དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་ནུབ་མཚོ་ལུས་རྩལ་ར་བ་དང་། མཚོ་བྱང་མགྲོན་ཁང་སོགས་ཀྱི་སྒྱུར་བཀོད་རིམ་སྤོར་ལས་དོན་ལ་བརྟག་ཞིབ་གནང་།

2023-04-10 17:13:36   |   310

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ4ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་ནུབ་མཚོ་གྲོང་རྡལ་གྱི་ནུབ་མཚོ་ལུས་རྩལ་ར་བ་དང་། མཚོ་བྱང་མགྲོན་ཁང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་བཅས་ཀྱི་སྒྱུར་བཀོད་རིམ་སྤོར་ལས་གྲྭར་བརྟག་ཞིབ་གནང་། ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་སྲིད་གཞུང་གཞུང་ལས་ཁང་། ཁུལ་སྡོད་ཁང་འཛུགས་སྐྲུན། ཁུལ་རིག་གནས་གནས་སྐོར། ཁུལ་ནགས་ལས་དང་རྩྭ་ཐང་སོགས་སྡེ་ཚན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བརྟག་ཞིབ་བྱ་བར་ཞུགས།

1.jpg

ནུབ་མཚོ་ལུས་རྩལ་ར་བར་ཀྲང་ཧྲིང་ཡོན་དང་བཅས་པས་ཡུལ་དངོས་ནས་རླངས་འཁོར་འཇོག་ས་དང་ལྟད་མོ་བའི་སྟེགས་བུ་སྒྲིག་བཀོད། དེ་བཞིན་འབྲེལ་ཡོད་ལས་གྲྭ་འཛུགས་སྐྲུན་བྱས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ལུས་རྩལ་ར་བའི་རིམ་སྤོར་སྒྱུར་བཀོད་ལས་གྲྭའི་སྤུས་ཚད་དང་། མྱུར་ཚད། བྱེ་བྲག་གི་གནད་དོན་བཅས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཤིང་།  དུས་མཇུག་གི་ལས་དོན་ལ་བླང་བྱ་བཏོན། ཁོང་གིས་ལུས་རྩལ་ར་བའི་རིམ་སྤོར་སྒྱུར་བཀོད་ནི་མཚོ་བྱང་ཁུལ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་གཙོ་གནད་ལས་གཞི་ཞིག་ཡིན་ལ། དམངས་འཚོའི་བཟོ་སྐྲུན་ཞིག་ཀྱང་ཡིན། མིག་སྔར། ཁུལ་སྟོན་གྱི་དུས་ཚོད་ཐོན་ལ་ཉེ་བས་གཏན་ནས་རྣམ་གཡེང་བྱེད་མི་རུང་ཞེས་བསྟན། ཚན་རིག་དང་མཐུན་པའི་འཆར་འགོད་དང་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་ལས་གྲྭའི་འཕེལ་རིམ་འགན་ལེན་བྱེད་པ་དང་། ཀྲུའུ་ཞི་སྟེགས་བུ་དང་ །རྟ་རྒྱུག་ར་བ། གསང་སྤྱོད། ཉི་འགོག་པང་ལེབ། ལྟད་མོ་བའི་རྐུབ་སྟེགས་སོགས་བསྐྱར་སྐྲུན་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་རླངས་འཁོར་འཇོག་ས་བཀོད་སྒྲིག་ལུགས་མཐུན་བྱེད་པ། འགྲོ་ལམ་སོགས་ཀྱི་མཚོན་རྟགས་དང་བྱང་བུ་གསར་སྒྱུར་ཡག་པོ་བྱེད་པ་བཅས་བྱས་ནས་རྒྱ་ཆེའི་སྐུ་མགྲོན་ཚོར་ཞབས་ཞུ་དེ་བས་ལེགས་པ་མཁོ་འདོན་བྱེད་དགོས།

