དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2023ལོའི་ས་མཐོའི་གསོ་རིག་འབུམ་རམས་གླེང་སྟེཊ་རྒྱལ་ཁའི་ངང་འཚོགས།

2023-04-03 10:53:38   |   328

    རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


     2023ལོར་ས་མཐོའི་གསོ་རིག་འབུམ་རམས་པའི་ཞབས་ཞུའི་ཚོགས་པས“ཚེ་སྲོག་ལ་སྲུང་སྐྱོང་བྱེད། མཚོ་སྔོན་ལ་ཞབས་འདེགས་ཞུ”ཞེས་པའི་འབུམ་རམས་པའི་གླེང་སྟེགས་ཉེ་ཆར་མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཆེད་ལས་སྨན་ཁང་དུ་རྒྱལ་ཁའི་ངང་འཚོགས་པ་རེད།

1.jpg

     མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའུ་ཡི་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ལི་ཅན་ཀའོ་ཡིས“འབུམ་རམས་པའི་ཞབས་ཞུའི་ཚོགས་པ”ནི་ཀྲུང་དབྱང་རྩ་འཛུགས་པུའུ་དང་། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་རིག་ནུས་རྣམ་གྲངས་གལ་ཆེན་ཞིག་རེད། སྤྱི་ལོ2001ལོ་ནས་ད་བར། རྒྱལ་ཡོངས་ས་གནས་སོ་སོ་ནས་ཡོང་བའི་འབུམ་རམས་པའི་ཞབས་ཞུའི་ཚོགས་པའི་ཁོངས་མི་ཚོས། སྐབས་རིམ་བྱུང་གི་འབུམ་རམས་པའི་ཞབས་ཞུའི་ཚོགས་པས་ས་མཐོར་ཞབས་འདེགས་ཞུ་བའི་བསམ་པའི་དོན་གཉེར་ལ་ཞབས་འདེགས་ཞུས་ནས་མི་ཚེའི་ནང“མཚོ་སྔོན་གྱི་བྱ་ཐབས”བཏོད་དེ། ས་མཐོའི་ས་གཞི་ཆེན་མོར་ཐབས་ཇུས་འདོན་པ་དང་འབྲེལ་ཐག་ཁྲིད་པ། ཤེས་ལྡན་པ་གསོ་སྐྱོང་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཚོ་སྔོན་འཕེལ་རྒྱས་ཆེད་རྩ་ཆེའི་བློ་གྲོས་ཀྱི་ནུས་པ་ཧུར་ཐག་བཏོན་ཡོད།

     ལི་ཅན་ཀའོ་ཡིས། ཐེངས་འདིའི་གླེང་སྟེགས་དེ་རིག་གཞུང་གླེང་སྟེགས་གཞི་རྟེན་དུ་བྱས་ནས། སློབ་ཁྲིད་ཚན་ཞིབ་དང་ལག་རྩལ་ཁྱབ་གདལ། རིག་གཞུང་བརྗེ་རེས་སོགས་ཐད་ཀྱི་གསོ་རིག་འབུམ་རམས་པའི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཐོག སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པར་བཤད།

     མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་ནད་ཀྱི་ཆེད་ལས་ཚན་ཁག་སྨན་ཁང་གི་མགོ་འཛིན་དབྱང་ཨའེ་རུང་གིས། ཀྲུང་དབྱང་རྩ་འཛུགས་པུའུ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་རྩ་འཛུགས་ཀྱིས་གཉེར་བའི་འབུམ་རམས་པའི་ཞབས་ཞུའི་ཚོགས་པའི་བྱ་བ་ནི་ཀྲུང་གོ་དང་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་རིག་ནུས་རྣམ་གྲངས་གལ་ཆེན་ཞིག་རེད། ལོ་མང་རིང་། མཚོ་སྔོན་དུ་ཡོང་བའི་གསོ་རིག་འབུམ་རམས་པའི་ཞབས་ཞུའི་ཚོགས་པ་ཁག་ཅིག་གིས་ནང་མི་དང་ཁ་བྲལ་ནས་མཚོ་བོད་ས་མཐོར་བསྐྱོད་དེ། ས་མཐོའི་ལ་དུག་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་རང་སོ་སོའི་ཆེད་ལས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ལས་སྒོའི་བྱ་བ་ཧུར་ཐག་སྒོས་སྒྲུབ་པ་དང་། འདུ་ཤེས་གསར་བ་བརྒྱུད་སྤེལ་བྱས་པ། ཤེས་བྱ་གསར་བ་ངོ་སྤྲོད་བྱས་པ། ལག་རྩལ་གསར་བ་སྤེལ་བ་བཅས་བྱས་པར་མ་ཟད། ད་དུང་འབྲེལ་ཟམ་བཙུགས་ནས་དེ་སྔའི་ཚན་པའི་སྤུས་ལེགས་ཐོན་ཁུངས་ནང་འདྲེན་བྱས་ཏེ་ང་ཚོའི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་རོགས་རམ་བྱས་ཡོད། བྱེད་སྟངས་དེ་དག་གིས་མཚོ་སྔོན་ཞིང་ཆེན་གྱི་སྨན་ཁང་དོ་དམ་དང་། གསོ་རིག་རིག་ཚན་འཛུགས་སྐྲུན། ཤེས་ལྡན་པ་གསོ་སྐྱོང་། གསོ་རིག་སློབ་གསོ། རིག་གཞུང་ཞིབ་འཇུག སྨན་ཁང་གི་རིག་གནས་འཛུགས་སྐྱོང་སོགས་ཕྱོགས་སོ་སོའི་བྱ་བར་མངོན་གསལ་དོད་པའི་ཡར་རྒྱས་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཏེ་མངོན་གསལ་དོད་པའི་རོགས་སྐྱོར་ཕན་འབྲས་ཐོན་ཡོད་ཅེས་བཤད།

     དབྱང་ཨའེ་རུང་གིས། ཐེངས་འདིའི་འབུམ་རམས་པའི་གླེང་སྟེགས་ཀྱིས་ང་ཚོ་ཚང་མའི་འདུ་ཤེས་དང་ཤེས་བྱ། ལག་རྩལ་བཅས་གསར་བརྗེས་བྱ་རྒྱུར་སྐུལ་མ་ཐེབས་ངེས་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ངེས་པར་བཤད།


མཉམ་སྤྱོད།