དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2023-04-07 22:23:08   |   356

རྩོམ་སྒྲིག  སངས་དོན།  ཡོང་ཁུངས།  གངས་ལྗོངས་འཕྲིན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ4བའི་ཚེས6ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ཤིང་། ཚོགས་ཐོག་ཏུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།   

1.jpg

ཚོགས་ཐོག་ཏུ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་དང་ཡུན་རིང་གི་འཐབ་ཇུས་ལས་འགན་ལ་བརྩིས་ནས“གྲོས་གཞི་ཨང་དང་པོ”རྒྱུན་འཁྱོངས་ཀྱིས་སློབ་སྦྱོང་ལ་དམ་འཛིན་བྱས་ཏེ། དེ་ཉིད་ཕུགས་བསམ་བརྟན་པོ་དང་ཏང་གཤིས་སྦྱོང་བརྡར། ལག་ལེན་ལ་ཁྲིད་སྟོན། བྱ་བར་སྐུལ་འདེད་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས་ལ།  བརྗོད་དོན་སློབ་གསོ་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་བྱ་ཐབས་གསར་གཏོད་དང་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཁུལ་ཨུའི་ལྟེ་བའི་བྱ་བར་སྐུལ་འདེད་གཏོང་བ་དང་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་ཕྲེང་བསྟར་བྱེད་སྒོ། དེ་བཞིན་མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གཏོད་རྒྱུ་དང་ཟུང་འབྲེལ་བྱས་ནས་བརྗོད་དོན་སློབ་གསོར་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་ཡོད་པར་བྱེད་དགོས། 《མགོ་ཁྲིད་ལས་བྱེད་པའི་མི་སྒེར་གྱི་འབྲེལ་ཡོད་དོན་དག་སྙན་ཞུ་བྱེད་པའི་སྐོར་གྱི་གཏན་འབེབས》ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པའི་བྱེ་བྲག་གི་མཚོན་ཚུལ་ཞིག་ཏུ་བརྩིས་ཏེ། བྱེད་ཐབས་སྣ་ཚོགས་སྤྱད་དེ་རྒྱ་ཆེའི་ལས་བྱེད་པར་སྒེར་གྱི་འབྲེལ་ཡོད་དོན་དག་ཇི་མ་ཇི་བཞིན་སྙན་ཞུ་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་པ་དང་། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་དུས་ཚིགས་ལྟར་བྱ་བའི་སྙན་ཞུ་ཕུལ་བ་དང་མགོ་ཁྲིད་ལས་བྱེད་པ་ཕྱིར་སྐྱོད་བྱེད་པའི་སྙན་ཞུ་དང་གནང་བ་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་རང་འགུལ་ངང་རྩ་འཛུགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས་པ་ནན་གྱིས་བསྟན། 

