དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི“དཔུང་ཁག་གཉིས”འཛུགས་སྐྱོང་གི་སྐུལ་འདེད་ཚོགས་འདུ་འཚོགས།

2023-04-11 19:43:47   |   344

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ4ཚེས11ཉིན། མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི“དཔུང་ཁག་གཉིས”འཛུགས་སྐྱོང་གི་སྐུལ་འདེད་ཚོགས་འདུ་དང་ཁུལ་མེ་ཟོན་བདེ་འཇགས་ཨུ་ལྷན་གྱི་མཉམ་འབྲེལ་ཚོགས་འདུ་ཐེངས་གཉིས་པ་འཚོགས།  ཁུལ་ཨུའི་རྒྱུན་ཨུ་དང་། རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་མེ་ཟོན་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རིན་ཨ་ཁྱུང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་མེ་ཟོན་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ལས་ཁུངས་ཡོངས་དང་། རྫོང་སོ་སོའི་མེ་ཟོན་བདེ་འཇགས་ཨུ་ལྷན།  དེ་བཞིན་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན། མེ་ཟོན་གཙོ་གནད་ལས་ཁུངས་ཁག་གཅིག་གི་འགན་འཁུར་བ། དང་བླངས་མེ་ཟོན་མྱུར་ཞུ་སྟོབས་ཤུགས་ཀྱི་འཐུས་མི་བཅས་ཚོགས་འདུར་ཞུགས།

1.jpg

ཚོགས་འདུའི་ཐོག   ཁུལ་ཡོངས་ཀྱི“དཔུང་ཁག་གཉིས”འཛུགས་སྐྱོང་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། “དཔུང་ཁག་གཉིས”འཛུགས་སྐྱོང་གི་སྔོན་ཐོན་ལས་ཁུངས་དང་། མི་སྒེར། ཕུལ་བྱུང་དང་བླངས་མེ་ཟོན་མྱུར་གཏོང་མི་སྣར་གཟེངས་བསྟོད་བྱས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་ཆས་བཀོད་སྒྲིག་ལེགས་སུ་གཏོང་བ། འགྲོ་གྲོན་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་དུས་མཚམས་རྗེས་མའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས།

2.jpg

ཚོགས་འདུའི་ཐོག   2020ལོ་ནས་བཟུང་གོ་རིམ་ལྡན་པའི་ངང“དཔུང་ཁག་གཉིས”འཛུགས་སྐྱོང་ནུས་ལྡན་བྱས་པ་དང་། དཔུང་ཁག་གི་གྲུབ་ཚུལ་ལེགས་སྒྱུར་བྱས་པ།  སྒྲིག་ཆས་བཀོད་སྒྲིག་ལ་ཤུགས་སྣོན་བཏང་བ། འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་ནང་སྦྱོང་དང་རྒྱུན་རྣམ་ཅན་གྱི“དཔུང་ཁག་གཉིས”ཀྱི་འཕྲལ་སྡོམ་ནུས་པ་སྦྱོང་བརྡར་བྱས་ཏེ། མུ་མཐུད་དུ་གནོད་འཚེའི་གནས་ཚུལ་མྱུར་ཞུ་དང་འཕྲལ་སྡོམ་བརྡ་འཕྲིན་གཏོང་བའི་ཆུ་ཚད་ཇེ་མཐོར་བཏང་བ་མ་ཟད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ཁུལ་ཡོངས་ཀྱི་སྤྱི་ཚོགས་བརྟན་བརླིང་ལ་བྱས་རྗེས་འབུར་ཐོན་བཞག་ཡོད་པ་བསྟན། 

3.jpg

ཚོགས་འདུའི་ཐོག  རིམ་པ་ཁག་གི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས“དཔུང་ཁག་གཉིས”འཛུགས་སྐྱོང་དང་དཔུང་ཁག་གི་དོན་དངོས་ནུས་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ཁྱད་པར་དུ་དངོས་འཐབ་ལ་དམིགས་ནས་ཐབས་ཤེས་དངོས་འདོན་པ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། ཉམས་མྱོང་ཕུན་སུམ་ཚོགས་པ་དང་ལས་སྒོར་བྱང་ཆུབ་པའི་བཀོད་འཐབ་པ་ལེགས་འདེམས་བྱེད་དགོས་པ་མ་ཟད། ནང་ཁུལ་གྱི་གསོ་སྐྱོང་དང་སྤྱི་ཚོགས་ནས་བསྡུ་ལེན་བྱེད་པར་བརྟེན་ནས་འཕྲུལ་རྟ་རུ་ཁག་དང་སྐྱ་མི་རུ་ཁག བསྡུ་ལེན་སྒོས་སྔོན་སྐྱོད་མེ་ཟོན་རུ་ཁག་གི་གྲུབ་ཚུལ་ལེགས་སྒྱུར་བྱེད་དགོས། “འཕྲིན་གཏོང་བྱེད་ཐབས་སྣ་ཚོགས་ཕན་ཚུན་གསབ་རེས་དང་། གཏོང་སྐྱེལ་བྱེད་སྟངས་སྣ་ཚོགས་མཉམ་སྤྱོད”ཀྱི་སྤྱིའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། སྔོན་ཐོན་གྱི་འཕྲིན་གཏོང་ལག་རྩལ་དང་སྲོལ་རྒྱུན་གྱི་བྱེད་ཐབས་ཟུང་འབྲེལ་གྱིས་གནོད་འཚེའི་གནས་ཚུལ་སྙན་སེང་ཞུ་རྒྱུའི་འགན་ལེན་བྱེད་དགོས། སྲིད་གཞུང་ལ་བརྟེན་པ་དང་མང་ཚོགས་སྐུལ་སློང་བྱས་ཏེ་མཉམ་སྐྲུན་དང མཉམ་སྤྱོད་མཐའ་འཁྱོངས་བྱེད་པ། ཁུལ་རིམ་པའི་མེ་ཟོན་སྔོན་སྐྱོད་ཀྱི་འཕྲིན་གཏོང་ཡན་ལག་རུ་ཁག་སྟོབས་ཆེར་བཏང་ནས་སྡེ་ཚན་ཁག་དང་ལམ་ཐིག་ཁག་གི་དང་བླངས་མེ་ཟོན་མྱུར་བསྒྲགས་པ་དང་གནོད་འཚེའི་གནས་ཚུལ་ཆ་འཕྲིན་པའི་དཔུང་ཁག་གི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཅིག་གྱུར་བཀོད་འདོམས་བཀོད་གཏོང་དང་ནུས་ཆེའི་མཉམ་འབྲེལ་གྱི་ལས་རྣམ་མངོན་འགྱུར་བྱེད་དགོས་པ་བསྟན།

