དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-10 08:50:32   |   329

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《ཏང་གི་རང་ངོས་གསར་བརྗེའི་སྐོར་གླེང་བ》སོགས་བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་གི་དཔྱད་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས།

  • སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཚེས8ཉིན་བར་དུ། སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་དང་པོའི་སྐོར་ཞིབ་ཚོགས་ཆུང15ཡིས་སྐོར་ཞིབ་བཅའ་སྡོད་ལས་དོན་ལེགས་འགྲུབ་བྱུང་ཡོད།

1.jpg

  • ཞིང་ལས་དང་གྲོང་གསེབ་པུའི་བཀོད་གཏོང་ལས་མངོན་པ་ལྟར་ན། ཟླ4པའི་ཟླ་སྟོད་དུ་། ཞིང་ཆེན་རིམ་པའི་དཔྱིད་རྨོད་རྫས་ལུད་དམིགས་སར་འབྱོར་ཚད90%ལྷག་ཙམ་ཟིན་ཡོད།

  • དུས་ཚིགས་དང་པོར། རང་རྒྱལ་གྱི་ཁེ་ལས་ཆུང་གྲས་འཕེལ་རྒྱས་ཀྱི་སྟོན་གྲངས89.3ཟིན་པ་དང་། ན་ནིང་གི་དུས་ཚིགས་བཞི་པ་ལས་བརྒྱ་ཆའི་གྲངས1.3འཕར་ཡོད། འཕར་ཚད་དེ2020ལོའི་དུས་ཚིགས་བཞི་པ་ཚུན་གྱི་མཐོ་ཤོས་སུ་སླེབས་ཡོད་པ་རེད།

  • རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར1135.5བྱས་ཡོད། དུས་མཚུངས་ལས6.6%འཕར་ཡོད།

  • ཉེ་ཆར། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་བྱ་སྤྱོད་ཁག་བཅུ་བཀོད་སྒྲིག་བྱས་ནས་ན་གཞོན་གྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་ཡོད། དེའི་ནང་། ཁེ་ལས་འབྲིང་ཕྲན་གྱིས་མཐར་ཕྱིན་སློབ་མ་བསྡུ་བའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱ་སྤྱོད་སོགས་ཚུད་ཡོད་པ་རེད།

2.gif

  • ཚེས9ཉིན། ཤར་རྒྱུད་འཐབ་ཁུལ་གྱིས་མུ་མཐུད་དུ་ཐེ་ཝན་གླིང་ཕྲན་མཐའ་འཁོར་དུ་གླིང་ཕྲན་སྐོར་བའི་དམག་གྲབས་ཉེན་རྟོག་སྐོར་ཞིབ་དང“མཉམ་འབྲེལ་རལ་གྲི་རྣོན་པོའི”ནང་སྦྱོང་རྩ་འཛུགས་བྱས།

  • འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས8ཉིན2024ལོའི་པ་ལིས་ཨོ་རྩལ་འགྲན་ཚོགས་ཀྱི་གསར་དུ་བཙུགས་པའི་འགྲན་བསྡུར་རྣམ་གྲངས་ཏེ། མ་ལ་སུང་རྒྱང་རྒྱུག་འགྲན་བསྡུར་གྱི་ཕོ་མོ་མཉམ་བསྲེས་ཀྱི་མཐུད་རྒྱུག་འགྲན་བསྡུར་ཁྱབ་བསྒྲགས་བྱས་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས8ཉིན། ཨ་རིའི་ཐེན་ན་ཤིས་ཀྲོའུ་མོང་ཧྥེ་སི་སྲོག་ཆགས་གླིང(田纳西州孟菲斯动物园)གིས་དོམ་ཁྲ“ཡ་ཡ”ལ་དགའ་སྐྱེལ(欢送)ཚོགས་འདུ་འཚོགས།

