དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བསོད་ནམས་ཚེ་རིང་གི་བརྩམས་ཆོས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས།

2023-04-04 09:26:38   |   410

སྒྲིག་སྒྱུར།  སངས་དོན།     ཡོང་ཁུངས།   མཚོ་བྱང་སྨྱན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


1.jpg

ཟླ4ཚེས3ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས། ཞིང་ཆེན་རིག་གནས་དཔྱད་འདེམས་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་མཚོ་བྱང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་འགན་འཁུར་བའི་བསོད་ནམས་ཚེ་རིང་གི་བརྩམས་ཆོས་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་འཚོགས། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་བགྲོ་གླེང་ཚོགས་འདུར་ཕེབས་པ་དང་གསུང་བཤད་གནང་། མཚོ་བྱང་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཡུས་རུང་གིས་བགྲོ་གླེང་ཚོགས་འདུ་གཙོ་སྐྱོང་གནང་།

2.jpg

མེ་སྒྲོན་གྱིས་གསུང་བཤད་གནང་སྐབས། དུས་རབས་གསར་པ་ནས་བཟུང་། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རིག་རྩལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་དང་། གསར་རྩོམ་གྱི་ལྟེ་བའི་ལྷུ་ཚིགས་དེར་དམ་པོར་དམིགས་ནས་བརྗོད་དོན་གཙོ་བོའི་གསར་རྩོམ་དང་སྤུས་ལེགས་གསར་རྩོམ་གྱི་རྩ་འཛུགས་དང་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་། རྩོམ་རིག་གསར་རྩོམ་གྱི་འཆར་འགོད་འཕེལ་རྒྱས་རྣམ་གྲངས་མཚོན་བྱེད་དུ་བྱེད་པའི་རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པ་མུ་མཐུད་དུ་ལག་ལེན་བསྟར་ནས་མཚོ་སྔོན་གྱིས་ས་མཐོའི་རྩོམ་རིག་དེ་རྩོམ་རིག་གི་མཐོ་སར་མཆོང་སྐྱོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས། བསོད་ནམས་ཚེ་རིང་གིས་ལོ་རྒྱུས་ཀྱི་དུས་མཚམས་དེའི་ནང་ཞིང་ཆེན་ནང་ཁུལ་ནས་རྒྱལ་ཡོངས་དང་། མཚན་སྙན་མེད་པ་ནས་བྱ་དགའ་ཆེན་པོ་ཐོབ་པའི་མཚོང་བརྒལ་མངོན་འགྱུར་བྱུང་ཡོད། མཚོ་སྔོན་དུ་ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་མཁན་དང་པོ་ཡིན་པའི་ངོས་ནས་བརྗོད་ན། ཁོང་ལ་སྐུལ་འདེད་ཀྱི་དོན་སྙིང་ལྡན་པའི་རྩོམ་རིག་འཚར་སྐྱེད་བྱུང་བའི་བརྒྱུད་རིམ་ཞིག་དང་། ཡང་ན་ཁོང་ལ་བྱ་དགའ་ཐོབ་ནས་མཚོ་སྔོན་གྱི་རྩོམ་རིག་ལ་དོན་སྙིང་གལ་ཆེན་ལྡན་པ་གང་ཞིག་ཡིན་རུང་། ཀུན་ཀྱང་ཚང་མས་དོ་ཁུར་རྒྱ་ཁྱབ་དང་གླེང་གཞིར་གྱུར་ཡོད་པས། བསམ་པའི་ཤུགས་རྐྱེན་འདིའི་རིགས་ངེས་པར་རྒྱ་ཆེར་དང་རྒྱུན་མཐུད་འགྲོ་ངེས་རེད།

3.jpg

བགྲོ་གླེང་ཚོགས་འདུའི་ཐོག  ཚོགས་ཞུགས་དཔྱད་གཏམ་པ་ཚོས་བསོད་ནམས་ཚེ་རིང་གི་ལོ་མང་རིང་གི་རྩོམ་རིག་གསར་རྩོམ་གྱི་ཉམས་མྱོང་དང་གསར་རྩོམ་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། དཔྱད་བརྗོད་པ་ཚོས་བསོད་ནམས་ཚེ་རིང་གི་འཚོ་བའི་ཉམས་མྱོང་དང་བརྩམས་སྒྲུང་གསར་རྩོམ་གྱི་ཁྱད་ཆོས་ལ་དམིགས་ནས་བྱེ་བྲག་གི་བརྩམས་ཆོས་རེ་ནས་བསོད་ནམས་ཚེ་རིང་གི་བརྩམས་སྒྲུང་གསར་རྩོམ་གྱི་དུས་མཚམས་ཁག་གི་འགྱུར་ལྡོག་སོགས་ལ་ཞིབ་བསྡུར་བྱས། བསོད་ནམས་ཚེ་རིང་གིས་གཙོ་གཉེར་ཕྱོགས་དང་སྒྲུབ་འགན་འཁུར་མཁན་སོགས་ལ་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་རང་ངོས་ཀྱི་གསར་རྩོམ་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ།

4.jpg


མཉམ་སྤྱོད།