2.jpg

ཚོགས་ཐོག་ཏུ་མུ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རི་བོའི་ལྷོ་ངོས་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བཅུ་བ་དང་། ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་གཉིས་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚད་གཞི་དང་རེའུ་མིག་ལྟར《ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི》དང2023ལོའི་དམིགས་ཚད་ལས་འགན་ལ་དམིགས་ནས། སྤྱང་ཚང་དོང་ཁ་དང་པོའི་ས་དབྱིབས་སླར་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ། ས་ཁོངས་ཅན་གྱི་དོ་དམ་འགན་འཁྲི་དོན་འཁྱོལ་བྱས་ཏེ་ལྷག་ལུས་བཟོ་ཁང་དང་སྒྲིག་བཀོད་བེད་སྤྱོད་ཅི་ནུས་བྱེད་དགོས། ཞིང་ཆེན་གྱི་འབྲེལ་ཡོད་ཐིང་དང་ཅུས་ཀྱི་བྱ་བར་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཁྲིམས་འཛིན་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཐེ་ཇུས་བྱས་ཏེ། གཏེར་ལས་དབང་ཆ་ཕྱིར་འཐེན་དང་ཁྲིམས་འགལ་གྱི་ཐོབ་ཆ་བདའ་འདེད། སྐྱེ་ཁམས་གནོད་སྐྱོན་ལ་སྐྱིན་ཚབ་སྤྲོད་པ་སོགས་ཀྱི་བྱ་བ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་དགོས། “ཆུ་བོ་གསུམ་དང་མཚོ་གཅིག”འབབ་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་རྒྱལ་ཁོངས་ལྗང་སྒྱུར་དང་རྩྭ་ཐང་བཅོས་སྐྱོང་། བྱེ་འགོག་བྱེ་བཅོས་བཅས་ཀྱི་འགུལ་སྐྱོད་སོ་སོར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཆེད་ལས་ལག་རྩལ་གྱི་སྟོབས་ཤུགས་འདོན་སྤེལ་ཧུར་ཐག་བྱེད་པ། རྒྱ་ཆེའི་མང་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱེད་པ་བཅས་བྱས་ནས་སྨྱན་སྦྱོར་གྱིས་བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་དང་དམར་འདོན་བྱེད་པའི་ནང་ཞུགས་དགོས། མཚོ་སྔོན་པོའི་བྱང་ངོགས་དང་མཐོན་པོ་སྒང་ཉེ་འཁོར་གྱི་རྩྭ་རར་ཨ་བྲའི་གནོད་འཚེ་འགོག་བཅོས། སྡོང་འཛུགས་ནགས་སྐྲུན་དང་རྩྭ་ཐང་ཞན་འགྱུར་སླར་གསོ་བཅོས་སྐྱོང་བཅས་ལ་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཏེ་སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དུ་གཏོང་དགོས། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་དམ་པོར་དམིགས་ནས་ཙོང་ཆུ་དང་འཇུ་ལག་ཆུ། བར་དམ་ཆུ་བཅས་འབབ་རྒྱུད་སྲུང་སྐྱོང་མནའ་འབྲེལ་འཛུགས་རྒྱུ་དར་སྤེལ་བཏང་ནས། མཉམ་ལས་བརྗེ་རེས་ལ་ཤུགས་བསྣན་ནས་ས་ཁོངས་ལས་བརྒལ་བའི་སྐྱེ་ཁམས་དང་རིག་གནས། ཡུལ་སྐོར་བཅས་ཕྱོགས་མང་པོ་གཞི་གཅིག་ཅན་གྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཧུར་ཐག་གཏོད་དགོས། ཆུ་བོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཐོན་ཁུངས་འདང་ངེས་སྤྱད་དེ་སྟོང་མདའ་ཐང་དང་། རྡོ་ལུང་འགག ན་ཙི་འགག་ཆུ་མཛོད། ནུབ་མཚོ་གྲོང་རྡལ་གསེར་དངུལ་མཚེའི་ཐོག་གི་རོལ་རྩེད་དང་ལུས་རྩལ་རྣམ་གྲངས་གསར་སྤེལ་དང་ནང་འདྲེན་ཡག་པོ་བྱས་ནས་སྐྱེ་ཁམས་རིན་ཐང་འཕོ་འགྱུར་ཡོང་བར་བྱེད་དགོས་པ་ནན་གྱིས་བསྟན།