སྤྱི་ཚོགས།

3.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་བྱེ་རླུང་གི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་དེ་རིང་། ཤིན་ཅང་དང་། ནང་སོག  ཉིང་ཞ་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས13ལ་བྱེ་རླུང་གི་གནམ་གཤིས་འབྱུང་རྒྱུ་རེད།

4.jpg

  • རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ས་འོག་ཚ་ནུས་གློག་ཁང་སྟེ། ཡང་དབྱི་ས་འོག་ཚ་ནུས་གློག་ཁང(羊易地热电站)སྤྱོད་མགོ་ཚུགས་པ་ནས་ད་བར་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར5ལས་བརྒལ་ཡོད་པ་རེད།

  • དུས་ཚིགས་དང་པོར་ཀོང་ཏུང་ཀྲུའུ་ཧའེ་ཧེང་ཆིན་འགག་སྒོའི(珠海横琴口岸)ས་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི340ལས་བརྒལ་ཡོད།  དུས་མཚུངས་ལས74.8%འཕར་ཡོད།

5.jpg

  • 2023ལོའི་སྐྱེས་མའི་ལེ(女垒)ཨེ་ཤ་ཡ་བུམ་པའི་འགྲན་བསྡུར་དེ་ཚེས8ཉིན་ཧན་གོའི་རེན་ཁྲོན(韩国仁川)དུ་མཇུག་འགྲིལ་བ་དང་། ཀྲུང་གོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་ནས་སྐྱེས་མའི་ལེ་འཛམ་གླིང་བུམ་པའི་འགྲན་བསྡུར་ཚོགས་ཆུང་གི་འགྲན་བསྡུར་གྱི་གདན་ཐོབ(席位)གཏན་འཁེལ་བྱས་པ་རེད།

  • ཚེས9ཉིན། ཐེ་ཀོ་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས“ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་སློབ་མ་ཐེ་ཀོ་རུ་རྐྱེན་ལམ་དུ་ཤོར་བའི”གྱོད་གཞིའི་གནས་ཚུལ་གསར་ཤོས་བརྡ་ཁྱབ་བཏང་བ་རེད།

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་ཉེ་ཆར་གོ་ལ་ཧྲིལ་པོའི་དུས་འབྲིང་གི་གནམ་གཤིས་སྔོན་བརྡའི་དཔེ་དབྱིབས་ཆེན་པོ་“རླུང་བྱ”ཁྱབ་བསྒྲགས་བྱས། དེས་སྐར་ཆ30ཡི་ནང་འབྱུང་འགྱུར་ཉིན10ཡི་གོ་ལ་ཧྲིལ་པོའི་གནམ་གཤིས་ཞིབ་ཚད་མཐོ་བའི(高精度)སྔོན་བརྡ་བྱས་འབྲས་ཐོན་རྒྱུ་རེད།

  • ཧོ་ནན(河南)གྱི་སྐྱེས་པ་ལིང་ག་གེ་མོས་བརྩེ་དུང་གི་རྩོད་གཞིའི་དབང་གིས་བུད་མེད་ཝང་ཆེ་གེ་མོ་དང་རྩོད་པ་བྱུང་།  རླངས་འཁོར་མི་ཚོགས་སུ་སྐོར་ནས་མི7ལ་རྨས་སྐྱོན་ཕོག་པ་དང་། མི3རྐྱེན་ལམ་དུ་ཤོར་བས་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཡོད།

  • ཀོང་ཤིས་ཀྱི་ལོ་ཧུའུ་ཧྲན(老虎山)ནགས་ཚལ་མེ་སྐྱོན་གྱི་མེ་དེ་ཚེས9ཉིན་བསད་པ་དང་། མི་སྣ་ཤི་རྨས་དང་ཞོར་ཐོན་གནོད་འཚེ་ཐོན་མེད།  མེ་སྐྱོན་བྱུང་བའི་རྒྱུ་རྐྱེན་ནི་མཆོད་འབུལ་བྱས་པ་ལས་བྱུང་བའི་ཐོག་མའི་བརྡར་ཤ་བཅད་ཡོད།

