དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་མི5དང་སྤྱི་ཚོགས་རྩ་འཛུགས1ལ་ཞིང་ཆེན་གྱི་གཟི་བརྗིད་མཚན་སྙན་ཐོབ་འདུག

2023-04-07 11:06:46   |   376

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས། མཚོ་བྱང་ཁུལ་སྲིད་གཞུང་དྲ་བ།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


  ཉེ་ཆར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས2022ལོ་འཁོར་གྱི་མཚོ་སྔོན་ཞིང་ཆེན་གྱི“གསེར་གྱི་རྟགས་མའི་ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་པ”དང“གསེར་གྱི་རྟགས་མའི་ངལ་རྩོལ་འབྲེལ་བ་མཐུན་སྦྱོར་བྱེད་པའི་སྤྱི་ཚོགས་རྩ་འཛུགས”ཀྱི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། མཚོ་བྱང་ཁུལ་གྱི་མི5ལ“གསེར་གྱི་རྟགས་མའི་ངལ་རྩོལ་འབྲེལ་བ་མཐུན་སྦྱོར་པའི”གཟི་བརྗིད་མཚན་སྙན་ཐོབ་པ་དང་། མདའ་བཞི་རྫོང་དམངས་གཅེས་སྤྱི་ཚོགས་ཞབས་ཞུ་ལྟེ་གནས་ལ“གསེར་གྱི་རྟགས་མའི་ངལ་རྩོལ་འབྲེལ་བ་མཐུན་སྦྱོར་བྱེད་པའི་སྤྱི་ཚོགས་རྩ་འཛུགས”ཀྱི་གཟི་བརྗིད་མཚན་སྙན་ཐོབ་འདུག

1.jpg


རྗེས་ཕྱོགས། ཁུལ་གྱི་ངལ་རྩོལ་འབྲེལ་བ་མཐུན་སྦྱོར་བྱེད་པའི་ཕྱོགས་གསུམ་གྱིས“གསེར་གྱི་རྟགས་མའི་”དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་པའི་དཔུང་ཁག་མུ་མཐུད་དུ་གསོ་སྐྱོང་དང་སྟོབས་ཆེར་གཏོང་བ་དང་། ཆེད་ལས་རང་བཞིན་གྱི་ངལ་རྩོལ་འབྲེལ་བ་མཐུན་སྦྱོར་གྱི་སྤྱི་ཚོགས་རྩ་འཛུགས་ཤེས་རྟོགས་དང་སྐྱེད་སྲིང་སྒོས་ངལ་རྩོལ་འབྲེལ་བ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བར་སྐུལ་འདེད་ཧུར་ཐག་བཏང་ནས་ཐུན་མོང་གིས་གོ་རིམ་ལྡན་པ་དང་། གཉིས་ཁེ་གཉིས་ཕན། ཞི་མཐུན་བརྟན་ལྷིང་བཅས་ཀྱི་ངལ་རྩོལ་འབྲེལ་བ་སྐྲུན་པར་གཞོགས་འདེགས་བྱ་རྒྱུ་རེད།

3.jpg



མཉམ་སྤྱོད།