དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་གཙོ་གནད་ལས་གཞི་གཅིག་སྡུད་ལས་ཚུགས་མཛད་སྒོ་སྤེལ།

2023-04-11 14:19:41   |   1049

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4ཚེས9ཉིན། མདོ་ལ་རྫོང་གིས་མཚོ་བྱང་ཁུལ་གྱི་གཙོ་གནད་ལས་གཞི་གཅིག་སྡུད་སྒོས་ལས་མགོ་ཚུགས་པའི་མདོ་ལ་ཡན་ལག་ཚོགས་ར་གཅིག་སྡུད་ལས་ཚུགས་མཛད་སྒོ་སྤེལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཞུ་ཡུང་ཀུང་དང་། ཁུལ་དཔོན་གཞོན་པ་དབྱིན་མོ་ཝུན། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧོ་ཧྲེང་ཅེ། རྫོང་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་མ་ཁྲང་ཧྲེང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲའོ་ཅིན་དང་། དེ་མིན་ཁྱིམ་སྡོད་རྫོང་རིམ་པའི་མགོ་ཁྲིད། ཡུལ་གྲོང་ཁག་དང་སྡེ་ཚན་སོ་སོ། རྫོང་ཐད་གཏོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་དེ་བཞིན་འཛུགས་སྐྲུན་ལས་ཁུངས། ལྟ་སྐུལ་དོ་དམ་སྡེ་ཁག་གི་འགན་འཁུར་བ་བཅས་མཛད་སྒོར་ཞུགས། ཧོ་ཧྲེང་ཅེ་ཡིས་མཚོ་བྱང་ཁུལ་གྱི་གཙོ་གནད་ལས་གཞི་གཅིག་སྡུད་སྒོས་ལས་མགོ་ཚུགས་པའི་མདོ་ལ་ཡན་ལག་ཚོགས་ར་གཅིག་སྡུད་ལས་ཚུགས་མཛད་སྒོ་དངོས་སུ་མགོ་ཚུགས་པའི་ཁྱབ་བསྒྲགས་བྱས། རྫོང་ཨུའི་རྒྱུན་ཨུའམ་རྫོང་དཔོན་གཞོན་པ་བསམ་འགྲུབ་ཚེ་རིང་གིས་མཛད་སྒོར་གཙོ་སྐྱོང་གནང་།