6.jpg

  • ཉེ་ཆར། མཁའ་དམག་གི་འཕུར་སྐྱོད་པ་ལི་ཕེང་གིས་བྱས་རྗེས་རིམ་པ་གཉིས་པ་བཞག    ཁོའི་བཟའ་ཟླ་ཀྲང་ཡིང་གི་ལས་ཁུངས་དང་བུ་ཕྲུག་སློབ་སྦྱོང་བྱེད་སའི་སློབ་ཆུང་དུ་སྙན་སེང་ཞུས་ནས་སློབ་མ་ཚོར་གསོན་ཉམས་ལྡན་པའི་རྒྱལ་སྲུང་སློབ་གསོའི་སློབ་ཚན་ཞིག་འཚོགས་པ་རེད།

སྲིད་ཇུས།

  • ཐེན་ཅིན(天津)གྱིས་སློབ་ཆེན་མཐར་ཕྱིན་སློབ་མའི་མི་སྒེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་གཏོང་ཚད་མཐོ་ཤོས་སྒོར་ཁྲི50བར་མང་དུ་གཏོང་རྒྱུའི་ཁ་གསལ་བཟོས་ཡོད།

  • ཅི་ལིན(吉林)གྱིས་ཇུས་གཞི་བཏོན་ནས་རྫོང་རིམ་པའི་གྲོང་གསེབ་གཞུང་ལམ་གྱི་རྒྱུན་གཏན་བདག་སྐྱོང་མ་དངུལ་གྱི་ཚད་གཞི་ལོ་ལྟར་སྤྱི་ལེ་རེར་སྒོར10000ལས་མི་ཉུང་བ་བྱ་རྒྱུ་རེད།

  • སི་ཁྲོན་གྱིས་བརྡ་ཐོ་བཏང་ནས་ལོགས་སུ་འཇོག(隔离)པ་དང་། འགོག་སྲུང(防护)། ལྷོད་གཏོང(缓冲)སོགས་ཀྱི་བླང་བྱའི་ལྗང་ཁུལ(绿地)ཕུད། གསར་དུ་བསྐྲུན་པའི་བཟོ་ལས་རྣམ་གྲངས་ཀྱི་ས་ཆའི་ཁྱབ་ཁོངས་ནང་རྩ་དོན་ཐོག་ལྗང་ཁུལ་བཀོད་སྒྲིག་མི་བྱེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཤིན་ཅང་གི་ཐེན་ཧྲན་ས་ཁུལ་དང་། བོད་ལྗོངས་ཀྱི་ལྷོ་རྒྱུད། ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། དེའི་ཁྲོད། ཤིན་ཅང་ཐེན་ཧྲན་རི་ཁུལ་གྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁ་བ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད།  བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཧེ་ནན་གླིང་ཕྲན་མང་ཆེ་བ། ལེའོ་ཉིང་གི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབབ་ཀྱི་ཡོད་པ་དང་། དེའི་ནང་། ཤིན་ཅང་དབྱི་ལི་ལུང་གཞུང་དང་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་ཀྱི་རེད།

7.jpg

  • ཀོང་ཏུང་། ཀོང་ཏུང་ཞིང་ཆེན་གྱི2023ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི“རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་དེར་དེ་རིང་ནས་བཟུང་མིང་ཐོ་འགོད་མགོ་ཚུགས་པ་རེད།

  • ཧེ་ལུང་ཅང་། དེ་སྔའི་རྒྱལ་ཡོངས་ཀྱི་གཉེན་སྒྲིག་སྔོན་མངགས་ས་གནས་ད་ལྟ་སྤྱོད་མཚམས་བཞག་ཡོད། དོ་བདག་གིས་སྐད་འཕྲིན་ཐོག“ལུང་ཅང་དམངས་སྲིད་ཀུན་ཁྱབ(མཉེན་ཆས་ཆུང་ངུ)》བརྒྱུད་སྔོན་མངགས་ཐོ་འགོད་བྱས་ཆོག


མཉམ་སྤྱོད།