དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གི་དུས་ཚིགས་དང་པོའི་གནས་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི4159.8ལ་སླེབས་འདུག

2023-04-04 15:17:08   |   566

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 



888.jpg

མདའ་བཞི་རྫོང་གིས་ཐོག་མཐའ་བར་གསུམ་དུ་ཚད་གཞི་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ས་གཏོད་རྒྱུ་མཐའ་འཁྱོངས་བྱས་པ་དང་།  སྐར་མ་རིམ་པའི་མཛེས་ལྗོངས་ཁུལ་གཏོད་པ་དང་གསར་བརྗེའི་རིག་གནས་ཞིབ་འཇུག་སློབ་སྦྱོང་ལ་དམིགས་ནས་རིག་གནས་གནས་སྐོར་ཁྲོམ་ར་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་། ལོ་སྟོད་དུ། མདའ་བཞི་རྫོང་གིས་ལོ་རིམ་བྱུང་རིང་གི་གཞི་ཁྱོན་ཆེ་ཤོས་དང་། ནང་དོན་ཕུན་སུམ་ཚོགས་པ། རྣམ་པ་སྣ་ཚོགས་བཅས་ཀྱི་རྒྱ་ལོ་བཅོ་ལྔའི་དུས་ཆེན་གཏོང་བའི་བྱེད་སྒོ་སྤེལ་བར་སྤྱི་ཚོགས་ལས་རིགས་ཁག་གི་ཚད་མཐོའི་ཁས་ལེན་ཐོབ་ཡོད། ལོ་ཧྲིལ་པོར་གཙོ་གནད་བྱེད་སྒོ་དང་། དུས་སྟོན་བྱེད་སྒོ། དམངས་སྲོལ་བྱེད་སྒོ་སོགས་རིགས་ཆེ་གྲས5དང་རྣམ་གྲངས་21ཇུས་འགོད་བྱས་ཡོད། “མཛེས་སྡུག་ལྡན་པའི་མཚོ་སྔོན། ཡིད་འོང་ཀན་སུའུ”ཞེས་པའི་ཆེད་དོན་འོས་སྦྱོར་ཚོགས་འདུ་སོགས་སྒྲིག་འཛུགས་བྱས་ནས་མདའ་བཞིའི་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་བཏང་།

999.jpg

རྫོང་འདིའི་ཝ་འཇོག་ཡུལ་ཚོའི་མདའ་བཞི་གྲོང་ཚོས་རྒྱལ་ཁའི་ངང་རྒྱལ་ཁབ་རིམ་པའི་གྲོང་གསེབ་གནས་སྐོར་གྱི་གཙོ་གནད་གྲོང་ཚོ་གསར་འཛུགས་བྱས་པ་དང་།  གསེར་ཐང་ཡུལ་ཚོའི་ཧེ་ཏུང་གྲོང་ཚོ་དེ་ཞིང་ཆེན་རིམ་པའི་གྲོང་གསེབ་གནས་སྐོར་གྱི་གཙོ་གནད་གྲོང་ཚོར་བདམས་པ་རེད། ནུབ་མཚོ་ཤིན་ཡུས་དེ་སྐར་བཞི་རིམ་པའི་གྲོང་གསེབ་གནས་སྐོར་སྣེ་ལེན་ས་ཚིགས་དང་ཞིང་ཆེན་རིམ་པའི་སྒེར་འཁོར་གནས་སྐོར་སྒར་སར་བདམས་ཡོད། དེ་དང་ཆབས་ཅིག  རྒྱལ་ཁབ་རིམ་པའི་རིག་གནས་ཐོན་ལས་དང་གནས་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་གྱི་རྣམ་གྲངས་རེ་ཞུ་བྱས་ཡོད། གསེར་དངུལ་ཐང་དང་རྡུལ་ཕྲན་གྲོང་གི5Aརིམ་པའི་མཛེས་ལྗོངས་ཁུལ་གསར་འཛུགས་བྱེད་པའི་ཆེད་མཁས་པའི་ཡུལ་དངོས་ལྟ་ཞིབ་ཡོངས་འགྲུབ་བྱས་པ་མ་ཟད། དག་ཐེར་གྱི་བསམ་འཆར་བཏོན་ནས་དག་ཐེར་བྱེད་བཞིན་པའི་སྒང་ཡིན་ལ།  ས་ཁོངས་ཧྲིལ་པོའི་གནས་སྐོར་འཕེལ་རྒྱས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་ཕྱིན་པ་དང་རྨང་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད།

 གསར་འགོད་པས་མདའ་བཞི་རྫོང་རིག་རྩལ་གནས་སྐོར་རྒྱང་བརྙན་ཅུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། དུས་ཚིགས་དང་པོར་རྫོང་དེའི་གནས་སྐོར་ལས་དོན་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པ་དང་། སྣ་སོ་སོའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། ཟླ1པོ་ནས3པའི་བར་རྫོང་ཡོངས་ཀྱིས་གནས་སྐོར་བ་མི་ཐེངས་ཁྲི14.86ལ་སྣེ་ལེན་བྱས་པ་དང་། གནས་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི4159.8ལ་སླེབས་ཡོད། 


མཉམ་སྤྱོད།