2.jpg

མཚོ་བྱང་མགྲོན་ཁང་དུ་ཀྲང་ཧྲིང་ཡོན་གྱིས་ཁང་པ་སྒྱུར་བཀོད་དང་། ཇུས་འགོད་བཀོད་སྒྲིག  ལས་གྲྭའི་འཕེལ་རིམ་བཅས་ལ་ལྟ་ཞིབ་བྱས་རྗེས་བསྟན་དོན། ཉམས་འགྱུར་དང་སྤུས་ཚད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལས་གྲྭའི་བདེ་འཇགས་དང་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག  ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་བརྟན་པོ་བཏང་ནས་སྤུས་ལེགས་ལས་གྲྭ་གཏོད་དགོས་ཞེས་ནན་བཤད་བྱས།  མཉེན་ཆས་དང་སྒྲིག་སྦྱོར་གཙོ་བོའི་ཉམས་འགྱུར་སྡེབ་སྒྲིག་བྱ་རྒྱུར་དོ་སྣང་བྱས་ཏེ། མགྲོན་ཁང་དེ་སྒྱུ་རྩལ་ཐོན་རྫས་ཤིག་ཏུ་བརྩིས་ནས་ཞིབ་ཚགས་བཟོ་བ་དང་། མགྲོན་ཁང་ཧྲིལ་པོའི་འཛུགས་སྐྲུན་གྱི་རྣམ་པ་དང་། ཚོས་མདངས་དང་རྣམ་འགྱུར་བཅས་གཅིག་མཐུན་དང་མཐུན་སྦྱོར་ཡོང་བ་བྱེད་དགོས། མཚོ་བྱང་མགྲོན་ཁང་གིས་གཞུང་ཁོངས་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་པ་དང་། ཞབས་ཞུའི་འདུ་ཤེས་ཟབ་ཏུ་གཏོང་བ། རང་འགུལ་ངང་ལས་དོན་སྒྲུབ་པ་བཅས་བྱས་ཏེ་ལས་གྲྭ་འཛུགས་སྐྲུན་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པ་བསྟན།

3.jpg

མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཀྲང་ཧྲིང་ཡོན་གྱིས་དྲན་གསོ་ཁང་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་ཀྱི་འཕེལ་རིམ་ལ་ལྟ་ཞིབ་བྱས་པ་དང་། ཡུལ་དངོས་ནས་དྲན་གསོ་ཁང་གི་འགན་འཁུར་བ་དང་བཟོ་སྐྲུན་ལས་ཁུངས་ཀྱི་བྱ་བའི་ངོ་སྤྲོད་གསན་རྗེས་བསྟན་དོན། བསམ་འཆར་དང་གྲོས་མགོ་བསྡུ་ལེན་གང་ལེགས་བྱས་ཏེ། གཅིག་གྱུར་འཆར་འགོད་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག་ལུགས་མཐུན་བྱེད་པ། སྔོ་ལྗང་རིམ་སྤོར་དང་སྒྲིག་བཀོད་སྲུང་སྐྱོང་། འདུ་ར་ཉམས་གསོ་སོགས་ཀྱི་ལས་དོན་སྤྱི་འདོམས་ཡག་པོ་བྱེད་པ། དྲན་གསོ་ཁང་དང་རྗེས་དྲན་ཚོམས་ཆེན་དེ་གཅིག་གྱུར་འཆར་འགོད་བྱས་ཏེ། བརྗོད་དོན་འབུར་དུ་ཐོན་པ་དང་ཁྱད་ཆོས་མངོན་གསལ་ཡིན་པ། ནང་དོན་ཕུན་སུམ་ཚོགས་པ། ཡིད་དབང་འཕྲོག་ཤུགས་ཆེ་བའི་གསར་བརྗེའི་སློབ་གསོའི་རྟེན་གཞི་ཞིག་ཏུ་གཏོང་དགོས་པ་བསྟན།


མཉམ་སྤྱོད།