དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-11 10:17:37   |   375

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཞི་ཅིན་ཕིང་གི་གསུང་རྩོམ་གཅེས་བསྒྲིགས་》དེབ་དང་པོ་དང་གཉིས་པར་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོ་བར་རང་རྒྱལ་གྱི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་དངོས་གཞིའི་ཚན་ཁག་ཡན་གྱི་སློབ་རྒྱུས་ལྡན་པའི་དགེ་རྒན་གྱིས76.01%བཟུང་ཡོད།

  • ད་ལོའི་ཟླ1པོ་ནས2པའི་བར་རྒྱལ་ཡོངས་ཀྱི་འཛུགས་སྐྲུན་བྱེད་བཞིན་པའི་གཙོ་གནད་ཆུ་ཐོག་སྐྱེལ་འདྲེན་རྣམ་གྲངས་ལ་མ་འཇོག་ལེགས་འགྲུབ་བྱས་ཚད་དུས་མཚུངས་ལས29.7%འཕར་ཡོད།

  • རིག་གནས་གནས་སྐོར་པུས་ཡིག་ཆ་བཀྲམ་ནས་ས་གནས་ཁག་གིས་གནས་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱས་ཏེ། “འོས་འཚམ་མིན་ཞིང་རིན་གོང་དམའ་བའི་གནས་སྐོར(不合理低价游)”སོགས་ཀྱི་བྱ་སྤྱོད་ལ་གཙོ་གནད་ཐོག་རྡུང་རྡེག་གཏོང་དགོས་པའི་བླང་བྱ་བཏོན།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བསམ་འཆར་བསྡུ་ལེན་གྱི་མ་ཟིན་ཁྱབ་བསྒྲགས་བྱས་ནས། བཟའ་བཏུང་ཁེ་ལས་ཀྱིས་འཛད་སྤྱོད་དམའ་ཤོས་བཀོད་སྒྲིག་བྱ་རྒྱུ་གཏན་འགོག(禁止餐饮企业设置最低消费)བྱེད་རྩིས་ཡོད་པ་རེད།

4.jpg

  • ཚེས8ནས10ཉིན་བར། ཤར་རྒྱུད་འཐབ་ཁུལ་གྱིས་ཐེ་ཝན་གླིང་ཕྲན་སྐོར་བའི་དམག་གྲབས་ཉེན་རྟོག་སྐོར་ཞིབ་དང“མཉམ་འབྲེལ་རལ་གྲི་རྣོན་པོའི”ནང་སྦྱོང་གི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱས་པ་རེད།

  • ཚེས10ཉིན། ལྷོ་རྒྱུད་འཐབ་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པས་ཨ་རིའི་དམག་གྲུ་ཀྲུང་གོའི་ནན་ཧྲ་གླིང་ཚོམ་གྱི་ཉེ་འགྲམ་མཚོ་ཁོངས་སུ་རང་དགར་བསྐྱོད་པའི་ཐད་གཏམ་བཤད་སྤེལ་བ་རེད།

5.png

  • ཚེས10ཉིན། ཕྱི་འབྲེལ་པུས“ཐེ་ཝན་རང་བཙན”པས་ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་དང་རྒྱབ་འགལ་བྱས་ཡོད། ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས་ན། ངེས་པར་དུ་རྣམ་པ་སྣ་ཚོགས་ཀྱི“ཐེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་ཞེས་བཤད་པ་རེད།

  • ཚེས13ཉིན། ཀྲུང་གོ་དང་ལོ་སིའི(老挝)ལྕགས་ལམ་དེ་ཁུན་མིང(昆明)ལྷོ་ཕྱོགས་དང་ཝན་ཐེན(万象)བབས་ཚུགས་ཀྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་ཕྱོགས་གཉིས་སུ་གཏོང་རྒྱུ་ཡིན་པ་དང་། ཁུན་མིང་ནས་ཝན་ཐེན་བར་མེ་འཁོར་བསྡད་དེ་ཉིན་མ་དེར་སླེབས་ཐུབ་པ་མངོན་འགྱུར་བྱུང་ཡོད།