1.jpg

2.jpg

3.jpg

4.jpg

ཀྲའོ་ཅིན་གྱིས་རྫོང་ཨུའི་ཧྲུའུ་ཅི་ཧོ་པིན་གྱི་མངགས་བཅོལ་ལྟར། མདོ་ལ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ནས་ལས་གཞི་གཅིག་སྡུད་ལས་མགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས། དུས་ཡུན་རིང་པོར་མདོ་ལའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་མགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་གྲོགས་པོ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།  ཀྲའོ་ཅིན་གྱིས་བསྟན་དོན། འདས་ཟིན་པའི་ལོ་གཅིག་ནི་དཀའ་སྤྱད་འབད་བརྩོན་གྱི་ལོ་ཞིག་ཡིན་ལ། ཞིང་ས་ལ་ལར་ལོ་ལེགས་སྨིན་པའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་རིང་།  ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཡང་དག་མཛུབ་ཁྲིད་དང་། རྫོང་ཨུ་རྫོང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག   རྫོང་ཡོངས་ཀྱིས་ཞིང་ཨུའི“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ”། ཁུལ་ཨུའི“མཚོ་བྱང་ལྔ”། རྫོང་ཨུའི“འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་དེང་རབས་ཀྱི་མདོ་ལ་གསར་བའི”འཛུགས་སྐྲུན་དམིགས་ཚད་ལ་དམ་པོར་དམིགས་ནས། “ལས་གཞི་དམ་འཛིན་ནི་འཕེལ་རྒྱས་དམ་འཛིན་དང་། ལས་གཞི་ཆེན་པོ་དམ་འཛིན་ནི་འཕེལ་རྒྱས་ཆེན་པོ་དམ་འཛིན་བྱས་པ་ཡིན”པའི་འདུ་ཤེས་སྲ་བརྟན་དུ་བཏང་སྟེ། ལས་དོན་སྒྲུབ་ཚད་རྒྱ་བསྐྱེད་དང་ལས་དོན་ལམ་སྲོལ་གསར་གཏོད། དཀའ་ཁག་ཚོད་འཛིན་གཏོར་སྒྲོལ་བཅས་བྱས་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་བརླིང་གོ་རིམ་ལྡན་པ། མཁར་གྲོང་རྣམ་པ་མངོན་གསལ་མཐོར་འདེགས། འཕེལ་རྒྱས་སྒུལ་ནུས་སྔར་བས་ཤུགས་དྲག་དང་མི་དམངས་བདེ་རྩ་རྒྱུན་མཐུད་ཇེ་ལེགས་སུ་སོང་ཞིང་། སྲོལ་བཟང་སྤྱོད་ལེགས་དང་ལས་སྒྲུབ་ལས་གཏོད་ཁོར་ཡུག་སྔར་བས་ཇེ་བཟང་དུ་གྱུར། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་ལྡན་པའི་དེང་རབས་ཅན་གྱི་མདོ་ལ་གསར་བ་བསྐྲུན་པར་གོམ་སྟབས་བརྟན་པོ་སྤོས། ཀྲའོ་ཅིན་གྱིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་བའི”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་ཡིན། “ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཀྱི་འཛུགས་སྐྲུན་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བཅས་ཕྱོགས་གསུམ་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ”མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་དང་ཤུགས་འདོན་དུས་སྐབས་ཡིན་པས། ད་ལོའི་ལས་གཞི་ལེགས་པོར་འཛུགས་སྐྲུན་བྱེད་རྒྱུ་ནི་དོན་སྙིང་སྔར་བས་ལྕི་ཞིང་འགན་འཁྲི་སྔར་བས་གཏིང་ཟབ། དེ་རིང་། རང་རྫོང་གི་གཅིག་སྡུད་ལས་མགོ་ཚུགས་པའི་ལས་གཞི54ཡི་ནང་ཞིང་ཕྱུགས་དང་། རིག་གནས་ཡུལ་སྐོར། འགྲིམ་འགྲུལ། མཁར་གྲོང་འཛུགས་སྐྲུན་སོགས་ཁྱབ་ཁོངས་མང་པོར་ཚུད་ཡོད་ཅིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར10.98བཏང་ཡོད། ལས་གཞི་ཁག་དག་སྐུལ་འདེད་དང་ལག་བསྟར་བྱེད་པ་ནི་ལོ་འདིའི་ནང་མ་འཇོག་དང་ལས་གཞི་འཛུགས་སྐྲུན་གྱི“མགོ་ཡག་པོ་འཛུགས་པ”མངོན་འགྱུར་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཡིན་ལ། རང་རྫོང་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ནང་མགྱོགས་མྱུར་ཞུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གསར་བ་གསོག་འཇོག་ཐུབ་ངེས་ཡིན།  མདོ་ལའི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་དེ་ཕུལ་བྱུང་གྲུབ་འབྲས་ཀྱིས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་འཁོར70ལོན་པར་ལེགས་སྐྱེས་འབུལ།

5.jpg

        མཛད་སྒོའི་སྟེང་། རྫོང་སྡོད་ཁང་དང་ཡུལ་གྲོང་འཛུགས་སྐྲུན་ཅུའི་འགན་འཁུར་བ་དང་། བཟོ་སྐྲུན་ཚན་པའི་འཐུས་མི། ལྟ་སྐུལ་དོ་དམ་ཚན་པ་བཅས་ཀྱི་འཐུས་མིས་གཏམ་བཤད་སྤེལ་ཞིང་། རྫོང་ནགས་ལས་དང་རྩྭ་ཐང་ཅུ་ཡིས་ཕྱོགས་ཀ་བའི་ཚབ་བྱས་ཏེ་སྲིད་གཙང་དམ་བཅའ་བཞག་པ་དང་། རྒྱལ་ཁབ་གློག་དྲ་མཚོ་སྔོན་འཛུགས་སྐྲུན་ཀུང་སིས་བཟོ་སྐྲུན་ཚན་པའི་ཚབ་བྱས་ནས་སྲིད་གཙང་དང་ཁོར་ཡུག་སྲུང་སྐྱོང་གི་དམ་བཅའ་བཞག


མཉམ་སྤྱོད།