3.jpg

ཚོགས་ཐོག་ཏུ《མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་ཞིབ་སྲོལ》དང《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལག་བསྟར་ཇུས་གཞི》བརྒྱུད་སྒྲོག་སློབ་སྦྱོང་བྱས། ལས་རིགས་དང་སྡེ་ཁག་གི་བྱ་བའི་ནང་དོན་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་། རང་ངོས་ཀྱི་འགན་འཁྲི་ཁ་གསལ་བཟོ་བ། སྲིད་ཇུས་དང་འཆར་འགོད། ལས་གཞི། མ་དངུལ་བཅས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། “ཡུལ་ཚོ་རེར་སྲོལ་རྒྱུན་སྡེ་བ་རེ”དང“ཡུལ་ཚོ་རེར་ཁྱད་ལྡན་སྡེ་བ་རེ”། གྲོང་གསེབ་ཀྱི་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྲོལ་རྒྱུན་སྡེ་བ་སྲུང་སྐྱོབ་དང་བེད་སྤྱོད་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས། ཧྲན་ཏུང་མཚོ་སྐྱོར་ཞིང་ཕྱུགས་ཚན་རྩལ་གྱི་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་སློབ་དང་ཞིང་ཆེན་ཐིང་དང་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ནོར་གནག་ཁྲི་དང་བོད་ལུག་ཁྲི་ཡི་གསོ་སྤེལ་རྟེན་གཞི་དང་གཟན་ཆས་བཟོ་གྲྭ ཕྱུགས་ཟོག་ཉོ་ཚོང་ཁྲོམ་ར་དང་བཤས་ར། གྲང་མཛོད་འཁྱག་སྦྲེལ། སྐྱེ་ལྡན་ལུད་རྫས་བཟོ་གྲྭ ལོག་དཀར་སྣུམ་ལས་སྣོན་བཟོ་གྲྭ སོན་བཟང་གསོ་སྤེལ་དང་སོན་མཁོ་འདོན་རྟེན་གཞི། མཚོ་སྔོན་གྱོ་རྒྱ་སྟེ་འཇུ་ལག་རྟ་མཆོག་ཐོན་ལས་སོགས“གཅིག་ཅན་བདུན”གྱི་སྐྱེ་ཁམས་ཕྱུགས་ལས་བྱ་བའི་ལེ་ལག་ཚང་བའི་ལས་གྲྭ་འཛུགས་སྐྲུན་བཅས་བྱེད་དགོས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་མགྱོགས་མྱུར་གཏོད་ཆེད་སྒུལ་ནུས་གསར་བ་སྣོན་དགོས། ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པས“1+10”གཞི་རིམ་ལ་འབྲེལ་གཏུག་དང་།  མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ་གཞི་རིམ་དུ་བསྐྱོད་དེ་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱས་ནས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ལས་འགན་ལ་དམིགས་ཏེ་ས་ཁོངས་དོ་དམ་གྱི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། མཚོ་སྐོར་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་དང་མཚོ་སྐོར་མཐའ་འཁོར་གྱི་ཡུལ་སྐོར་ཁྲོམ་ར་ཚད་ལྡན་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། ཞིང་ཆེན་ནོར་སྲིད་དང་། ནགས་ཚལ་དང་རྩྭ་ཐང་། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་བཅས་དང་སྦྲེལ་མཐུད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་གཞི་མཐོ་བའི་སྒོ་ནས་འཆར་འགོད་དང་སྤུས་ཚད་མཐོ་བའི་སྒོ་ནས་གསར་གཏོད་བྱ་བར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་ཞིང་ལུགས་མཐུན་ངང་ཁེ་ཐུའུ་བྱེ་བཅོས་དཔེ་སྟོན་ཁུལ་དང་། བྱེ་མ་གསེར་ལྡན། དགོ་དམར་སྲུང་སྐྱོབ་ཁུལ། མཚོ་འཁྱིལ་གྱི་གསེར་ཉ་ཡར་འགྲོ་ལྟ་ཞིབ་ཚད་ལེན་ས་ཚིགས། གཡུ་དཀར་འོམ་ལུང་ཡུལ་ཚོའི་དམངས་སྲོལ་རིག་གནས་འགྲེམས་སྟོན་ཁུལ། ཆུ་ཁོལ་ཉམས་ལེན་ཁུལ་བཅས་མཚོ་སྔོན་པོའི་དམིགས་བསལ་གཉེར་སྐྱོང་ས་ཚིགས6སྤུས་ཚད་མཐོར་གཏོང་རིམ་སྤོར་འཆར་འགོད་བྱེད་པ་དང་། མཚོ་སྐོར་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་སྦྲེལ་མཐུད་ཡག་པོ་བྱེད་དགོས། ཕྱོགས་ཡོངས་དང་ཟུར་ཚད་མང་པོའི་ཐོག་ནས་གསར་གཏོད་བྱ་བའི་དྲིལ་སྒྲོག་སློབ་གསོ་གཏིང་ཟབ་སྤེལ་ནས་མི་སྒེར་སྨྱན་སྦྱོར་གྱི་བརྒྱུད་སྤེལ་ལེགས་ཆ་ཡག་པོ་སྤྱད་ནས་མང་ཚོགས་དང་སྟོབས་ཤུགས་ལྡན་པའི་སྤྱི་ཚོགས་རྩ་འཛུགས་ཏེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་བྱ་བའི་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་ཐོག་ཏུ་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོ་སྒྲུབ་པའི་བླང་བྱ་གལ་ཆེན་ཁོང་དུ་གཏིང་ཟབ་ཆུད་པར་བྱ་དགོས། དུས་རབས་གསར་བའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་འཕྲད་པའི་དུས་བབ་དང་། འགན་འཁྲི། ལས་འགན་བཅས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ་ཁུལ་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་རྟེན་འབྲེལ་བྱེད་སྒོའི་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་འགྲེམས་སྟོན་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་སྤུས་ཚད་མཐོ་བ་དང་། ཚད་གཞི་མཐོན་པོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། རྫོང་སོ་སོས་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཏང་གཤིས་སློབ་གསོའི་གཡུལ་ས་ཡག་པོ་བསྐྲུན་ནས་བེད་སྤྱོད་ཡག་པོ་བྱེད་པ། གསར་བརྗེའི་རིག་གནས་དར་སྤེལ་ཡག་པོ་གཏོང་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བཅས་བྱེད་དགོས། ཆོས་ལུགས་ཁྱབ་ཁོངས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་། དགོན་སྡེ་ཁྲིམས་ལྟར་བཅོས་སྐྱོང་། ཆོས་ལུགས་དགེ་རྒན་དང་ལས་སྒྲུབ་མི་སྣའི་དོ་དམ་བཅས་ལ་ཤུགས་བསྣན་ནས་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ་ཆོས་ལུགས་ལས་རིགས་མི་སྣ་དང་ཆོས་དད་མང་ཚོགས་ཀྱི“ངོས་འཛིན་གཅིག་མཐུན་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དང་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཡག་པོ་རོལ་དགོས་པ་དང་། “སེ་འབྲུའི”ཁྱིམ་གཞིས་འཛུགས་སྐྲུན་མགྱོགས་སུ་བཏང་ནས་རིགས་སོ་སོའི་མང་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཉེ་དུས་མཐོན་པོ་སྒང“ལྔ་གཅིག་བསུ་བའི”རྟ་རྒྱུག་འགྲན་ཚོགས་དང་ལྔ་བའི་ཚེས་ལྔའི་ཆུ་ཁོལ་ལུས་འཁྲུ་དུས་ཆེན་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྒོས་སྤེལ་དགོས་པ་ནན་གྱིས་བསྟན།