4.jpg

ཚོགས་འདུའི་ཐོག  རིམ་པ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་གཅིག་གྱུར་བཀོད་འདོམས་ཀྱི་བསམ་བློ་ཆགས་སུ་འཇུག་པ་དང། གཞོགས་འདེགས་དམ་ཟབ་དང་ཕྱོད་ཆེའི་འཁོར་སྐྱོད། ཐུན་མོང་སྐུལ་སྤེལ་བྱེད་པའི་མེ་ཟོན་སྔོན་སྐྱོད་རུ་ཆུང་དང་དང་བླངས་མེ་ཟོན་མྱུར་གཏོང་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་དགོས་པ་དང་།   རྫོང་སོ་སོས་ཐལ་དྲགས་ཆ་རྐྱེན་འོག་གི་འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་སྟོབས་ཤུགས་འཛུགས་སྐྱོང་བྱ་རྒྱུ་དེ་འཕྲལ་སྡོམ་རོགས་སྐྱོབ་ཀྱི་ལས་དོན་ཡོངས་ཀྱི་རྨང་གཞིའི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་གནས་བབ་ཐོག་བཞག་ནས་འགྲོ་གྲོན་འགན་ལེན་དོན་འཁྱོལ་ཧུར་ཐག་བྱེད་པ་དང་། དུས་ཐོག་ཏུ་འཕྲལ་སྡོམ་སྔོན་ཇུས་ལ་བཟོ་བཅོས་རྒྱག་པ། དུས་བཀག་ལྟར་འཕྲིན་གཏོང་ནང་སྦྱོང་སྒྲིག་འཛུགས་བཅས་བྱས་ཏེ། “སྡེ་ཚན་མང་པོ་དང་སྟོབས་ཤུགས་མང་པོའི”མཉམ་འབྲེལ་བཀོད་འདོམས་དང་མཉམ་འབྲེལ་བརྡ་གཏོང་གི་ནུས་པ་ཇེ་མཐོར་གཏོང་དགོས། རིམ་པ་སོ་སོའི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་འཕྲལ་སྡོམ་དང་འཕྲིན་གཏོང་སོགས་སྡེ་ཚན་གྱི་དཔུང་ཁག་སྒྲིག་འཛུགས་དང་། སྒྲིག་ཆས་དང་མ་ལག་ཕན་ཚུན་སྦྲེལ་མཐུད་ཐད་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་ཁེ་ལས་ཀྱི་འཕྲིན་གཏོང་འགན་ལེན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཤེས་ལྡན་མི་སྣ་དང་། ལག་རྩལ། སྒྲིག་ཆས་བཅས་མི་འདང་བ་ཁ་གསབ་བྱེད་པ་དང་། མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་ཀྱི་མཉམ་འགུལ་ལམ་སྲོལ་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཡོམ་འགོག་གེགས་སེལ་དང་འབྲུབ་འགོག་ཉེན་སེལ་སོགས་ཀྱི་ནང་སྦྱོང་གི་གོ་སྐབས་སྤྱད་དེ་མཉམ་འབྲེལ་འཕྲིན་གཏོང་འགན་ལེན་གྱི་མཉམ་སྡེབ་ནང་སྦྱོང་བྱེད་པ་དང་།འཕྲལ་སྡོམ་རོགས་སྐྱོབ་ཀྱི་འཕྲིན་གཏོང་འགན་ལེན་བྱ་བའི་དངོས་འཐབ་ནུས་པ་ཆེ་རུ་གཏོང་དགོས། རིམ་པ་སོ་སོ་དང་ཕྱོགས་ཁག་སོ་སོས་དཀའ་སྤྱད་དངོས་སྒྲུབ་ཀྱི་ངར་ཤུགས་རྒྱུན་འཁྱོངས་བྱས་ཏེ། “དཔུང་ཁག་གཉིས”འཛུགས་སྐྱོང་ལ་ཚད་བརྒལ་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁུལ་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ནུས་ཤུགས་འདོན་པ་དང། མགྱོགས་མྱུར་ངང“243”འཕེལ་རྒྱས་ཀྱི་བཀོད་པ་འཛུགས་སྐྱོང་དང་ “མཚོ་བྱང་ལྔ”འཛུགས་སྐྲུན་གྱི་རྣམ་པ་གསར་པ་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།