དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

《རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་བའི་དཔེ་ཆའི་དཔེ་སྦྱིན་མཛད་སྒོ་ཟི་ལིང་དུ་བསྡུས།

2023-04-04 18:35:43   |   432

རྩོམ་སྒྲིག  སངས་དོན།    ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།    བཤེར་འབེབས།  རིན་ཆེན་ཚེ་རིང་།  



1.jpg

ཟླ4པའི་ཚེས4ཉིན་གྱི་སྔ་དྲོའི་ཆུ་ཚོད9ཡི་སྟེང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པའི་གྲངས་ཉུང་མི་རིགས་སྐད་ཡིག་པར་མའི་དཔེ་སྦྱིན་མཛད་སྒོ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དུ་བསྡུས་པ་དང་། མི་རིགས་དཔེ་སྐྲུན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲེ་ཀྲང་ལི་ཝན་དབྱིན་སོགས་མགོ་ཁྲིད་དང་། གཞན་ཡང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཕྱོགས་བསྡུས་མཐུན་སྦྱོར་ཁྲུའུ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཡིག་སྒྱུར་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་མི་རིགས་སློབ་ཆེན།  ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་གྱི་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་དང་། མཚོ་ལྷོ་དང་རྨ་ལྷོ་ཁུལ་སོགས་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་འགན་ཁུར་བ་དང་འཐུས་ཚབ་པ་རྣམས་དཔེ་སྦྱིན་གནང་བའི་མཛད་སྒོར་ཞུགས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཧ་སི་པ་ཐུའུ་ཡིས་མགོ་འཛིན་བྱས་ཤིང་། མི་རིགས་དཔེ་སྐྲུན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཧྲེ་ཀྲང་ལི་ཝན་དབྱིན་གྱིས་གཏམ་བཤད། 

2.jpg

ལི་ཝན་དབྱིན་གྱིས་བཤད་རྒྱུར། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་མཚོན་པར་བྱེད་པའི་ཀློག་དེབ་སྨྲ་མེད་ཅིག་ཡིན་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱ་རྒྱུ་ནི་དུས་རབས་གསར་པའི་བརྗོད་དོན་དང་རླབས་ཆེའི་ལག་ལེན་རེད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་དང་ཀྲུའུ་རེན་བློ་མཐུན་ཕན་ཡུའེ་ཡིས་དཔེ་སྐྲུན་ཁང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན། ཀྲུང་དབྱང་གི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་བཅས་ཀྱི་མི་རིགས་སྐད་ཡིག་པར་མ་དུས་ཐོག་ཏུ་མང་ཚོགས་ཀྱི་གམ་དུ་སྐྱེལ་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་ཡོངས་ཀྱི་གྲོས་ཚོགས་གཉིས་མཇུག་སྒྲིལ་མ་ཐག་པའི་སྐབས་ཏེ། ས་གནས་ཁག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་གྱིས་འདི་ལྟ་བུའི་སློབ་སྦྱོང་དྲིལ་སྒྲོག་དང་འོས་སྦྱོར་བྱ་འགུལ་སྤེལ་བ་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།   

3.jpg

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པ་ནི་ཀྲུང་གུང་ཀྲུང་དབྱང་དྲིལ་སྒྲོག་པུའུ(རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང)དང་།    ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་། ཀྲུང་གོའི་ཕྱི་རྒྱལ་སྐད་ཡིག་ཅུས་བཅས་ཀྱིས་རྩོམ་སྒྲིག་བྱས་པ་དང་། འདིར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2017ལོའི་ཟླ10པའི་ཚེས18ཉིན་ནས2020ལོའི་ཟླ1པའི་ཚེས13ཉིན་བར་གནང་བའི་སྙན་ཞུ་དང་། གཏམ་བཤད། གླེང་མོལ། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་སྤྲིངས་ཡིག་སོགས92བཀོད་ཡོད་པར་མ་ཟད། ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་སྐབས་འདིའི་ནང་གི་སྐུ་པར41ཀྱང་བཅུག་ཡོད་དེ། དཔེ་དེབ་ཧྲིལ་པོར་ཆེད་དོན་ཚན་པ19རུ་ཕྱེ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་སྤྱི་ཡོངས་དང་འཛམ་གླིང་སྟེང་ལོ་ངོ་བརྒྱའི་རིང་ལ་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་དམིགས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱས་ཤིང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གལ་ཆེན་དང་གྲུབ་འབྲས་གསར་པ་བླངས་པའི་རླབས་ཆེའི་ལག་ལེན་ཡིན་ལ། གཅིག་བསྡུས་སྒོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་པ་མངོན་པར་བཤམས་ཡོད་པས། ང་ཚོའི་ཏང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་བར་བྱས་རྗེས་འཇོག་པའི་ཤེས་རབ་མངོན་པར་མཚོན་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་མཚོན་པར་བྱེད་པའི་ཀློག་དེབ་སྨྲ་མེད་ཅིག་རེད།

4.jpg

《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》པོད་གསུམ་པའི་གྲངས་ཉུང་མི་རིགས་སྐད་ཡིག་པར་མ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་ནི། མི་རིགས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་སྔར་བས་ཁྱོན་ཡོངས་དང་གཏིང་ཟབ་པ་དང་མ་ལག་དང་ལྡན་ལ་ཡང་དག་པ་བཅས་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་བྱེད་པ་དང་།    ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ།    མི་རིགས་བར་གྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་ཤུགས་སྣོན་པ་བཅས་ཀྱི་ཐད་དགེ་མཚན་ཆེན་པོ་ལྡན་པ་རེད། །


མཉམ་སྤྱོད།