དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་འགྲན་ཞུགས་པ་དབྱི་ཧྲོན་ཅིན་གྱིས་ཨང་དང་པོ་བླངས་འདུག

2023-04-11 10:09:28   |   315

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ4བའི་ཚེས9ཉིན། 2023ལོའི“ཐེ་པེ་རྟགས་མའི”ཅང་ཡའོ་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་དེ་སི་ཁྲོན་ཞིང་ཆེན་ཅང་ཡའོ་གྲོང་ཁྱེར་ལུས་རྩལ་ལྟེ་གནས་སུ་མགོ་བརྩམས་ཤིང་། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་འགྲན་ཞུགས་པ་ཆིག་ཁྲི་ཙམ་གྱིས་མྱུར་ཚད་དང་སྤྲོ་སེམས་ཐོག་ནས་འགྲན་སྡུར་བྱས། འགྲན་སྡུར་ནི་མ་ལ་སུང་དང་ལམ་ཕྱེད་མ་ལ་སུང་། སྤྱི་ལེ5ཡི་མ་ལ་སུང་བཅས་སུ་དབྱེ་ཡོད། སྐྱེས་པའི་མ་ལ་སུང་གི་རྒྱང་རྒྱུག་འགྲན་སྡུར་ཁྲོད་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ལས་དོན་རུ་ཆེན་དང་པོའི་མ་ལ་སུང་རྩལ་ཁྲིད་དགེ་རྒན་དབྱི་ཧྲོན་ཅིན་གྱིས་ཕྱི་རྒྱལ་གྱི་འགྲན་ཞུགས་པ་མང་པོ་ཟིལ་གྱིས་མནན་དེ་ཆུ་ཚོད2དང་སྐར་མ13སྐར་ཆ40ཡི་གྲུབ་འབྲས་ཐོག་ནས་ཨང་དང་པོ་བླངས།

微信图片_20230411102059.png

གཟའ་འཁོར་གཅིག་གི་སྔོན་ལ་དབྱི་ཧྲོན་ཅིན2023ལོའི་ཞ་མོན་མ་ལ་སུང་གི་རྒྱང་རྒྱུག་འགྲན་སྡུར་ནང་ཞུགས་ཏེ་ཆུ་ཚོད2དང་སྐར་མ12སྐར་ཆ42ཀྱི་ཐོག་ནས་མ་ལ་སུང་རྒྱང་རྒྱུག་གི་རྒྱལ་ནང་ཚོ་ཆུང་གི་ཨང་དང་པོ་བླངས།


མཉམ་སྤྱོད།