དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-05 09:06:24   |   320

སྒྲིག་སྒྱུར།   སངས་དོན།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཚེས4ཉིན། ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱེད་སྒོར་ཞུགས་སྐབས་བསྟན་དོན། ནགས་འཛུགས་སྔོ་འགྱུར་གྱི་ཚ་རླབས་འཕྱུར་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་གསར་སྒྱུར་གྱི་རི་མོ་བཀོད་དགོས་གསུང་།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་ཉིན་དེར། རྒྱལ་ཡོངས་ཀྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་མྱུར་བགྲོད་གཞུང་ལམ་གྱི་ཤར་བགྲོད་གྲོན་དངུལ་རྩ་ཆག་གཏོང་རྒྱུ་རེད། སྔོན་དཔག་བྱས་ན་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་རྒྱུག་ཚད་དེ་དུས་མཚུངས་ལས་75%ཙམ་འཕར་ཡོད།

  • ཀྲུང་དབྱང་དངུལ་ཁང་གིས་ཡོངས་བསྒྲགས་བྱས་པའི་བརྟག་དཔྱད་སྙན་ཞུ་ལས་མངོན་པ་ལྟར་ན།  ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་དངུལ་བུན་གྱི་སྤྱིའི་དགོས་མཁོའི་སྟོན་གྲངས78.44%ཟིན་ཡོད་ལ།  དུས་ཚིགས་གོང་མ་ལས་བརྒྱ་ཆའི་གྲངས19འཕར་ཡོད།

  • སློབ་གསོ་པུའུ་སོགས་སྡེ་ཚན་ལྔས་སྒྱུར་བཅོས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས།  2025ལོར་སླེབས་སྐབས། མཐོ་རིམ་སློབ་གྲྭའི20%ཡས་མས་ཀྱི་རིག་ཚན་ཆེད་ལས་ལེགས་སྒྲིག་བྱེད་དགོས་ཞེས་བཏོན་ཡོད།

  • དམངས་སྤྱོད་མཁའ་འགྲུལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་དུས་གཏན་གནམ་གྲུ་ཤར་གཏོང་ཐུབ་པའི་རྒྱལ་ཁབ་དང་ས་ཁུལ་སླར་གསོ་བྱུང་ནས་རིམས་ནད་མ་ཐོན་གོང་གི་བཅུ་ཆ་བརྒྱད་བར་སླེབས་པ་རེད།

  • ཚེས4ཉིན། ཅིང་ཧང(京杭)མིས་བཟོས་གཙང་པོ་ཆེན་པོ་སླར་ཡང་ལམ་ཐིག་ཧྲིལ་པོའི་ཆུ་རྒྱུན་ཤར་གཏོང་ཐུབ་ཡོད།

2.jpg

  • རྒྱལ་ཁབ་གློག་དྲའི་འབའ་ཐང་ནས་རྫ་ཆུའི་བར་གྱི་ཆན་ཕུའུ་500ཡི་སྐུད་ལམ་ལས་གྲྭ་ཚེས3ཉིན་གློག་གཏོང་མགོ་ཚུགས་པས། ཁྲོན་བོད་ས་ཁུལ་གཉིས་དབར་གྱི་གློག་དྲ་ཕན་ཚུན་རོགས་སྐྱོར་བྱེད་ནུས་ལྡབ་གཅིག་མཐོ་རུ་ཕྱིན་ཡོད་པ་རེད།

3.jpg

  • ཚེས4ཉིན། རང་རྒྱལ་གྱི་སྐྱེ་ཁམས་ཡུག་ཕྱོགས་བསྡུས་འོད་རིམ་མཐོ་བའི་རྟོག་འཇལ(高光谱观测)ལས་སྒོའི་སྲུང་སྐར་ཐོག་མ་དངོས་སུ་སྤྱོད་མགོ་ཚུགས་པ་རེད།

  • 2022ལོའི་འཛམ་གླིང་གི་ཐའེ་ཆོན་དྲག་རྩལ(世界跆拳道)གྱི་མཐའ་བསྡུར་དེ་ཚེས3ཉིན་ཅང་སུའུ་ཝུའུ་ཤིས(江苏无锡)སུ་མཇུག་འགྲིལ་བ་དང་། ཀྲུང་གོའི་རུ་ཁག་གིས་བུད་མེད་རྣམ་གྲངས་ཀྱི་གསེར་གྱི་རྟགས་མ4བླངས་པ་རེད།

  • ཚེས4ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཨ་རིའི་གྲོས་ཁང་གི་གྲོས་དཔོན་མའེ་ཁ་ཤིས(美国众议长麦卡锡)དང་ཚའེ་དབྱིང་ཝུན(蔡英文)མཇལ་འཛོམས་གནང་བར་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། གནས་ཚུལ་གྱི་འཕེལ་ཕྱོགས་ལ་རྗེས་སྙེག་དམ་ཟབ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སྤྱི་ཚོགས།

