དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྲེང་ཀྲང་གཞོན་པ་ལིའུ་ཐའོ་ཡིས་མཐོན་པོ་སྒང་དུ་བརྟག་ཞིབ་བྱས།

2023-04-06 10:33:12   |   524

སྒྲིག་སྒྱུར།   སངས་དོན།  ཡོང་ཁུངས།  མཚོ་བྱང་སྨྱན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ4པའི་ཚེས4ཉིན། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ་ལིའུ་ཐའོ་དང་བཅས་པ་མཐོན་པོ་སྒང་དུ་བསྐྱོད་དེ་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལས་དོན་ལ་བརྟག་ཞིབ་གནང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཏུའུ་ཕིང་ཀུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲེང་ཡོན་གྱིས་ཕེབས་རོགས་བྱས།

1.jpg

ལིའུ་ཐའོ་དང་བཅས་པས་གྲང་ངར་ལ་མ་འཛེམས་པར་མཐོན་པོ་སྒང་དུ་སོང་ནས་མིག་མཐོང་ལག་ཟིན་གྱིས་མེས་རྒྱལ་ལ་དགའ་ཞེན་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། མཐུན་སྦྱོར་ཤུགས་ཆེན་དང་མདུན་སྐྱོད་བྱེད་ཕོད་པའི“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་མྱོང་ཚོར་བྱས་ཏེ། ཡུལ་དངོས་དེ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས།

2.jpg

མཐོན་པོ་སྒང་ནས་ཤ་བོ་སྐྱབས་ཀྱིས་ལིའུ་ཐའོ་དང་བཅས་པར་མཐོན་པོ་སྒང་གི་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་སྤྱིའི་འཆར་འགོད་དང་ད་ལོ་ལེགས་འགྲུབ་བྱེད་དགོས་པའི་ལས་འགན་གཙོ་བོ།  དེ་བཞིན་རྗེས་ཕྱོགས་ཀྱི་ལས་ཀའི་འཆར་གཞི། མཁའ་དམག་སྲུང་སྐྱོང་དཔུང་སྡེའི་དམག་སྒར་གྱི་རྗེས་ཤུལ་དང་།“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་བྱས་རྗེས་རྡོ་རིང་དང་། འབྲེང་ལམ། གནས་སྐོར་བའི་ཞབས་ཞུ་ལྟེ་གནས། གནས་སྐོར་བའི་སྤྱི་པའི་གསང་སྤྱོད་འཆར་འགོད་འཛུགས་སྐྲུན། གཞུང་ལམ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ཡར་ཞུ་བྱས། ཡུལ་དངོས་ནས་བཅིངས་འགྲོལ་དམག་མཁའ་དམག་སྲུང་སྐྱོང་དཔུང་སྡེས་ས་བབ་མཐོ་ཚད་སྨི4024ཡོད་པའི་རི་རྩེ་ནས221རྟེན་གཞིའི་སྲུང་སྐྱོབ་བྱེད་པའི་མི་སེམས་འགུལ་བའི་བྱས་རྗེས་དང་།  དེ་བཞིན་མཐོན་པོ་སྒང་གི་གོང་སྨན་རྒྱལ་མོའི་གཏམ་རྒྱུད་དང་ཁྲི་ཤོར་རྒྱལ་མོ་སོགས་ཁུ་ནུ་རིག་གནས་ཀྱི་ལོ་རྒྱུས་ངག་རྒྱུན་མཚམས་སྦྱོར་བྱས། མཐོན་པོ་སྒང་གིས་མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་མྱ་ངམ་ཐང་དེ་ཤར་ཕྱོགས་སུ་མཆེད་པ་བཀག་འགོག་བྱེད་པའི་སྐྱེ་ཁམས་ཀྱི་ནུས་པ་དང་། མཚོ་སྔོན་པོར་རྒྱང་གཟིགས་བྱེད་པ། ཁེ་ཐོག་བྱེ་བཅོས་ས་ཚིགས། གསེར་དངུལ་ཐང་། ནུབ་མཚོ་གྲོང་རྡལ་བཅས་ཀྱི་གནས་སྐོར་ནུས་པ། གསར་བརྗེའི་སྙིང་སྟོབས་དང་དམར་པོའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པའི་གསར་བརྗེའི་སློབ་གསོའི་ནུས་པ་དང་། རྒྱ་དང་བོད། སོག་པོ་མི་རིགས་སོགས་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ནུས་པ་བཅས་མཚམས་སྦྱོར་གང་ལེགས་བྱས། དེ་དང་ཆབས་ཅིག  ཡུལ་དངོས་དེ་ནས་མཐོན་པོ་སྒང་གི་སྒྲིབ་དངོས་ཅི་ཡང་མེད་པའི་ལྗོངས་གཟིགས་དང་། ཉི་མ་འཆར་ནུབ་ལ་ལྟ་བ། མཚན་མོར་དགུ་ཚིགས་ལ་བལྟ་བ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གསལ་བཤད་བྱས།


