དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྒྱལ་ནང་གི་ས་མཐོའི་མི་མེད་གནམ་གྲུའི་མ་ལག་རྟོག་འཇལ་ལྟེ་གནས་ཀྱི་རྣམ་གྲངས་ཐོག་མ་དེ་མཚོ་བྱང་ཁུལ་རྐང་ཚ་རྫོང་དུ་འཛུགས་རྒྱུ་རེད།

2023-04-04 10:55:15   |   404

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་།


རྒྱལ་ནང་གི་ས་མཐོའི་མི་མེད་གནམ་གྲུའི་མ་ལག་རྟོག་འཇལ་ལྟེ་གནས་ཀྱི་རྣམ་གྲངས་ཐོག་མ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ལས་མགོ་ཚུགས་རྒྱུ་རེད། གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ4ཚེས1ཉིན། རྣམ་གྲངས་དེ་ཨར་ལས་གྲ་སྒྲིག་གི་དུས་མཚམས་སུ་སླེབས་པ་དང་སྔོན་དཔག་བྱས་ན་ད་ལོའི་ཟླ8པར་འཛུགས་སྐྲུན་ལེགས་འགྲུབ་བྱུང་ནས་བེད་སྤྱོད་གཏོང་རྒྱུ་རེད། རྣམ་གྲངས་དེ་ལག་བསྟར་བྱེད་པ་ནི་ཁེ་ལས་ཀྱི་སྒྲིག་ཆས་ཕུན་སུམ་ཚོགས་པའི་ཚན་ཞིབ་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་ཐོན་སློབ་ཞིབ་གསུམ་དང་། བཟོ་སྐྲུན། ཐོན་སྐྱེད། ཚོད་ལྟའི་འཕུར་སྐྱོད། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་གསར་གཏོད་ཐོན་ལས་ཁྱུ་ཚོགས་དང་ཤེས་ལྡན་མི་སྣའི་མཐོ་ས་བཏོད་དེ་རྩེར་སོན་ལག་རྩལ་ཁེ་ལས་དང་ས་གནས་ཀྱི་ཐོན་ཁུངས་མཉམ་སྤྱོད་དང་མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་རྒྱུ་དེ་རེད།

རྒྱལ་ནང་གི་ས་མཐོའི་མི་མེད་གནམ་གྲུའི་མ་ལག་རྟོག་འཇལ་ལྟེ་གནས་ཀྱི་རྣམ་གྲངས་ཐོག་མ་དེ་རྐང་ཚ་རྫོང་གི་ཆུ་ཁོལ(ཞིང་ཆེན་རིམ་པ)རྡོ་སོལ་ཐོན་ལས་གླིང་ཁུལ་དུ་ཡོད། དེ་གར་རྩྭ་ཐང་དང་རི་ཚོགས་གཙོ་བོར་བྱེད་པ་དང་། བར་སྣང་ཁྱབ་ཁོངས་ཀྱི་ཁོར་ཡུག་བཟང་པོ་ལྡན་པ། དེའི་དཔེ་མཚོན་གྱི་ས་མཐོའི་ས་ཁམས་གནས་བབ་ཀྱི་ལེགས་ཆ་དང་འགྱུར་ལྡོག་མང་བའི་གནམ་གཤིས་ཁོར་ཡུག   མི་འབོར་ཉུང་ཞིང་མཐོང་རྒྱ་ཡངས་པའི་ཁྱད་ཆོས་བཅས་ས་མཐོའི་མི་མེད་གནམ་གྲུ་འཕུར་སྐྱོད་ཀྱི་ཚད་གཞི་དང་ལག་རྩལ་འགན་ལེན་གྱི་གཙོ་གནད། མི་མེད་གནམ་གྲུ་འཕུར་སྐྱོད་ཀྱི་ཁོར་ཡུག་རྒྱ་ཆེར་གཏོང་བ་སོགས་ཚོད་ལྟའི་དགོས་མཁོ་དང་འཚམ་པ་ཡིན།

རྣམ་གྲངས་ལེགས་འགྲུབ་བྱུང་རྗེས་ནུབ་བྱང་ས་ཁུལ་གྱི་འཕྲལ་སྡོམ་རོགས་སྐྱོབ་དང་། ས་མཐོའི་དངོས་ཟོག་སྐྱེལ་འདྲེན། ཐལ་དྲགས་ས་ཁུལ་གྱི་མི་མེད་ཟོག་འགྲེམས། ནགས་ཚལ་མེ་ཟོན་མྱུལ་ཞིབ་རྟོག་འཇལ། མི་མེད་གནམ་གྲུ་བཏང་ནས་བར་སྣང་དུ་འཕུར་སྐྱོད་སོགས་ཁྱབ་ཁོངས་ཁྱབ་གདལ་དང་བེད་སྤྱོད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་མཐོ་གསར་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་ཁྱུ་ཚོགས་གསར་པ་ཞིག་ཆགས་པར་བྱས་ཏེ། རྐང་ཚ་དང་མཐའ་འཁོར་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་པ་རེད།


མཉམ་སྤྱོད།