད་པ་ནི། ཧྲན་ཏུང་གི་མཚོ་སྐྱོར་བྱེད་སྒོའི་རིག་སྟོབས་རོགས་སྐྱོར་གྱི་བྱེད་ཐབས་གལ་ཆེན་ཞིག་དང་། མཚོ་བྱང་གི་དགོས་མཁོ་དང་། ཧྲན་ཏུང་གི་འཇོན་ནུས་ཡིན་པ་མ་ཟད། ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ཤེས་ལྡན་མི་སྣ་དང་ཚན་རྩལ་མཉམ་ལས་ཞིབ་ཚགས་ཅན་དུ་གཏོང་བའི་ལག་ལེན་ཡང་ཡིན་པས།  མཚོ་བྱང་གི“ས་ཁུལ་བཞི”འཛུགས་སྐྲུན་ལ་སྟོབས་ཤུགས་གསར་བ་བསྣན་ཡོད། 

2.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།   ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རོགས་སྐྱོར་བྱ་ཡུལ་ཚན་པས་ཧྲན་ཏུང་གི་མཚོ་སྐྱོར་ཤེས་ལྡན་པར་སེམས་ཁུར་ཡག་པོ་དང་། བེད་སྤྱོད་ཡག་པོ། དོ་དམ་ཡག་པོ་བཅས་བྱས་ནས་ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱེད་པ་དང་། མཚོ་སྐྱོར་ཤེས་ལྡན་མི་སྣ་དེ་མཚོ་བྱང་གི་འཕེལ་རྒྱས་ནང་ཧུར་ཐག་གིས་ཞུགས་ཏེ་ས་གནས་དེ་གའི་ཤེས་ལྡན་མི་སྣར་བསམ་བློ་བརྗེ་སྤེལ་རེས་དང་། བསམ་ཚུལ་མཉམ་འགུལ། ལག་རྩལ་སློབ་སྦྱོང་། སྤྱོད་ཚུལ་མིག་དཔེ་བཅས་ཀྱི་སྒོ་ནས་ཧྲན་ཏུང་གི་སྔོན་ཐོན་འདུ་ཤེས་དང་། ལག་རྩལ། ཆ་འཕྲིན་བཅས་མཚོ་བྱང་དུ་བརྒྱུད་བསྒྲགས་བྱེད་པ་། འབྲེལ་འདྲིས་དང་འགྲོ་འོང་། མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྲ་བརྟན་དུ་གཏོང་བ།“ཐོན་སྐྱེད་དང་སློབ་སྦྱོང་། ཞིབ་འཇུག  ཁྱབ་སྤེལ”བཅས་ཁྱོན་ཡོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱང་སྐྱོད་གསར་བའི་ལམ་དུ་བྱས་རྗེས་གསར་བ་འཇོག་དགོས་པ་བསྟན།

3.jpg

ཚོགས་འདུ་གྲོལ་རྗེས།  ཧྲན་ཏུང་གི“ཚོགས་སྒྲིག་རྣམ་པའི”ཆེད་མཁས་པ་དང་ཤེས་ལྡན་མི་སྣ་མཚོ་བྱང་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ཞིང་ཕྱུགས་ཚན་རྩལ་སྡེ་ཚན་དུ་བསྐྱོད་དེ་དུས་ཡུན་ལོ་གཅིག་དང་ཕྱེད་ཀའི་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་རྒྱུ་རེད།


མཉམ་སྤྱོད།