དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས2023ལོའི་ལས་གཞི་ཁག་ལས་མགོ་རྩོམ་པའི་མཛད་སྒོ་སྤེལ།

2023-04-09 21:36:42   |   284

སྒྲིག་སྒྱུར།   སངས་དོན།  ཡོང་ཁུངས།   མཚོ་བྱང་སྨྱན་གསར།  བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ4བའི་ཚེས9ཉིན། 2023ལོའི་མཚོ་བྱང་ཁུལ་གྱི་ལས་གཞི་ཁག་ལས་མགོ་རྩོམ་པའི་མཛད་སྒོ་དེ་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་གི་སློབ་ཁྲིད་ཞིབ་འཇུག་ཐོག་ཁང་དང་ཆ་སྡེབ་སྒྲིག་བཀོད་འཛུགས་སྐྲུན་ལས་གཞིའི་ཡུལ་དངོས་ནས་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས2023ལོའི་མཚོ་བྱང་ཁུལ་གྱི་ལས་གཞི་ཁག་ལས་མགོ་རྩོམ་པ་ཁྱབ་བསྒྲགས་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧེ་ལུང་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ཚོགས་ར་གཙོ་བོའི་མགོ་རྩོམ་མཛད་སྒོར་གཙོ་སྐྱོང་གནང་། ཁུལ་གྱི་མགོ་ཁྲིད་གཡུ་སྒྲོན་མཚོ་དང་། ཝང་ཀྲུང་དབྱི། སུན་ཞུག་ཙུང་། སངས་འབུམ། ཞུས་ཡུང་ཀུང་། མ་ཁྲེང་ཀོས། ཝང་ཞིན་ཧོས། དབྱིན་མའོ་ཝུན། ལི་ཞང་ཏུང་། མ་རུའུ་ཞང་། ཧ་ཝུན་ཞུག  ཁྲང་ལིན། ཞོ་རོས་ཞིན། ཁེ་ཞོ་ཆིང་བཅས་སོ་སོ་ཚོགས་ར་གཙོ་བོ་དང་རྫོང་བཞིའི་ཡན་ལག་ཚོགས་ར་ནས་ལས་མགོ་རྩོམ་པའི་མཛད་སྒོར་ཞུགས།

1.jpg

4.jpg

2023ལོར་མཚོ་བྱང་ཁུལ་གྱིས་ལས་གཞི279འཛུགས་སྐྲུན་བྱེད་རྩིས་ཡོད་པ་དང་། ད་ལོར་མ་དངུལ་སྒོར་དུང་ཕྱུར54.3གཏོང་རྩིས་ཡོད། དེའི་ནང་རྒྱུན་མཐུད་འཛུགས་སྐྲུན་ལས་གཞི176དང་གསར་དུ་ལས་མགོ་རྩོམ་པའི་ལས་གཞི103ཡོད། ལོའི་དངུལ་གཏོང་གི་གཞི་ཁྱོན་འོས་འཚམ་རྒྱུན་འཁྱོངས་བྱ་རྒྱུ་རེད། 2023ལོའི་དངུལ་གཏོང་ལས་འགན་གྱི་དམིགས་ཚད་དུས་བཅད་ལྟར་ལེགས་འགྲུབ་ཡོང་ཆེད། ཁུལ་ཡོངས་ཀྱི་གོང་འོག་བར་གསུམ་ནས་སྔ་ཙམ་ཇུས་འགོད་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱེད་པ། ཡང་བསྐྱར་ལས་མགོ་རྩོམ་པ་དང་ཐོན་སྐྱེད་བྱེད་པ།  “མགོ་རྩོམ་དགོས་པ་དག་གཅིག་ཀྱང་མ་ལུས་པར་མགོ་རྩོམ་པ་དང་། རྩོམ་ཐུབ་པ་དག་མགྱོགས་མྱུར་སྒོས་མགོ་རྩོམ་པའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། གཅིག་སྡུད་ངང་ལས་མགོ་འཛུགས་པའི་ལས་གཞི251ཡོད་པ་དེ་དག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། དམངས་འཚོ་འཕེལ་རྒྱས། སྐྱེ་ཁམས་གནས་སྐོར། ནུས་རྒྱུ་གསར་བ་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པ་རེད།