4.jpg

ཚོགས་ཐོག་ཏུ་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་སྤྱིའི་ཇུས་གཞིའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས“སྤྲོ་སེམས་དང་དགའ་སྤྲོ། དངོས་གཉེར། བབ་ཆགས”བཅས་ཀྱི་རྩ་དོན་ལ་གཞིགས་ཏེ་ཁྱོན་ཡོངས་ནས་འཚོ་བ་བབ་ཆགས་སྐྱེལ་བ་དོན་འཁྱོལ་དང་།  རྨང་གཞིའི་ལེ་ལག་དང་དམངས་འཚོའི་ཆུ་ཚད་མཐོ་རུ་གཏོང་བ།  དྲིལ་སྒྲོག་འོས་སྦྱོར་སོགས་གཙོ་གནད་ལས་འགན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས་རྟེན་འབྲེལ་བྱེད་སྒོ་གཟབ་རྒྱས་དང་སྤྲོ་སེམས་འཁོལ་ལ་གྲོན་ཆུང་དང་ལས་ཕྱོད་ཆེ་བ་བཅས་ཡོང་བའི་འགན་ལེན་བྱེད་དགོས། མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སློབ་མའི་སློབ་ཁྲིད་ཞིབ་འཇུག་དཔེ་དུམ་ཅན་གྱི་ཨར་སྐྲུན་ཉམས་ལེན་རྟེན་གཞི་དང་མཛེས་ལྗོངས་ཀྱི་བགྲོད་ལམ་ལས་གཞི་འཛུགས་སྐྲུན་ལ་དམ་འཛིན་བྱས་ནས་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་། ལས་གཞིའི་རྒྱུ་རྐྱེན་འགན་ལེན་དང་མ་དངུལ་དོན་འཁྱོལ་ཡག་པོ་བྱས་ཏེ་དུས་ཚིགས་ལྟར་འཛུགས་སྐྲུན་བེད་སྤྱོད་ཐུབ་པ་བྱེད་དགོས། མཐོན་པོ་སྒང་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིར་དམིགས་ཏེ་མདའ་བཞི་རྫོང་ཁོངས་ཀྱི་ལྗོངས་ཁུལ་ཡོད་དོ་ཅོག་དང་སྦྲེལ་ནས་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གཙོ་རྐང་དུ་བྱེད་པ་དང་།  གསར་བརྗེའི་སློབ་གསོ་དང་རྩྭ་ཐང་དུ་ལྟ་སྐོར་བྱེད་པ། དམངས་སྲོལ་ལ་རོལ་མྱོང་བྱེད་པ། ཚན་རིག་ཁྱབ་གདལ་དྲིལ་སྒྲོག་སློབ་གསོ་སོགས་ནང་དོན་དུ་བྱེད་པའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཞིག་ཆགས་པར་བྱེད་དགོས།  ཡུལ་ཚོ་དང་གྲོང་རྡལ་གྱི“བཅུ་ལྡན་བཟོ་སྐྲུན”འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ནས་འགན་ཁུར་ཆེ་རུ་གཏོང་བ་དང་གོང་འོག་མཉམ་འགུལ་བྱེད་པ། བྱ་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ་ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ“1+10”གཞི་རིམ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་བྱ་བའི་ལམ་སྲོལ་ནང་བཅུག་ནས་ལོ་གསུམ་ནང་ཡུལ་ཚོ་དང་གྲོང་རྡལ་ཚང་མར་ཏང་གི་སློབ་གྲྭ་ཡོད་པ་དང་སློབ་གསོའི་གསོ་སྦྱོང་བྱེད་པ། དམངས་ཕན་ཞབས་ཞུའི་ལྟེ་གནས་ཡོད་པར་བྱས་ཏེ་མང་ཚོགས་ལ་སྟབས་བདེ་སྐྲུན་པ། དཔེ་དེབ་དང་གློག་རྡུལ་དཔེ་གཟིགས་ཁང་ཡོད་པ། མི་གཅིག་འདུག་སའི་ཉལ་ཁང་ཡོད་པར་བྱས་ཏེ་ཞག་སྡོད་ཐག་གཅོད་བྱེད་པ། ཟ་ཁང་ཡོད་པ་དང་སྔོ་ཚལ་དྲོད་ཁང་ཡོད་པར་བྱས་ཏེ་ཟས་ཐུན་གསུམ་ཐག་གཅོད་བྱེད་པ། བརྙན་ལམ་ཚོགས་འདུ་ཁང་དང་སྐད་འཕྲིན་སྤྱི་སྟེགས་ཡོད་པར་བྱས་ནས་གཞུང་སྒྲུབ་བརྗེ་རེས་ལ་སྟབས་བདེ་སྐྲུན་པ། ལུས་སྦྱོང་ར་བ་དང་ལྒང་རྩེད་ར་བ་ཡོད་པར་བྱས་ཏེ་བྱ་འགུལ་སྤེལ་བ། འཕྲོད་བསྟེན་གསང་སྤྱོད་དང་ལུས་འཁྲུད་ཁང་ཡོད་པར་བྱས་ཏེ་འཚོ་བར་སྟབས་བདེ་སྐྲུན་པ། འགྲིམ་འགྲུལ་ཡོ་བྱད་ཡོད་པར་བྱས་ཏེ་བྱ་བ་སྒྲུབ་པར་སྟབས་བདེ་སྐྲུན་པ།  ཡུལ་ཚོ་དང་སྡེ་བར་ལོ་རྒྱུས་ཁང་ཡོད་པར་བྱས་ནས་རིག་གནས་རྒྱུན་འཛིན་བྱེད་པ། ལྷག་པར་དུ“ལྔ་བཅུ་བཞིའི”འཆར་འགོད་ཀྱི་དུས་དཀྱིལ་ལེགས་སྒྲིག་ལ་བརྟེན་ནས་ཡུལ་ཚོ་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་གཞུང་ལས་བྱ་ཡུལ་དང་ལས་བཟོ་བའི་ཉལ་ཁང་མི་འདང་བ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཆེད་དོན་ཞིབ་འཇུག་གཏིང་ཟབ་ཐེངས་རེ་སྤེལ་བ་དང་བྱ་བའི་ཚོགས་འདུ་ཐེངས་རེ་འཚོག་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཐེངས་རེ་སྒྲིག་འཛུགས་བཅས་བྱས་ཏེ་གནད་དོན་གལ་ཆེན་ཁག་ཅིག་ཐག་གཅོད་དང་བྱ་བའི་མིག་དཔེ་ཁག་ཅིག་འཛུགས་པ་དང་།    ལོ་འཁོར་རྗེས་མའི་ལས་འགན་སྒྲུབ་ཚུལ་གྱི་སྙན་ཞུའི་ནང་ཏང་འཛུགས་སྐྱོང་གི“གཅིག་ཅན་དྲུག”གི་བྱེད་སྒོ་ཡག་པོར་བྲིས་ཏེ། དོན་དངོས་དང་ཟུང་འབྲེལ་བྱས་ནས་བརྟག་དཔྱད་ཞིབ་འཇུག་ནན་ཏན་དང་བྱེད་སྒོའི་ཇུས་གཞི་ཇུས་འགོད་ཞིབ་ཚགས།  ལས་འགན་ཞིབ་ཕྲ་ཚད་འབེབས་དངོས་འགྱུར། ཕྱོགས་གང་ཅིའི་ཐད་ཀྱི་བྱ་བའི་འགན་ཁུར་ནན་འཛིན། ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་བཅས་བྱས་ཏེ་ཉམས་མྱོང་བཟང་བོ་དང་བྱེད་སྟངས་བཟང་བོ། དཔེ་མཚོན་བཟང་བོ་ཕྱོགས་སྡོམ་བྱས་ཏེ་ཁྱོན་ཡོངས་ཀྱི་བྱ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་ཁྲིད་སྟོན་དང་སྐུལ་སྤེལ་བྱ་དགོས་པའི་བླང་བྱ་བཏོན།  

