དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-07 08:45:17   |   347

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་གྲོས་མོལ་གནང་།

  • ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་ལྷན་དུ་ཀྲུང་ཧྥའི་ཁེ་ལས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པའི་མཇུག་འགྲིལ་མཛད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ།

  • ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་། ཡོ་རོབ་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་ཀྲུང་ཧྥ་དང་ཡོ་རོབ་བཅས་ཕྱོགས་གསུམ་གྱི་མཇལ་འཛོམས་གནང་།

  • ཚེས6ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་དང་མཇལ་འཛོམས་གནང་།

  • 《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཆེད་དོན་གཅེས་བསྒྲིགས》རྒྱལ་ཡོངས་སུ་དཔེ་སྐྲུན་འགྲེམས་སྤེལ་བྱས།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་རྩ་གནད(2023ལོའི་པར་གཞི)》པར་འགྲེམས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་ཡིས་ཚེས6ཉིན་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཚུན་ཏུ། ནོར་ཁྲལ་སོགས་སྡེ་ཚན་གྱིས་སྔ་རྗེས་སུ་ཁག་གཉིས་ལ་རྒྱུན་མཐུད་དང་ལེགས་སྒྱུར་བྱེད་པའི་ཁྲལ་གྲོན་གཟིགས་སྐྱོང་གི་སྲིད་ཇུས་ལག་བསྟར་བྱས་པས། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་དཔྱ་ཁྲལ་ཆག་ཡང་གི་གྲོན་དངུལ་སྒོར་དུང་ཕྱུར་ཁྲི1.2གསར་སྣོན་བྱས་ཡོད།

  • ཚེས6ཉིན་གྱི་སྔ་དྲོའི་ཆུ་ཚོད8པར། ད་ལོ་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར300ཟིན་པ་དང་། 2022ལོ་དང་བསྡུར་ན་གྲངས་འབོར་དུང་ཕྱུར300ལ་སླེབས་པར་ཉིན18གྱིས་སྔ་སྣུར་བྱས་ཡོད།

  • ཚེས6ཉིན། རང་བྱུང་ཐོན་ཁུངས་པུས་བརྡ་ཐོ་བཏང་ནས་ས་གནས་ཁག་གིས་སྐྱེ་ཁམས་སླར་གསོའི་མིང་ཐོག་ནས་ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་དང་། རྨོ་ཞིང་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་དོགས་ཟོན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

1.jpg

  • ཚེས6ཉིན། རང་རྒྱལ་གྱི་ལྷོ་སྣེའི་རྟོག་ཞིབ(南极考察)རུ་ཁག་གི་ཐེངས39པའི་རྟོག་ཞིབ་ལས་འགན་ལེགས་གྲུབ་བྱུང་ནས་ཚང་མ་ཧྲང་ཧའེ་རུ་ཕྱིར་ལོག་བྱས་པ་རེད། ད་ཐེངས་ཀྱི་རྟོག་ཞིབ་དུས་ཡུན་ཉིན163དང་ལམ་ཐག་མཚོ་ལེ་ཁྲི6ལྷག་ཙམ་ཡོད་པ་རེད།

  • ཚེས6ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཚའེ་དབྱིང་ཝུན(蔡英文)གྱིས་ཨ་རིར་ཕྱོགས་མྱུལ་བྱེད་པའི་ཐད་གཏམ་བཤད་གནང་བ་རེད།

  • ཚེས6ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཕྱི་དོན་ཨུ་ལྷན་གྱིས་ཨ་རིའི་རྒྱལ་ཚོགས་གྲོས་ཁང་གི་གྲོས་དཔོན་མའེ་ཁ་ཤིས(麦卡锡)ཚའེ་དབྱིང་ཝུན(蔡英文)དང་མཇལ་འཛོམས་གནང་བའི་ཐད་གསལ་བསྒྲགས་སྤེལ།

  • ཚེས6ཉིན། ཀྲུང་གུང་ཀྲུང་དབྱང་ཐེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པས་ཚའེ་དབྱིང་ཝུན(蔡英文)གྱིས་ཨ་རིར་ཕྱོགས་མྱུལ་བྱེད་པའི་ཐད་གསལ་བསྒྲགས་སྤེལ།

  • རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པས་ཚེས6ཉིན་ཚའེ་དབྱིང་ཝུན(蔡英文)གྱིས་ཨ་རིར་ཕྱོགས་མྱུལ་བྱེད་པའི་ཐད་གཏམ་བཤད་གནང་།

སྤྱི་ཚོགས།

  • རེས་སྐོར་གསར་པའི་མཁའ་རླུང་གྲང་མོ་ལྷོ་ཕྱོགས་སུ་བསྐྱོད་པའི་ཤུགས་རྐྱེན་དབང་གིས་ཚེས6ནས7ཉིན་བར། ཧྭ་བྱང་བྱང་རྒྱུད་དང་བྱང་ཤར་ས་ཁུལ་སོགས་ཀྱི་དྲོད་ཚད4~6℃མར་ཆག་རྒྱུ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད8~10℃མར་ཆག་རྒྱུ་རེད།