2.jpg

མཚོ་བྱང་ཁུལ་གྱིས་མུ་མཐུད་དུ“ལས་གཞི་གཙོ་བོར་འཛིན་པའི”འདུ་ཤེས་བརྟན་པོར་ཆགས་པར་བྱས་ནས་ལས་གཞི་ལ་དམ་འཛིན་ཤུགས་ཆེན་དང་། ལས་གཞི་ཆེན་མོར་དམ་འཛིན་བྱེད་པ། དམིགས་ཚད་ལ་དམ་པོར་དམིགས་ནས་དངུལ་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། འགག་རྩ་འབུར་དུ་ཐོན་པར་བྱེད་པ།  འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ལས་གཞི་ཚང་མ་མགོ་འཛུགས་པར་འགན་ལེན་བྱས་ནས“ལས་གཞི་ཆེན་པོ་སྒྲུབ་པ་དང་ལས་གཞི་མགྱོགས་མྱུར་སྒྲུབ་པའི”ཚ་རླབས་ཤིག་འཕྱུར་བར་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“གདངས་འགྲོས་གཅིག”གི་བསམ་བློ་བརྟན་པོར་ཆགས་པར་བྱེད་དང་། མ་འོངས་པའི་འཆར་འགོད་ལས་རྣམ་ཁྱབ་ཚུལ་ལ་དམིགས་ནས་འདེགས་སྐྱོར་གྱི་ནུས་པ་ཆེ་བ་དང་སྐུལ་ཁྲིད་ཀྱི་ཕན་འབྲས་ཆེ་བའི་ལས་གཞི་ཆེན་མོ་དང་ལས་གཞི་ཡག་པོ་ཁག་ཅིག་འཆར་འགོད་ཞིབ་ཚགས་བྱེད་དགོས། ལས་གཞིའི་ལས་ཁུངས་ཀྱི་དགོས་མཁོར་བསྟུན་པ་དང་རང་འགུལ་ངང་སྔོན་ལ་ཞབས་འདེགས་ཞུ་བ། སྤུས་ལེགས་ནུས་ཆེའི་སྒོ་ནས་ས་ཆ་སྤྱོད་པ། ལས་མི་བཀོལ་སྤྱོད་དང་ཆུ། གློག་སོགས་རྨང་གཞིའི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་དང་དཀའ་ངལ་སྣ་ཚོགས་མཐུན་སྦྱོར་ཐག་གཅོད་ཡག་པོ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་གཞི་ཁྱབ་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དངུལ་གཏོང་ཁེ་ལས་སོ་སོ་དང་ལས་གཞི་འཛུགས་སྐྲུན་ལས་ཁུངས་ཀྱིས་མཚོ་བྱང་གི་གྲང་ངར་ཆེ་ཞིང་དབྱང་དབུགས་ཉུང་བ། ལས་ཡུན་ཐུང་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག བཟོ་སྐྲུན་གྱི་འགག་རྩའི་དུས་སྐབས་དམ་འཛིན་བྱས་ནས་མྱུར་ཚད་མགྱོགས་སུ་གཏོང་བ་དང་། དུས་ཚོད་དང་མཚམས་ཚིགས་ལྟར་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བ། ལས་ཕྱོད་ཆེ་བའི་བཟོ་སྐྲུན་ལ་སྐུལ་འདེད་བཅས་བྱས་ཏེ། ལས་གཞིའི་བཟོ་སྐྲུན་སྔ་མོ་ནས་ལེགས་འགྲུབ་འབྱུང་བ་དང་ཕན་འབྲས་སྔ་མོ་ནས་ཐོན་པར་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན།

3.jpg

ཚོགས་ར་གཙོ་བོའི་ལས་མགོ་རྩོམ་པའི་མཛད་སྒོའི་ཐོག  ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་འགན་འཁུར་བས2023ལོའི་ཁུལ་ཡོངས་ཀྱི་ལས་གཞི་འཛུགས་སྐྲུན་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ལས་གཞིའི་ལས་ཁུངས་དང་ལྟ་སྐུལ་དོ་དམ་ལས་ཁུངས། བཟོ་སྐྲུན་ལས་ཁུངས་ཀྱི་འཐུས་མིས་གཏམ་བཤད་གནང་ཞིང་། སྲིད་གཙང་དང་ཁོར་ཡུག་སྲུང་སྐྱོང་གི་དམ་བཅའ་བཞག ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་དང་འབྲེལ་ཡོད་ཁེ་ལས། ལྟ་སྐུལ་དོ་དམ་དང་བཟོ་སྐྲུན་ལས་ཁུངས་ཀྱི་འཐུས་མི་བཅས་མཛད་སྒོར་ཞུགས།


མཉམ་སྤྱོད།