3.jpg

ལིའུ་ཐའོ་ཡིས་མཚོ་བྱང་ཁུལ་གྱི་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་བསྐྲུན་པའི་དུས་མགོའི་ལས་དོན་ལ་ཁས་ལེན་བྱས་པ་དང་།  མཐོན་པོ་སྒང་གི་སྐྱེ་ཁམས་ནུས་པའི་ངེས་གནས་ལ་ཁས་ལེན་བྱས། ཉིན་མོར་མཚེའུ་ལ་ལྟ་བ་དང་མཚན་མོར་སྐར་ཚོགས་ལ་ལྟ་བའི་ནུས་པའི་ངེས་གནས་ལ་གཞི་ཚུགས་ཏེ། རྒྱུ་རྐྱེན་གཙོ་བོ་འགན་ལེན་བརྟན་པོའི་ངང་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག  གདོད་མའི་སྐྱེ་ཁམས་ལ་ཐེ་ཇུས་བྱེད་ཚད་ཉུང་དུ་གཏོང་བ་དང་། གདོད་མའི་སྐྱེ་ཁམས་ཀྱི་གནས་སྐོར་རིན་ཐང་མངོན་པར་བྱེད་པ། འབྲེང་ལམ་འཛུགས་སྐྲུན་ལ་སྔར་བས་རིགས་པས་ཁུངས་སྐྱེལ་བྱེད་པ་དང་། ཁང་འཁོར་དང་། སྐྱེལ་འདྲེན་རླངས་འཁོར། དོས་སྒམ། ཤིང་ལམ། དེ་བཞིན་གནས་སྐོར་ཞབས་ཞུ་ལྟེ་གནས། གནས་སྐོར་གསང་སྤྱོད་ཁང་། གཞུང་ལམ་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། མགྱོགས་མྱུར་ངང་མཐོན་པོ་སྒང་གི་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་གནས་གཞི་སྔ་མོ་ནས་སྒོ་ཕྱེས་ཏེ་གཉེར་སྐྱོང་བྱེད་པ་མངོན་འགྱུར་བྱེད་དགོས་པ་བསྟན།

ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཧྲེང་ཀྲང་གཞོན་པ་ལིའུ་ཐའོ་ཡི་མཛུབ་སྟོན་དགོངས་དོན་གཞིར་བཟུང་ནས། རྒྱུ་རྐྱེན་གཙོ་བོའི་འགན་ལེན་བརྟན་པོའི་ངང་སྐུལ་འདེད་གཏོང་རྒྱུར་མཐའ་འཁྱོངས་དང་། རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་དང་བསྟུན་པའི་སྤྱིའི་བླང་བྱ་དམ་འཛིན་བཅས་བྱས་ཏེ། ཐོན་ཁུངས་སྣ་ཚོགས་སྤྱི་འདོམས་སྒོས་སྟོབས་ཤུགས་གཅིག་སྡུད་ཀྱིས་མཐོན་པོ་སྒང་དེ་སྐྱེ་ཁམས་གནས་སྐོར་དང་། གསར་བརྗེའི་ཞིབ་འཇུག་སློབ་ཞིབ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སོགས་ནུས་པ་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་མཛེས་ལྗོངས་ཁུལ་ཞིག་ཏུ་བསྐྲུན་ནས་ཞིང་ཆེན་ཡོངས་ཀྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བསྟན།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཝུའུ་ཧོའེ་མིང་དང་། ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཡུང་ཞང་། དེ་བཞིན་མཚོ་བྱང་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་བརྟག་ཞིབ་བྱ་བར་ཕེབས་རོགས་བྱས།


མཉམ་སྤྱོད།