དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས2023ལོའི་ཁུལ་སྲིད་གཞུང་གི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་འཚོགས།

2023-04-06 15:42:54   |   455

སྒྲིག་སྒྱུར།   སངས་དོན།  ཡོང་ཁུངས།  མཚོ་བྱང་ཁུལ་སྲིད་གཞུང་དྲ་བ།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ4ཚེས4ཉིན། མཚོ་བྱང་ཁུལ་སྲིད་གཞུང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་དང་ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གཞུང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གྱི་ཀྲུའུ་རེན་ཧ་ཝུན་ཤིའུ་ཚོགས་འདུར་ཕེབས་པ་དང་གསུང་བཤད་གནང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཀྲང་ཧྲའོ་ཕེང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

1.jpg

ཚོགས་འདུའི་ཐོག   2022ལོའི་ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་ལ་ཕྱིར་དྲན་དང་ཕྱོགས་སྡོམ་བྱས་ནས2023ལོའི་ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་ལ་བཀོད་སྒྲིག་བྱས་པ་དང་། 2022ལོའི་ལོ་འཁོར་གྱི་སློབ་གསོ་འཕེལ་རྒྱས་ཀྱི་དམིགས་ཚད་འགན་འཁྲིའི་དཔྱད་ཞིབ་དང་དེ་བཞིན་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སློབ་གསོའི་འགན་འཁྲི་བསྒྲུབས་ཚུལ་བརྡ་ཁྱབ་བཏང་།

2.jpg

ཚོགས་འདུས2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཞིག་ཡིན་ལ། “ལྔ་བཅུ་བཞིའི་”སློབ་གསོ་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱེད་པའི་སྔ་རྗེས་རྒྱུན་མཐུད་ཀྱི་འགག་རྩའི་ལོ་ཞིག་ཀྱང་ཡིན་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་དང་། བསམ་ཕྱོགས་གསལ་པོ་བཟོ་བ། བྱེད་ཐབས་བརྟན་དུ་གཏོང་བ་བཅས་བྱས་ནས་ལོ་འཁོར་གྱི་སློབ་གསོའི་ལས་དོན་གྱི་དམིགས་ཚད་ལས་འགན་ཁག་ལ་དམ་པོར་དམིགས་ཏེ། སློབ་གསོ་འཕེལ་རྒྱས་ཁྲོད་ཀྱི་ཞན་ཆ་གསབ་ནས་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པར་སྙམ། 

3.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།  ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། ཏང་སྲིད་མགོ་ཁྲིད་ལས་བྱེད་པས་སློབ་གྲྭ་དང་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། མགོ་ཁྲིད་ལས་བྱེད་པ་སློབ་གྲྭར་སྐྱོད་པ་དང་འཆད་སྟེགས་སུ་སྐྱོད་པ་སོགས་ཀྱི་ལས་དོན་ཧུར་ཐག་གིས་སྤེལ་བ།  སློབ་གྲྭའི་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། འདུ་ཤེས་འཛིན་སྟངས་ལས་ཀའི་མགོ་ཁྲིད་དབང་ཆ་དམ་པོར་བཟུང་ནས་བསམ་བློ་དང་ཆབ་སྲིད་ཀྱི་ལས་ཀ་དེ་རྒྱུན་ལྡན་དུ་གཏོང་བ་དང་། མི་སྒེར་དང་སློབ་གྲྭའི་སློབ་གསོ་དོ་དམ་གྱི་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཡོངས་སུ་ཁྱབ་པར་བྱེད་དགོས། ཁུལ་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཚོགས་ཆེན་གྱི་གཙོ་གནད་དམིགས་ཚད་ལས་འགན་དང“ལྔ་བཅུ་བཞིའི”སྒྱུར་བཅོས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ནས“1+4”སྲིད་ཇུས་རང་བཞིན་གྱི་ཡིག་ཆ་དང་། དེ་བཞིན་དམངས་ཕན་དམངས་བདེའི་བྱེད་ཐབས་ཁག་བཅུ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སློབ་གསོའི་འགྲོ་གྲོན་གཏོང་ཤུགས་ཆེ་རུ་གཏོང་བ། ཧྲན་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་མཉམ་ལས་མཉམ་སྐྲུན་མུ་མཐུད་དུ་གཏིང་ཟབ་ཏུ་གཏོང་བ། སློབ་གསོ་འཕེལ་རྒྱས་དོ་སྙོམས་མེད་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཏན་ཏིག་བཅས་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་བསྒྲུབ་དགོས། སློབ་གསོ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། འོས་འགན་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་རྒྱལ་ཁབ་ཀྱི་སློབ་ཚན་ཇུས་གཞི་དང་སློབ་ཚན་གྱི་ཚད་གཞི་དོན་འཁྱོལ་ནན་པོ་བྱེད་པ། མཐོ་རྒྱུགས་ཕྱོགས་བསྡུས་སྒྱུར་བཅོས་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། སློབ་ཁྲིད་ཞིབ་འཇུག་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཆ་འཕྲིན་ལག་རྩལ་དང་སློབ་ཁྲིད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་མཐུན་སྦྱོར་དང་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་གཅིག་གྱུར་བཀོད་འདོམས་བྱེད་དགོས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དགེ་རྒན་གྱི་གནད་སྨིན་གསོ་སྦྱོང་ལས་དོན་ཞིབ་ཚགས་དང་ཏན་ཏིག་སྒྲུབ་པ་དང་། མཉམ་ལས་སྤེལ་རེས་ཟབ་ཏུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་ཆུ་ཚད་དང་དགེ་རྒན་གྱི་ཆེད་ལས་བྱང་ཚད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། སློབ་གྲྭའི་དགེ་སློབ་ཀྱི་བདེ་འཇགས་བརྟན་ལྷིང་སྲུང་རགས་བརྟན་དུ་བཏང་ནས་སློབ་གྲྭའི་བདེ་འཇགས་དོགས་ཟོན་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་རྒྱག་པ་དང་། སློབ་གྲྭའི་མཐའ་འཁོར་གྱི“མཐོ་རིམ་ལས་སྒྲུབ”དང“སློབ་སྲུང་ལས་གནས”ཀྱི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། སློབ་གྲྭའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཧུར་ཐག་གིས་སྤེལ་བ་དང་། པྲོག་གསར་ནད་ཏིག་གི་རིམ་པ་གཉིས་པའི་དོ་དམ་བྱེད་ཐབས་ལག་བསྟར་བྱས་ཏེ། སློབ་རའི་འགོས་ནད་ཀྱི་འགོག་སྡོམ་ནུས་པ་གོང་མཐོར་གཏོང་དགོས་པ་བསྟན།

4.jpg

ཚོགས་འདུའི་ཐོག   རྫོང་སོ་སོའི་སྲིད་གཞུང་དང་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་འབྲེལ་ཡོད་བརྗོད་དོན་གཙོ་བོར་དམིགས་ནས་གཏམ་བཤད་བྱས། ཁུལ་སྲིད་གཞུང་དང་རྫོང་སོ་སོའི་སྲིད་གཞུང་། ཁུལ་སློབ་གསོ་ཅུ་དང་རྫོང་སོ་སོའི་སློབ་གསོ་ཅུ་ཡིས་སློབ་གསོ་འཕེལ་རྒྱས་ཀྱི་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་། ཁུལ་སྲིད་གཞུང་གིས་སྐབས་བདུན་པའི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་དེ་སློབ་གསོ་བྱ་བར་ལྟ་སྐུལ་བྱེད་པར་གདན་འདྲེན་ཞུས་ཤིང་། རྫོང་སྲིད་གཞུང་ཁག་གི་ལས་བགོས་འགན་གཉེར་མགོ་ཁྲིད་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཁུལ་དང་རྫོང་སློབ་གསོ་སྡེ་ཚན་གྱི་འགན་འཁུར་བློ་མཐུན། དེ་བཞིན་ཁུལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི(གླིང)མགོ་འཛིན་བཅས་ཚོགས་ར་གཙོ་བོ་དང་རྫོང་ཁག་གི་ཡན་ལག་ཚོགས་རར་ཚོགས་འདུར་ཞུགས།


མཉམ་སྤྱོད།