2.jpg

  • ཀྲུང་གོའི་ཕིང་ཕང་སྤོ་ལོའི་མཐུན་ཚོགས(乒乓球协会)ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་སྐབས་བཅུ་པ་ཚེས6ཉིན་འཚོགས་པ་དང་། ལིའུ་གོ་ལེའང་གིས་ཀྲུང་གོའི་ཕིང་ཕང་སྤོ་ལོའི་མཐུན་ཚོགས་ཀྱི་ཀྲུའུ་ཞིའི་འགན་བཞེས་པ་རེད།

  • ཀྲུང་གོ་རྐང་རྩེད་སྤོ་ལོའི་མཐུན་ཚོགས(中国足协)ཀྱིས་ཚེས6ཉིན་བརྡ་ཁྱབ་བཏང་བར་གཞིགས་ན། ཝུའུ་ཧན་ཁྲང་ཅང(武汉长江)སོགས་ལས་རིགས་མཉམ་འབྲེལ་སྤྲོ་སྐྱིད་ཁང(职业联赛俱乐部)7ལ་གླ་ཆ་འགྱངས་ཆད་ཀྱི་བྱེད་སྤྱོད་ཡོད་པ་མ་ཟད། ཐག་གཅོད་བྱེད་མ་ཐུབ་མེད་པས། ཐོ་འགོད་ཀྱི་ཐོབ་ཐང་མེད་པ་བཟོས་ཡོད།

  • ཚེས6ཉིན། ཧྲན་ཤིས་ཏ་ཐུང(山西大同)གི་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་དང་པོའི་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཀྲུང་གོ་འབྲུ་རིགས་གསོག་འཇོག་ཚོགས་པ་ཀུང་སིའི་དེ་སྔའི་ཏང་ཙུའི་ཁོངས་མི། སྤྱི་ཁྱབ་ཅིང་ལི་གཞོན་པ་ཞུས་པའོ་དབྱི་ལྐོག་རྔན་བླངས་པ། གཞུང་ཁོངས་ཀུང་སིའི་མི་སྣའི་འགན་འཛོལ་ཤོར་བ(国有公司人员失职)། ནང་ཁུལ་ཉོ་ཚོང་གི་གྱོད་གཞི་བཅས་ལ་ཞིབ་གཅོད་བྱས།

3.jpg

  • པེ་ཅིང་གིས་སྤྱི་སྤྱོད་རླངས་འཁོར་གྱི་དམངས་ཕན་ས་ཚིགས་བཟོས་ནས། སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཀྱི་ཉེ་འགྲམ་དུ་བཅོས་སྒྲིག(改装)བྱས་པའི་རླངས་འཁོར་ཆེ་གྲས་སྤྱད་དེ་སྔོ་ཚལ་དང་ཤིང་ཏོག་འཚོང་བ་དང་། ལོ་གསུམ་ནང་གྲོང་ཁྱེར་ཡོངས་ཀྱི་སྐོར་ལམ་ལྔ་པའི་ནང(五环以内)གི་གྲོང་ཁུལ་ཁག་ཏུ་ཁྱབ་རྒྱུའི་འཆར་གཞི་བཀོད་ཡོད།

  • ཚེས6ཉིན། ཅིན་ཤིན་ལྕགས་ལམ(津兴铁路)གྱི་ལྕགས་ལམ་འདིང་བའི་ལས་གྲྭ་ཚང་མ་ལེགས་གྲུབ་བྱུང་ཡོད། ལམ་ཐིག་ཤར་གཏོང་ཐུབ་རྗེས་ཐེན་ཅིན་དང་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང(大兴国际机场)ཐད་ཀར་སྦྲེལ་ཐུབ་པ་བྱུང་ཡོད།

4.png

  • ཚེས5ཉིན། རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་མཚེའུ་ཆེ་ཤོས་མཚོ་སྔོན་པོའི་དར་ཁ་ཕྱེས་ནས་སྔོན་དཔག་བྱས་ན་ཟླ་འདིའི་ཟླ་དཀྱིལ་དུ་འཁྱགས་རོམ་ཡོངས་སུ་ཞུ་རྒྱུ་རེད།

  • ཀོང་ཏུང་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས7ཉིན་གྱི་ཆུ་ཚོད11ནས15བར། ཀྲུའུ་ཅང་གཙང་པོའི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ནང་སྦྱོང་བྱས་ནས་མཚོ་འགྲུལ་མི་ཆོག་པ་བྱ་རྒྱུ་རེད།