  • མཁའ་དབུགས་གྲང་མོའི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཚེས4ཉིན་གྱི་མཚན་མོ་ནས་ཚེས6ཉིན་བར། ཧྭ་བྱང(华北)བྱང་རྒྱུད་དང་བྱང་ཤར་ས་ཁུལ་སོགས་ཀྱི་དྲོད་ཚད4~6℃མར་ཆག་པ་མ་ཟད། རིམ་པ4~6གི་བྱང་རླུང་གཡུག་རྒྱུ་རེད།

  • རྒྱལ་ཁབ་གནམ་གཤིས་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་བྱས་ན་ད་ལོའི་འབྲུབ་དུས་སུ་རང་རྒྱལ་གྱི་གནམ་གཤིས་གནས་ཚུལ་སྤྱིར་བཏང་ནས་ཅུང་ཞན་པ་དང་། ས་ཁོངས་རང་བཞིན་དང་དུས་མཚམས་རང་བཞིན་གྱི་ཐན་ཞོད་གནོད་འཚེ་མངོན་གསལ་དོད་པོ་ཡོད་པ་རེད།

  • སློབ་གསོ་པུའི་སློབ་གསོ་རྒྱུགས་ལེན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་སྟོད་དུ། རྒྱལ་ཡོངས་སློབ་ཆེན་གྱི་དབྱིན་ཡིག་རིམ་པ་བཞི་པ་དང་དྲུག་པའི་ཡིག་རྒྱུགས་དང་ཁ་རྒྱུགས་དེ་ཟླ6ཚེས17ཉིན་དང་། ཟླ5ཚེས20ནས་ཚེས21ཉིན་བར་ལེན་རྒྱུ་རེད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གློག་རྡུལ་ཐོན་རྫས་ཀྱི་སྤུས་ཚད་རྒྱལ་ཁབ་ཀྱི་ལྟ་སྐུལ་འཐེན་བཤེར་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། འཐེན་བཤེར་གྱི་ཚད་གཞི་ལོན་མེད་པ་དེས6.4%ཟིན་ཡོད།

  • ཚེས4ཉིན། ཨན་ཧུའེ་ཧོ་ཧྥེ(安徽合肥)འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུ་ཡི་དེ་སྔའི་ཏང་ཙུའི་ཁོངས་མི། ཀྲུང་དབྱང་སྒྲིག་ཨུའི་དེ་སྔའི་རྒྱལ་ཁབ་རྡོ་ཐ་ཆེད་ཚོང་ཅུའི་ཆེད་མངགས་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ཕན་ཅ་ཧྭ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་བཅད་ཁྲ(公开宣判)བྱས་པ་དང་། ལྐོག་རྔན་བླངས་པའི་ཉེས་པའི་ཐོག་ནས་ཕན་ཅ་ཧྭ་ལ་དུས་བཀག་བཙོན་འཇུག་ལོ11བྱེད་རྒྱུ་རེད།

  • པེ་ཅིང་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་བཟའ་བཏུང་ཁེ་ལས་ལ་ལུགས་མཐུན་ངང་ཚལ་ཐོ(菜单)དང་ཟས་སྣའི་གྲངས་ཀ(菜品数量)། ཟས་ཐུན་གྱི་གྲངས་འབོར(分量)བཅས་ཚད་གཞི་ཇུས་འགོད་བྱས་ཏེ། རང་འགུལ་ངང་ཐུན་ཕྱེད་བཟའ་བཅའ(半份菜)དང་ཐུན་ཉུང་བཟའ་བཅའ(小份菜)ཁྱབ་སྤེལ་བྱེད་དགོས་པ་དང་། གྲོན་ཆུང་ལ་ཁ་གཡར་ནས་རྣམ་པ་འགྱུར་བའི་རིན་གོང་འཕར་མི་རུང་བའི་གྲོས་མགོ་བཏོན་པ་རེད།

  • སྤྱི་དམངས་ཀྱིས་ཐག་ཉེ་ས་ནས་སྦྱོང་བརྡར་བྱེད་པའི་དགོས་མཁོ་སྐོང་ཆེད། ཟླ་འདི་ནས་བཟུང་། ཧྲང་ཧའེ་ཡིས་ཆ་རྐྱེན་དང་མཐུན་པའི་གཞུང་བཙུགས་སློབ་གྲྭ་འབྲིང་ཆུང་ཆིག་སྟོང་ལྷག་ཙམ་གྱི་ལུས་རྩལ་ཐང་གཅིག་རྗེས་གཉིས་མཐུད་ངང་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཡོད།

