དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

G0612ཟི་ལིང་ནས་ཧོ་ཐེན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྟོང་སྐོར་ནས་ནུབ་མཚོ་བར་གྱི་གཞུང་ལམ་ལས་མགོ་ཚུགས།

2023-04-06 12:00:35   |   453

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།  མཚོ་བྱང་ཁུལ་སྲིད་གཞུང་དྲ་བ།    བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ4ཚེས4ཉིན། G0612ཟི་ལིང་ནས་ཧོ་ཐེན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྟོང་སྐོར་ནས་ནུབ་མཚོའི་བར་གྱི་གཞུང་ལམ་སོགས་2023ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་ལས་མགོ་ཚུགས། ལས་མགོ་ཚུགས་པའི་མཛད་སྒོ་དེ་མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་དུ་གཟབ་རྒྱས་ངང་འཚོགས་པ་དང་། ཧྲེང་ཀྲང་གཞོན་པ་ཧོ་ལུའུ་ཁྲུན་གྱིས2023ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་འགྲིམ་འགྲུལ་གཙོ་གནད་རྣམ་གྲངས་དངོས་སུ་ལས་མགོ་ཚུགས་རྒྱུའི་ཁྱབ་བསྒྲགས་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཛད་སྒོར་ཕེབས་པ་དང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཧོ་ཚན་དང་། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚོགས་པའི་ཏུང་ཧྲི་ཀྲང་ཐའོ་ཡུང་ལི། ཁུལ་དཔོན་གཞོན་པ་དབྱིན་མའོ་ཝུན་བཅས་ཀྱིས་སོ་སོ་ཤིས་ཚིག་ཕུལ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་ལས་མགོ་ཚུགས་པའི་མཛད་སྒོར་ཞུགས།

1.jpg

G0612ཟི་ལིང་ནས་ཧོ་ཐེན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྟོང་སྐོར་ནས་ནུབ་མཚོ་བར་གྱི་གཞུང་ལམ་ལས་གྲྭའི་ལམ་ཐིག་ཧྲིལ་པོར་སྤྱི་ལེ50.7ཡོད་པ་དང་། སྔོན་རྩིས་ཀྱི་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར56.6ཡིན། ལམ་ཐིག་ཧྲིལ་པོར་ཕྱོགས་གཉིས་ཀྱི་འཁོར་ལམ་བཞིའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་སྤྱད་དེ་བསྐྲུན་པ་དང་ལམ་ངོས་ཀྱི་ཞེང་ཚད་སྨི26ཡོད། རྣམ་གྲངས་དེ2022ལོའི་ཟླ11པར་ཐོག་མའི་ཇུས་འགོད་ལེགས་གྲུབ་བྱུང་པ་དང་། ཟླ12པར་ས་ཆ་བསྡུ་ལེན་དང་བཤིག་སྤོའི་ལས་དོན་ཕྱོགས་ཡོངས་ནས་སྤེལ། ད་ལོའི་ཟླ1པོར་དམིགས་འགུགས་ལས་དོན་ལེགས་གྲུབ་བྱུང་ཞིང་། ཕྱོགས་མང་པོས་མཉམ་ལས་དང་འབད་བརྩོན་བྱས་པ་བརྒྱུད། ལས་མགོ་འཛུགས་རྒྱུ་མངོན་འགྱུར་བྱུང་ཡོད།

2.jpg

སྟོང་སྐོར་ནས་ནུབ་མཚོའི་མྱུར་བགྲོད་གཞུང་ལམ་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམG0612ཀྱི་ཟི་ལིང་ནས་ཧོ་ཐེན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་གྲུབ་ཆ་གལ་ཆེན་གྱི་དུམ་མཚམས་ཞིག་དང་། འགྲིམ་འགྲུལ་སྐྱེལ་འདྲེན་པུའི“ལྔ་བཅུ་བཞིའི”གཞུང་ལམ་འཕེལ་རྒྱས་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་ལ། ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་སྐམ་ལམ་འགག་སྒོ་དང་དེ་བཞིན་ཤིན་ཅང་དུ་སྐྱོད་པའི་མྱུར་བགྲོད་སྐམ་སའི་བགྲོད་ལམ་ཞིག་ཀྱང་ཡིན། རྣམ་གྲངས་འཛུགས་སྐྲུན་བྱེད་པ་དེས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་ས་ཁོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ལམ་དྲའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རང་རེའི་ཁུལ་དེ“ཟི་ལིང་གི་ཆུ་ཚོད་གཅིག་གི་དཔལ་འབྱོར་ཁྱབ་ཁོངས”ནང་འདྲེས་བར་སྐུལ་འདེད་མགྱོགས་སུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་མ་ཟད།   དེས་རང་རྒྱལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གྱི་དཔེ་སྟོན་ས་ཁུལ་གཏོད་རྒྱུ་དང་། འགྲིམ་འགྲུལ་དང་གནས་སྐོར་མཉམ་འདྲེས་ཀྱི་ས་ཁོངས་ཧྲིལ་པོའི་གནས་སྐོར་འཕེལ་རྒྱས་ཀྱི་ཚོད་ལྟའི་ལས་དོན་སོགས་ལ་སྐུལ་འདེད་ཐུབ་པ་དང་། ཕན་འབྲས་ལྡན་པའི་ངང་ཟོག་འགྲེམས་དང་ཞིང་ཕྱུགས་ལས། ཞབས་ཞུའི་ལས་རིགས་སོགས་ཀྱི་མགྱོགས་མྱུར་འཕེལ་རྒྱས་ལ་སྒུལ་ཁྲིད་བྱེད་ཐུབ་པ་ཡིན། 


མཉམ་སྤྱོད།