5.jpg

  • ཧར་པིན(哈尔滨)གྱི་གཙང་འགྲམ་དུ་རྒན་རྒོན་ཞིག་སེམས་ཆུང་མ་བྱས་པར་གཙང་པོར་ལྷུང་བ་དང་། ལམ་བར་དུ་ཡོད་པའི་ན་གཞོན་ཡའོ་ཡེ་ཁྲིན་དང་། ཧུའུ་ཧའོ་ཅེ། ཧོང་ཧྲོའུ་ཞའོ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོབ་བྱས་ཏེ་རྒན་རྒོན་སྐྱོབ་ཐུབ་པ་བྱུང་ཡོད།

སྲིད་ཇུས།

  • ཧོ་པེ(河北)སྨན་བཅོས་འགན་བཅོལ་ཅུ་ཡིས་བརྡ་ཐོ་བཏང་དོན། ཚེས25ཉིན་ནས་བཟུང་། གཞི་རིམ་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་སྒོ་བསྟེན་སྨན་བཅོས་འགན་ལེན་གྱི་གནས་གཏན་འཁེལ་གྱི་སྨན་རྫས་ཚོང་ཁང་དེ་ཡུལ་གཞན་གྱི་སྨན་བཅོས་དང་སྨན་རྫས་ཉོ་སྒྲུབ་ཀྱི་ཐད་ཀར་རྩིས་རྒྱག་ཞབས་ཞུའི་ཁྱབ་ཁོངས་ནང་འཇུག་རྒྱུ་རེད།

  • ཀྲེ་ཅང་གི་སྡེ་ཚན7གྱིས་ཡིག་ཆ་བཀྲམ་ནས་ཞིང་འཕྲུལ་ཉོ་སྒྲུབ་ཁ་གསབ་སྲིད་ཇུས་ལེགས་སུ་བཏང་ཡོད།  ལྗང་འཛུགས་འཕྲུལ་འཁོར་དང(插秧机)། སྲོ་སྐམ་འཕྲུལ་འཁོར(烘干机)སོགས་འབྲུ་རིགས་ཐོན་སྐྱེད་ཀྱི་གཙོ་གནད་འཕྲུལ་ཆས་ཉོ་སྒྲུབ་ཁ་གསབ་ཚད་གཞི་ཆེས་མཐོ་བར་བརྒྱ་ཆ40%བར་མཐོ་རུ་བཏང་ཡོད།

  • སི་ཁྲོན་གྱིས་གཏན་འབེབས་གསར་པ་ཁྱབ་བསྒྲགས་བྱས་ནས་གསར་དུ་སྐྲུན་པའི་སྡོད་ཁང་སྡེ་ཁུལ་གྱི་གཏན་འཇགས་རླངས་འཁོར་འཇོག་གནས་སུ100%ཡི་གློག་གསོག་རྨང་གཞིའི་སྒྲིག་བཀོད་སྒྲིག་སྦྱོར་ཆ་རྐྱེན་སྔོན་འཇོག(预留充电基础设施)བྱེད་དགོས་པའི་བླང་བྱ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། ཧེ་ལུང་ཅང་གི་ཤར་རྒྱུད་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཧྲན་ཞིའི(山西)དབུས་རྒྱུད། ཧོང་ཧོའེ་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད།

6.jpg

  • ཚུར་བསྡུ། ཁྱུར་མིད་གཏོང་བའི་ཉེན་ཁ་ཡོད་པའི་དབང་གིས(误吞风险)ཧྲང་ཧའེ་ཐུང་ཀྲེན་ཉོ་ཚོང་ཚད་ཡོད་ཀུང་སིས(上海童)ངང་ལག་ཕྲུ་གུའི་རྟགས་ཅན་གྱི་ཀུའེ་འགྱིག་ཕྲུ་གུའི་སོ་སྤྱིན་དང་། མ་རྨོས་ལོ་ཏོག་གི་ཀུའེ་འགྱིག་སོགས་ཚུར་བསྡུ་བྱ་རྒྱུ་ཡིན་པས། འཛད་སྤྱོད་པས་ཉོས་པའི་དཔང་ཡིག་ལ་བརྟེན་ནས་དངོས་ཟོག་ཕྱིར་སློག་བྱེད་ཆོག

  • ཁྲུང་ཆིང(重庆)།  གྲོང་མིའི་དུས་ཚོད་དབྱེ་བའི་གློག་རིན་ཁུངས་སྐྱེལ་དག་འབུད(居民分时电价听证会)ཚོགས་འདུ་ཚེས21ཉིན་འཚོག་རྒྱུ་རེད། གྲོང་མིས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་གཙོ་ཆེའི་དྲ་ཚིགས་བརྒྱུད་ནས་བསམ་འཆར་དང་གྲོས་མགོ་ཕྱིར་ལྡོག་བྱེད་ཆོག


མཉམ་སྤྱོད།