དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་གི2023ལོའི་རྒྱལ་ཁོངས་ས་ཆ་སྔོ་འགྱུར་གྱི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་གནང་།

2023-04-09 11:41:05   |   358

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།   མཚོ་བྱང་སྨྱན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ4ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཐོན་པོ་སྒང་མཛེས་ལྗོངས་ཀྱི་འཇུག་སྒོ་དང་། མཚོ་སྐོར་ཤར་ལམ་གྱི་གཞོགས་གཉིས། མདའ་བཞི་རྫོང་བྱེ་མ་རྔ་རྡུང་ཤ་བ་དེའུ་མདོ་ཡི་གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་ལས་གཞིའི་མཐའ་འཁོར་སོགས་སུ་ཡུལ་དངོས་ནས2023ལོའི་རྒྱལ་ཁོངས་ས་ཆ་སྔོ་འགྱུར་བྱ་བར་རྟོག་ཞིབ་གནང་། ཁོང་གིས་བསྟན་དོན། རྒྱལ་ཁོངས་ས་ཆ་སྔོ་འགྱུར་ལས་དོན་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། ནན་ཏན་གྱིས་འཆར་གཞི་བཟོ་བ་དང་གྲ་སྒྲིག་ཞིབ་ཚགས་བྱེད་པ། སྟོབས་ཤུགས་གཅིག་ཏུ་བསྡུ་བ། སྤུས་ཚད་མཐོ་བའི་ངང2023ལོའི་རྒྱལ་ཁོངས་ས་ཆ་སྔོ་འགྱུར་ལས་དོན་ཡག་པོ་བསྒྲུབ་དགོས་པ་བསྟན།

1681011791152388.jpg

ཤ་བོ་སྐྱབས་ཀྱིས་བྱེ་མ་རྔ་རྡུང་ཤ་བ་དེའུ་མདོ་ཡི་གཞི་ཁྱོན་ཅན་གྱི་བྱེ་འགོག་བྱེ་བཅོས་ལས་གཞིའི་འོས་འགན་སྡོང་འཛུགས་ས་ཚིགས་ཀྱི་གྲ་སྒྲིག་ལས་དོན་ལ་རྒྱུས་ལོན་ཞིབ་ཕྲ་གནང་།   ཁོང་གིས་བསྟན་དོན། 2023ལོའི་འོས་འགན་སྡོང་འཛུགས་ལས་དོན་དེས་རྒྱལ་སྤྱིའི་གནས་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོ་དཔེ་སྟོན་ཁུལ་གསར་འཛུགས་དང་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་ལ་དམ་པོར་དམིགས་པ། བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་དཔེ་སྟོན་ལ་གཞི་ཚུགས་ཏེ། འོས་འགན་སྡོང་འཛུགས་ཀྱི་ལག་བསྟར་ཇུས་གཞི་ཞིབ་ཚགས་བཟོས་དགོས་པ་མ་ཟད། ཚན་རིག་དང་མཐུན་པའི་སྒོ་ནས་ས་ཆ་འདེམས་དགོས་པ་དང་། 221རྟེན་གཞིའི་གནས་རྙིང་ཡན་ལག་བཟོ་གྲྭ་གསུམ་པ་དང་། བཞི་བ། བདུན་པ་བཅས་དང་། མཐོན་པོ་སྒང་མཛེས་ལྗོངས་ཁུལ་གྱི་འཇུག་སྒོའི་མཐའ་འཁོར་དང་། མཚོ་སྐོར་ཤར་ལམ་གྱི་ལམ་རྒྱུད། བྱེ་མ་རྔ་རྡུང་ཤ་བ་དེའུ་མདོ་སོགས་གཙོ་གནད་ས་ཁོངས་སུ་ཡུལ་བབ་དང་བསྟུན་ནས་སྔ་སྣུར་གྱིས་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། འཆར་འགོད་ཇུས་འགོད་དང་། སྡོང་ཕྲུག་འདེམས་པ། ལག་རྩལ་མཛུབ་ཁྲིད། ཆུ་འདྲེན་དང་འགན་ལེན་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས།  སྡོང་འཛུགས་ནགས་སྐྲུན་གྱི་ཧུར་སེམས་དང་ལས་རྣམ་ལེགས་ལེགས་པོ་ཞིག་སྐྲུན་ནས་འགན་འཁྲི་ལས་ཁུངས་ཁག་གི་ལས་འགན་ས་ཁོངས་དང་ས་ཁོངས་དབྱེ་འབྱེད་དང་། ཐིག་དབྱེ་ས་ཚིགས་འཛུགས་པ་སོགས་ཀྱི་དུས་མགོའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་པ་དང་། རྒྱལ་ཁོངས་ས་ཆ་སྔོ་འགྱུར་གྱི་མགོ་ཚུགས་མཛད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྒྱ་ཁྱབ་ངང་སྐུལ་སློང་གིས་དུས་ཚོད་གཅིག་སྡུད་ཐོག་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་དགོས།  སྡོང་ཕྲུག་ལ་ཆུ་འདྲེན་པའི་ཆུ་དང་། དུས་མཇུག་གི་དོ་དམ་སྲུང་སྐྱོང་། མ་དངུལ་འགན་ལེན་སོགས་ཀྱི་ལས་དོན་སྔ་སྣུར་དུ་འཆར་འགོད་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱས་ཏེ། ཕུགས་ཕན་དོ་དམ་སྲུང་སྐྱོང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁོངས་ས་ཆ་སྔོ་འགྱུར་ལས་དོན་ལ་ཕན་འབྲས་གསར་པ་ཐོབ་པར་སྐུལ་འདེད་ཏན་ཏིག་གཏོང་དགོས།

1681011791152388~1.jpg

ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་། དབྱིན་མའོ་ཝུན། མ་རུའུ་ཞང་། ཁུལ་ཨུའི་གཞུང་ལས་ཁང་དང་། ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་ནགས་ཚལ་དང་རྩྭ་ཐང་། ཁོར་སྲུང་།  རྒྱལ་ཁོངས་སོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་དང་། མདའ་བཞི་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཀྱིས་ཕེབས་རོགས་བྱས། 


མཉམ་སྤྱོད།