4.jpg

  • ནན་ཅིང(南京)གིས“ཉིང་ཆིང་ས་ཚིགས(宁青驿站)”ཀྱི་ཞབས་ཞུ་བཏོན་ནས། ནན་ཅིང་དུ་ལས་ཀ་འཚོལ་བར་ཡོང་མཁན་ན་གཞོན་ལ་དུས་ཡུན་རིང་ཤོས་ཉིན14ཡི་རིན་མེད་བར་བརྒལ་རང་བཞིན་གྱི་ཞག་སྡོད་ཞབས་ཞུ་མཁོ་འདོན་བྱས་ཡོད།

5.jpg

  • ལོ23ལ་སླེབས་པའི་ཁྲུང་ཆིང་གི་བུ་མོ་ཧོང་ཆིན་རླངས་འཁོར་དོན་རྐྱེན་གྱི་དབང་གིས་ཚེ་ལས་འདས་རྗེས། ཕ་མས་ཁོང་གི་མཆིན་པ་དང་མིག་སྐྱི་ཞལ་འདེབས་བརྒྱབ་ནས་ནད་པ་བཞིར་གསོན་པའི་རེ་བ་སྤྲད་པ་རེད།

སྲིད་ཇུས

  • པེ་ཅིང་གིས་མི་སྣ་གྲགས་ཅན་གྱིས་བརྡ་ཁྱབ་ཀྱི་མགྲིན་ཚབ་བྱེད་པའི་གཏན་འབེབས་གསར་པ(明星广告代言新规)ཁྱབ་བསྒྲགས་བྱས་ནས། མི་སྣ་གྲགས་ཅན་གྱིས་ཚོང་ཟོག་གི་མགྲིན་ཚབ་མ་བྱེད་གོང་དུ་ཚོང་ཟོག་དེ་བེད་སྤྱོད་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  • ཀྲེ་ཅང(浙江)གིས་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་ཐབས་བཟོ་བཅོས་བརྒྱབ་སྟེ། ཀྲེ་ཅང་གི་ཚན་རྩལ་བྱ་དགའ་ཆེན་པོའི་བྱ་དགའི་དངུལ་དེ་རྣམ་གྲངས་རེར་སྒོར་ཁྲི300ནས་སྒོར་ཁྲི500བར་མཐོ་རུ་བཏང་ཡོད།

  • ཧྲེན་ཀྲེན(深圳)གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་འཕར་ཚད་ཀྱི་དམིགས་ཚད་རེ་ཞུའི་ཆ་རྐྱེན་ལེགས་སྒྲིག་བྱས་ནས། ཉེ་ཆར་བསྟུད་མར་ཟླ་བ24ཡན་ལ་གྲོང་ཁྱེར་དེ་གར་སྨན་བཅོས་འགན་བཅོལ་འཇལ་དགོས་པའི་བླང་བྱ་བཏོན་མེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་ནུབ་རྒྱུད་དང་། བོད་ལྗོངས་ཀྱི་བྱང་རྒྱུད། ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། ཀན་སུའུ་དབུས་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། ཅི་ལིན་ཤར་རྒྱུད་དང་། ལིའོ་ཉིང་ཤར་རྒྱུད། ཧུའུ་ནན་ལྷོ་རྒྱུད། ཅང་ཤིས་ལྷོ་རྒྱུད། ཧྥུའུ་ཅན་གྱི་ནུབ་རྒྱུད་དང་བྱང་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད། ཀོང་ཏུང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད། 

6.jpg

  • པེ་ཅིང་། གྲོང་ཁྱེར་ཡོངས་དེ་ཤིང་སྡོང་གི་སྡོང་བལ་ལྷུང་བའི་དུས་ཚིགས་སུ(杨柳飞絮期)སླེབས་པ་དང་། དུས་ཐེངས་དང་པོའི་སྡོང་བལ་ལྷུང་བ་ཆེས་མང་དུས་ཚོད་དེ་ཚེས9ནས་ཚེས15ཉིན་བར་བྱུང་རྒྱུ་རེད། སྡོང་བལ་ལྷུང་བའི་ཤིང་སྡོང་གཙོ་བོ་ནི་སྦྱར་དཀར་ཡིན་པ་རེད།

  • ཐེན་ཅིན། ས་འོག་ལྕགས་ལམ་འཛུགས་སྐྲུན་བྱེད་སྐབས་ཐེན་ཅིན་གྱི་ཝེ་ཀོའུ་གནའ་ཤུལ(天津卫故城遗址)ཤེས་རྟོགས་བྱུང་ཞིང་། རིག་གནས་སྲུང་སྐྱོང་ལས་དོན་སྤེལ་ཆེད། དེ་རིང་ནས2024ལོའི་ཟླ4ཚེས4ཉིན་བར་ཤར་ལམ་དུ(གཞུང་ལམ་ལྷོ་མ་ནས་ནན་ཁྲེང་ཁྲོམ་གཞུང་བར)འཕྲུལ་སྒུལ་འཁོར་རིགས་ཤར་གཏོང་བྱེད་མི་ཆོག་པ་རེད།


མཉམ་སྤྱོད།