ཚོགས་ཐོག་ཏུ་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་གཉིས་པའི་སྐོར་ཞིབ་བྱ་བའི་སྙན་ཞུར་ཉན་པ་དང་། ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་གསུམ་པའི་སྐོར་ཞིབ་བྱ་བ་དང་འབྲེལ་ཡོད་ཆེད་དོན་སྐོར་ཞིབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ལ། “ཆབ་སྲིད་ལྟ་སྐུལ”གྱི་རྩ་བ་དེ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་སྐོར་ཞིབ་རྟོག་ཞིབ་ཀྱི་ཆབ་སྲིད་ངེས་གནས་ལ་དམ་པོར་དམིགས་པ་དང་གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་པ། གཙོ་གནད་ལ་ལྟ་སྐུལ་མངོན་གསལ་བྱེད་པ། གནད་དོན་གནད་སྨིན་ཤེས་རྟོགས་བྱེད་པ། གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྩ་བའི་དགོངས་གཞི་ཡུན་རིང་རྒྱུན་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ཏེ་བཀོད་སྒྲིག་དང་བླང་བྱ་སོ་སོ་ལག་བསྟར་བྱེད་སྐབས་ཕྱོགས་ལྷུང་མི་བྱེད་པ་དང་སྐབས་བསྟུན་མི་བྱེད་པ། རྣམ་པ་མི་བསྒྱུར་བ་བཅས་འགན་ལེན་བྱས་ནས་གནད་དོན་སྐོར་ཞིབ་མཐིལ་རྟོགས་དང་དག་ཐེར་ལ་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་ཐོག་ཏུ《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་བྱ་བའི་སྒྲིག་སྲོལ》དང《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཆེད་དོན་ཚོགས་འདུའི་བྱ་བའི་སྒྲིག་སྲོལ》 《2023ལོའི་ཁུལ་ཨུའི་རྩ་འཛུགས་པུའི་གཙོ་གཟུགས་གསོ་སྦྱོང་འཛིན་གྲྭའི་ཐེངས་གྲངས་ཀྱི་འཆར་གཞི》 《མཚོ་བྱང་ཁུལ་སྲིད་གཞུང་གི2023ལོའི་ལོ་འཁོར་མོའི་ཁྲིམས་འཛུགས་བྱ་བའི་འཆར་གཞི》 《ཁུལ་ཐད་གཏོགས་ལས་ཁུངས་ཀྱིས་སྒྲིག་ཕྱིའི་མི་སྣ་ལས་བསྡུ་བྱེད་པའི་ཇུས་གཞི》སོགས་ཡིག་ཆར་གྲོས་ཞིབ་བྱས་པ་དང་། ཚོགས་ཐོག་ཏུ་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།    


མཉམ་སྤྱོད།