སྤྱི་ཚོགས།

6.jpg

  • དེ་རིང་། ཞིན་ཅང་དང་ནང་སོག  ཀན་སུའུ། པེ་ཅིང་། ཐེན་ཅིན་སོགས་སུ་བྱེ་རྡུལ་གྱི་གནམ་གཤིས་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་བྱེ་རླུང་འཚུབ་ཡོད།

  • ཚེས10ཉིན། ཧོང་ཧྲེན་ཉོ་ཚོང(沪深交易)ཁང་གི་ཐོ་འགོད་ལམ་ལུགས་ཀྱི་སྐོར་ཁག་དང་པོའི་ཁེ་ལས10དངོས་སུ་ཁྲོམ་རར་བཏོན་ནས་ཉོ་ཚོང་བྱས། དེས་མ་རྐང་འགྲེམས་སྤེལ་ཐོ་འགོད་ལམ་ལུགས་སྒྱུར་བཅོས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་མཚོན་ཡོད།

  • ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་བཤམས་སྟོན་ཚོགས་འདུ་སྐབས་གསུམ་པ་ཚེས10ཉིན་ཧེ་ནན་ཧེ་ཁོའུ(海南海口)རུ་མགོ་ཚུགས།

  • ཀྲུང་གོ་མཚོ་སྣུམ(中国海油)གྱིས་ཚེས10ཉིན་གནས་ཚུལ་སྤེལ་བ་ལྟར་ན། “མཚོ་གཏིང་དང་པོས(深海一号)”ཆུ་གཏིང་ཟབ་པའི་སོལ་རླངས་སྣུམ་ཞིང་ལ་རྒྱང་རིང་ཚོད་འཛིན(远程遥控)སྒོས་ཐོན་སྐྱེད་སྒྱུར་བཀོད་དང་ཚོད་ལྟའི་ལས་དོན་ལེགས་འགྲུབ་བྱུང་ཡོད། དེ་ནི་འཛམ་གླིང་ཐོག་རྒྱང་རིང་ཚོད་འཛིན་ཐོན་སྐྱེད་ནུས་པ་ལྡན་པའི་ཆུ་གཏིང་ཐོན་སྐྱེད་སྣུམ་གསོག་ལས་སྟེགས་ཐོག་མ་དེར་གྱུར་ཡོད་པ་རེད།

  • རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས2022ལོར་མི་རིགས་རྒྱུ་ནོར(民族资产)རིགས་ཀྱི་ཁ་བསླུས་གྱོད་གཞི(诈骗案)ཁག330ལྷག་ཙམ་རྩད་ཆོད་པ་དང་། ཉེས་གསོག་ཚོགས་པ170ལྷག་ཙམ་མེད་པར་བཟོས་པ་རེད།

  • ཟླ4ཚེས10ནས་ཟླ6ཚེས30ཉིན་བར། པེ་ཅིང་གིས་གྲོང་མིའི་ཁྱིམ་དུ་སོང་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཕྱོགས་བསྡུས་བརྟག་དཔྱད་སྤེལ་ནས། ཁྱིམ་ཚང་ཁྲི3.3འགྲོ་རྩིས་ཡོད་པ་རེད། 

  • ཚེས10ཉིན་ནས་བཟུང་། ནང་སོག་ཧུའུ་ལུན་པེར་གྲོང་ཁྱེར(呼伦贝尔市)གྱི་རྩྭ་ཐང་མུའུ་ཁྲི9329.53དེ་ཉིན45ལས་མི་ཉུང་བའི་དཔྱིད་དུས་ཀྱི་ཕྱུགས་འཚོ་མཚམས་འཇོག་པར་སླེབས་ཡོད། དེའི་རིང་ཕྱུགས་རིགས་ཚང་མ་སྒོ་ར་ནས་གསོ་ཚགས་བྱེད་རྒྱུ་རེད།

7.jpg

  • ཉེ་ཆར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས(彩鹮)ཀོང་ཤིས(广西百色)པའེ་སེ་རུ་ཐོག་མར་མཐོང་ཐུབ་པ་བྱུང་ཡོད། 

  • ཀྲེ་ཅང་དབྱི་ཝུའུ(浙江义乌)ཡི་བུད་མེད་ཅིག་ཐོག་ཁང་ནས་ལྡིང་ནས་རང་སྲོག་གཅོད་གྲབས་བྱས། ལོ74ལ་སླེབས་པའི་སྤོ་བོ་ཀྲུའུ་ཧོ་ཧྭ་མགྱོགས་པོར་མདུན་དུ་སོང་ནས་བུད་མེད་དེ་ཕྱིར་འཐེན་བྱས་པ་དང་། མི་མང་པོས་མཉམ་དུ་བུད་མེད་དེ་བདེ་འཇགས་ཀྱི་གནས་སུ་བསྐྱལ།

སྲིད་ཇུས།

  • པེ་ཅིང་གིས་ཚོང་རྟགས་ཀྱི་བདག་དབང་ལ་གནོད་པ་ཐེབས་པའི(商标侵权行政处罚)སྲིད་འཛིན་ཆད་གཅོད་རིགས་ཀྱི་གྱོད་གཞི་ལས་སྒྲུབ་ལས་ཕྱོད་ཆེ་རུ་བཏང་། ཆ་སྙོམས་ལས་སྒྲུབ་དུས་ཚོད་དེ་ཉིན70ནང་ཚུན་དུ་ཉུང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

  • ཧེ་ལུང་ཅང་གིས་གློག་སྒུལ་རྐང་འཁོར་ཁ་ལོ་བས་འཁོར་རིགས་ཉོས་རྗེས་ཀྱི་ཉིན30ནང་། འཕྲུལ་སྒུལ་མིན་པའི་འཁོར་རིགས(非机动车)གྱི་ཐོ་འགོད་རེ་ཞུ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

  • ཀྲེ་ཅང་གིས་སྐྱེས་མ་ཐག་པའི་བྱིས་པའི་ནད་གཞི་གྲལ་བཤེར་རྣམ་གྲངས་ལེགས་སུ་བཏང་ནས་དེ་སྔའི་རྒྱུད་འདེད་འབུད་ལེན་ནད(遗传代谢病筛查)རིགས4གྲལ་བཤེར་བྱེད་པ་ནས29གྲལ་བཤེར་བྱེད་པར་རྒྱ་ཆེར་བཏང་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཤིན་ཅང་བྱང་རྒྱུད་དང་དབྱི་ལི་ལུང་ཤུར། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། སི་ཁྲོན་ཤར་རྒྱུད། ཁྲུང་ཆིང་ལྷོ་རྒྱུད། ཀུའེ་ཀྲོའུ་དབུས་ཤར་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཨན་ཧུའེ་ལྷོ་རྒྱུད། ཅང་སུའུ་ལྷོ་རྒྱུད། འབྲི་ཆུའི་ལྷོ་རྒྱུད། ཀོང་ཤིས། ཀོང་ཏུང་ཤར་ནུབ་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་པ་དང་། དེའི་ནང་། ཅང་ཤིས་བྱང་ཤར་རྒྱུད་སོགས་ས་ཁུལ་དུ་ཆར་པ་ཆེན་པོ་འབབ་ཀྱི་རེད།

8.jpg

  • རྒྱུགས་སྤྲོད། 2023ལོའི་ལོ་སྟོད་དུ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན(ངོ་རྒྱུག)མིང་ཐོ་འགོད་པའི་ལས་དོན་དེ་ཚེས14ཉིན་ནས་མགོ་ཚུགས་རྒྱུ་རེད།

  • ཧྲང་ཧེ།  དེ་རིང་ནས་བཟུང་མི་སྤྱིའི་ལས་སྒོའི(人社业务)དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་རྒྱུན་གཏན་ལྟར་གཉེར་རྒྱུ་སླར་གསོ་བྱས་ཡོད།


མཉམ་སྤྱོད།